第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > མཚོ་སྔོན་གྱིས་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་གསལ་ཐོ18བཏོན།

མཚོ་སྔོན་གྱིས་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་གསལ་ཐོ18བཏོན།

2020年11月30日 21:24:19 访问量:1270

མཚོ་སྔོན་ཞིང་ཆེན་གྱིས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གསལ་ཐོ18བཏོན་འདུག

ཉེ་ཆར། ཞིང་ཆེན་ཏང་ཨུའི་གཞུང་ལས་ཐིན་དང་ཞིང་ཆེན་སྲིད་གཞུང་གཞུང་ལས་ཐིན་གྱིས《སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་སྔར་ལས་ལྷག་པའི་སློབ་གསོ་སློབ་ཁྲིད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་རྒྱུའི་འབྲེལ་ཡོད་ལས་དོན་སྐོར་གྱི་བརྡ་ཐོ》བཏང་ནས་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གསལ་ཐོ18བཏོན་པ་རེད། སྤྱི་ཚོགས་ཡོངས་ཀྱིས་དགེ་རྒན་ལ་བརྩི་འཇོག་དང་སློབ་གསོར་མཐོང་ཆེན་བྱེད་པའི་འདུ་ཤེས་ཟབ་མོ་ཞིག་ཆགས་པར་བྱས་ཏེ། དགེ་རྒན་གྱིས་བློ་བདེ་བག་ཕེབས་དང་ཞེ་སེམས་ལྷོད་ལྷོད་ངང་སློབ་ཁྲིད་བྱེད་པར་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་དགོས།

དགེ་རྒན་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བའི་གསལ་ཐོ18ནི།
༠༡

རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་ཆོག་མཆན་མ་ཐོབ་པར་སློབ་གྲྭ་ཆུང་འབྲིང་དང་དགེ་རྒན་ལ་འབྲེལ་བ་ཡོད་པའི་ལྟ་ཞིབ་ཞིབ་བཤེར་དཔྱད་བསྡུར་གྱི་དཔྱད་ཞིབ་བྱེད་སྒོ་སྤེལ་མི་ཆོག

༠༢

རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་ཞིབ་བཤེར་ཆོག་མཆན་མ་ཐོབ་པར་ཆེད་དམིགས་ལས་དོན་སྣ་ཚོགས་དང་ཕུལ་བྱུང་དཔྱད་བསྡུར་སོགས་ཀྱི་བྱེད་སྒོའི་ནང་སློབ་གྲྭ་ཆུང་འབྲིང་དང་དགེ་རྒན་ཞུགས་སུ་བཅུག་མི་ཆོག

༠༣

དགེ་རྒན་ཁྲོམ་གཞུང་དུ་ལས་འགན་སྒྲུབ་པར་བཀོད་སྒྲིག་བྱས་མི་ཆོག་པ་དང་ཡོངས་ཁྱབ་ཞིབ་བཤེར་དང་བརྟག་དཔྱད་བྱེད་པའམ་ཡང་ན་དགེ་རྒན་གྱི་འགན་འཁྲི་དང་འབྲེལ་བ་མེད་པའི་ལས་ཀ་གཞན་དག་སྒྲུབ་མི་ཆོག

༠༤

ཞིབ་བཤེར་གཏན་འབེབས་མ་བྱས་པར་གསལ་ཐོའི་ནང་བཅུག་པའི་སློབ་གྲྭ་ཆུང་འབྲིང་ལ་ཁ་ཕྱོགས་པའི་སློབ་གྲྭར་དྲིལ་བསྒྲགས་དང་སློབ་གསོའི་བྱེད་སྒོ་སྤེལ་མི་ཆོག

༠༥

སྡེ་ཁག་གམ་ས་གནས་ཀྱིས་བཏོན་པའི་ཆེད་དོན་སློབ་གསོ་ནི། རྒྱལ་ཁབ་དང་ས་གནས་ཀྱི་བསླབ་གཞིའི་ནང་འདྲེས་པར་བྱ་རྒྱུ་གཙོ་བོར་འཛིན་དགོས་པ་དང་། རྩ་དོན་ཐོག་སློབ་ཚན་ལོགས་སུ་མི་འཛུགས་རྒྱུ། གཅིག་གྱུར་གྱིས་ཆེད་དོན་སློབ་གསོའི་སློབ་དེབ་དང་ཀློག་དེབ་རྩོམ་སྒྲིག་དང་འདེམས་སྤྱོད་བྱེད་རྒྱུ་རྩ་འཛུགས་བྱས་མི་ཆོག

༠༦

ཚོང་འགུགས་མ་འདྲེན་དང་ཁང་པ་བཤིག་སྤོ་སོགས་སྲིད་གཞུང་དང་དེའི་འབྲེལ་ཡོད་སྡེ་ཁག་གིས་འགན་འཁུར་དགོས་པའི་ལས་ཀ་རྣམ་པ་བསྒྱུར་ནས་སློབ་གྲྭ་ཆུང་འབྲིང་ལ་བགོ་འགྲེམ་བྱས་མི་ཆོག་ཅིང་། དགེ་རྒན་ལ་བཀའ་བཀོད་རང་བཞིན་གྱི་ལས་འགན་སྤྲོད་མི་ཆོག

