第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > ཇོ་མོ་གླང་མའི་མཐོ་ཚད་གསར་བ8848.86འདི་རེད།

ཇོ་མོ་གླང་མའི་མཐོ་ཚད་གསར་བ8848.86འདི་རེད།

2020年12月09日 17:56:50 访问量:419

རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་ཕན་ཚུན་འཕྲིན་ཡིག་སྤྲིངས་རེས་གནང་ནས། མཉམ་དུ་ཇོ་མོ་གླང་མའི་མཐོ་ཚད་གསར་ཤོས་སྨི8848.86ཡོད་པ་ཁྱབ་བསྒྲགས་གནང་། 

ཟླ12པའི་ཚེས8ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ནེ་པ་ལའི་ཙུང་ཐུང་པན་ཏ་ལི་དང་ཕན་ཚུན་འཕྲིན་ཡིག་སྦྲིངས་རེས་གནང་ནས་མཉམ་དུ་ཇོ་མོ་གླང་མའི་མཐོ་ཚད་གསར་ཤོས་ཁྱབ་བསྒྲགས་གནང་།
ཞི་ཅིན་ཕིང་གིས་བསྟན་དོན་ན་ནིང་ང་ཚོས་ཀྲུང་གོ་དང་ནེ་པ་ལའི་ཐུན་མོང་ཐོག་ཇོ་མོ་གླང་མའི་མཐོ་ཚད་གསར་ཤོས་ངོས་འཛིན་བྱ་རྒྱུ་ཡིན་ཚུལ་ཁྱབ་བསྒྲགས་བྱས་པ་རེད། ལོ་གཅིག་ལྷག་ཙམ་རིང་རྒྱལ་ཁབ་གཉིས་པོའི་ཚོགས་པས་དཀའ་ངལ་སྣ་ཚོགས་ཁྱད་གསོད་དང་ལས་དོན་ཏན་ཏིག་སྤེལ་ནས་མཐར་གོ་ལ་ཧྲིལ་བོའི་མཐོ་ཚད་ཀྱི་ཚད་གཞིར་གཞིགས་པའི་ཇོ་མོ་གླང་མའི་གངས་ངོས་ཀྱི་མཐོ་ཚད་གཏན་འཁེལ་བྱས་ཡོད་པ་རེད། དེ་རིང་ངས་ཙུང་ཐུང་པན་ཏ་ལི་དང་མཉམ་དུ་ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་པོའི་ཚབ་བྱས་ནས་འཛམ་གླིང་ཡོངས་ལ་ཇོ་མོ་གླང་མའི་མཐོ་ཚད་གསར་ཤོས་སྨི8848.86ཡོད་པ་དངོས་སུ་ཁྱབ་བསྒྲགས་བྱས་པ་ཡིན་ཟེར།
ཞི་ཅིན་ཕིང་གིས་བསྟན་དོན་ཇོ་མོ་གླང་མ་ནི་རྒྱལ་ཁབ་གཉིས་པོའི་མི་རབས་ནས་མི་རབས་བར་གྱི་མཛའ་གྲོགས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་གཉིས་པོས་འཛམ་གླིང་ཐོག་གི་རི་བོ་མཐོ་ཤོས་དེ་ཀྲུང་ནེའི་དབར་གྱི་ས་མཚམས་རི་བོ་དང“ཀྲུང་ནེའི་མཛའ་གྲོགས་རི་རྩེར”གཏན་འཁེལ་བྱས་ཡོད། དེ་རིང་ང་དང་ཁྱེད་གཉིས་ཀྱིས་མཉམ་དུ་ཇོ་མོ་གླང་མའི་མཐོ་ཚད་གསར་ཤོས་ཁྱབ་བསྒྲགས་བྱས་པ་ནི་དུས་རབས་ཀྱི་དོན་སྙིང་གལ་ཆེན་ལྡན་ལ། ཀྲུང་གོ་དང་ནེ་པ་ལའི་འབྲེལ་བ་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་ཆུ་ཚད་ཀྱང་གང་ལེགས་སྒོས་མཚོན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྱང་ནེ་པ་ལ་ཕྱོགས་དང་མཉམ་དུ། ཇོ་མོ་གླང་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ཚན་རིག་ཞིབ་འཇུག་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་ཐུན་མོང་གི་རྩ་ཆེའི་རྒྱུ་ནོར་དང་ཁྱིམ་གཞི་སྲུང་སྐྱོང་ཡག་པོ་བྱ་རྒྱུར་ཡིད་འཐད་ཡོད་ཟེར།
ཞི་ཅིན་ཕིང་གིས་ནན་གྱིས་བསྟན་དོན་ད་ལོ་ནི་ཀྲུང་ནེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ65འཁོར་བའི་ལོ་ཡིན་ལ། ཕྱོགས་གཉིས་པོས་ཐུན་མོང་ཐོག་འབད་བརྩོན་བྱས་པར་བརྟེན་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཉིན་བཞིན་ཆེ་རུ་ཕྱིན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་སྐུལ་འདེད་བཏང་བ་དང་ཧི་མ་ལ་ཡ་བརྒལ་བའི་ལངས་གཟུགས་ཕན་ཚུན་སྦྲེལ་མཐུད་ཀྱི་དྲ་རྒྱའི་བསམ་འདུན་མངོན་འགྱུར་བྱུང་ཡོད། ཀྲུང་གོ་དང་ནེ་པ་ལས་རྒྱལ་ཁབ་གཉིས་འཕེལ་རྒྱས་དང་དར་རྒྱས་ཀྱི་མི་རབས་ནས་མི་རབས་བར་མཛའ་མཐུན་ཡོང་བའི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་མདུན་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས། ཀྲུང་གོ་དང་ནེ་པ་ལ་རྒྱལ་ཁབ་གཉིས་ཀྱི་སྔར་ལས་དམ་པའི་ལས་དབང་ཐུན་མོང་ཚོགས་པ་མཉམ་དུ་བསྐྲུན་ནས་རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཟེར།
ཙུང་ཐུང་པན་ཏ་ལིས་འཕྲིན་ཡིག་ནང་བསྟན་དོན། ནེ་པ་ལ་དང་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་ཁྱིམ་མཚེས་ཡག་པོ་དང་། གྲོགས་པོ་ཡག་པོ། རོགས་ཟླ་ཡག་པོ་བཅས་ཡིན་པ་དང་། རྒྱལ་ཁབ་གཉིས་པོས་དཔལ་འབྱོར་འཕེལ་རྒྱས་དང་། ཕན་ཚུན་འབྲེལ་མཐུད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དེ་རྒྱལ་ཁབ་གཉིས་པོའི་ཁེ་ཕན་དང་མཐུན་ཡོད། ཇོ་མོ་གླང་མའི་རི་རྩེ་ནི་ནེ་ཀྲུང་སྲོལ་རྒྱུན་མཛའ་གྲོགས་ཀྱི་ཡུན་རིང་མཚོན་རྟགས་ཤིག་ཡིན། ངས་ཁྱེད་དང་མཉམ་དུ་ཇོ་མོ་གླང་མའི་མཐོ་ཚད་གསར་ཤོས་སྨི8848.86ཡོད་པ་ཁྱབ་བསྒྲགས་བྱས་པ་ཡིན། དེ་རིང་ཕྱོགས་གཉིས་པོས་ཐུན་མོང་ཐོག་ཇོ་མོ་གླང་མའི་མཐོ་ཚད་གསར་ཤོས་ཁྱབ་བསྒྲགས་བྱས་པར་ལོ་རྒྱུས་ཀྱི་དོན་སྙིང་ལྡན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ན་ནིང་ནེ་པ་ལར་རྒྱལ་དོན་འཚམས་འདྲི་གནང་ནས་ནེ་ཀྲུང་འབྲེལ་བ་དང་དེ་བཞིན་ཕྱོགས་གཉིས་པོའི་མཉམ་ལས་དུས་སྐབས་གསར་པར་སླེབས་རྒྱུར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་གིས་ཐུན་མོང་གི་ངོས་འཛིན་དོན་འཁྱོལ་བྱ་རྒྱུར་གཞོལ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཡོང་བ་བྱ་རྒྱུ་ཡིན་ཟེར།

“ཨ་མདོ་སྨྱན་གསར”གྱི་མིང“གངས་ལྗོངས་འཕྲིན་གསར”དུ་བསྒྱུར།

ཡོང་ཁུངས། གངས་ལྗོངས་འཕྲིན་གསར།

ཡིག་སྒྱུར་དང་རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源:新华社

翻译&责编:彭毛才旦

监制:杨本才让   总监制:刘增奎



编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心