༠༧

སློབ་གྲྭར་སློབ་མཚམས་འཇོག་ཏུ་བཅུག་ནས་སློབ་གྲྭའི་མི་ཤུགས་དང་ཁོར་ཡུག་བཙན་བཟུང་བྱས་ནས་ཞལ་འདེབས་བསྡུ་བ་དང་བྱ་དགའ་སྤྲོད་པ། རིག་རྩལ་འཁྲབ་སྟོན། དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོའམ་དགེ་སློབ་སྒྲིག་འཛུགས་བྱས་ནས་རྟེན་འབྲེལ་མཛད་སྒོ་དང་དུས་སྟོན་ལ་རྟེན་འབྲེལ་ཞུ་བའི་བྱེད་སྒོ་སྣ་ཚོགས་སྤེལ་མི་ཆོག་པར་མ་ཟད་རིག་རྩལ་ལེ་ཚན་གྱི་ལྟད་མོ་བ་ཡང་བྱེད་དུ་བཅུག་མི་ཆོག

༠༨

རྫོང་དང་ཞང(གྲོང་རྡལ་དང་ཁྲོམ་གཞུང)རིམ་པ་གཉིས་ཀྱི་སྲིད་གཞུང་གིས་སྲིད་གཞུང་གི་སློབ་མཚམས་མི་ཆད་པར་སློབ་གྲྭར་ཞུགས་ཚད་འགན་སྲུང་བྱེད་པའི་འགན་འཁྲི་གཙོ་བོ་དེ་སློབ་གྲྭ་དང་དགེ་རྒན་གྱི་སྟེང་ལ་བཙན་འགེལ་བྱེད་མི་ཆོག

༠༩

འོས་འགན་སློབ་གསོའི་དུས་རིམ་གྱི་སློབ་ལོ་རན་པའི་དབང་པོ་སྐྱོན་ཅན་གྱི་ན་ཆུང་བྱིས་པ་རྫོང་རིམ་པའི་ཆེད་མཁས་ཨུ་ཡོན་ལྷན་ཁང་གི་དཔྱད་དཔོག་མ་བརྒྱུད་པར་སློབ་གསོ་སྒོ་ཁར་བསྐྱལ་བའི་རིགས་ལ་གཏན་འཁེལ་བྱས་པ་ཡིན་ན། བྱེད་ཐབས་འོས་འཚམ་སྤྱད་དེ་སློབ་གྲྭར་ཞུགས་པར་ཁ་ཏ་སློབ་གསོ་བྱེད་པ་ལས། སློབ་གྲྭ་དང་དགེ་རྒན་སྒོ་རྩར་སློབ་ཁྲིད་བྱེད་པར་བཀོད་སྒྲིག་བྱས་མི་ཆོག

༡༠

སློབ་གསོའི་སྡེ་ཁག་གི་མོས་མཐུན་མ་ཐོབ་པར་སྡེ་ཁག་གཞན་དག་རང་འགུལ་ངང་སློབ་གྲྭར་བསྐྱོད་ནས་ཞིབ་བཤེར་མཛུབ་ཁྲིད་དང་བརྟག་ཞིབ་སོགས་ཀྱི་ལས་དོན་སྤེལ་མི་ཆོག

༡༡

སློབ་གྲྭ་དང་དགེ་རྒན་ལ་སྙན་ཐོའི་རེའུ་མིག་སྣ་ཚོགས་དང་སློབ་གསོ་དང་འབྲེལ་བ་མེད་པའི་དྲ་ཐོག་འདྲི་ཤོག་གི་བརྟག་དཔྱད་ཚད་ལེན་ཚོད་ལྟའི་བྱེད་སྒོ་སྣ་ཚོགས་འབྲི་དགོས་པའི་བླང་བྱ་བཏོན་མི་ཆོག

༡༢

རིམ་པ་གཅིག་མཚུངས་ཀྱི་ཏང་ཨུའི་ཞིབ་བཤེར་ཆོག་མཆན་མ་ཐོབ་པར་སྡེ་ཁག་གང་གིས་ཀྱང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་སྐོང་འཐེན་དང་གཡར་སྤྱོད་བྱས་མི་ཆོག ཆོག་མཆན་ཐོབ་པའི་རིགས་ཀྱིས་གཡར་སྤྱོད་དུས་ཡུན་དེ་རྩ་དོན་ཐོག་ལོ་ཕྱེད་ལས་བརྒལ་མི་ཆོག

༡༣

སློབ་གསོའི་སྡེ་ཁག་དང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གིས་ཁྲིམས་ལུགས་ཁྲིམས་སྲོལ་ལྟར་གསོ་སྦྱོང་བྱེད་པ་ཕུད། རྩ་དོན་ཐོག་དགེ་རྒན་སྒྲིག་འཛུགས་བྱས་ནས་སློབ་གསོ་དང་སློབ་ཁྲིད་མིན་པའི་ཐད་ཀྱི་གསོ་སྐྱོང་སྦྱོང་བརྡར་ལ་ཞུགས་སུ་བཅུག་མི་ཆོག་པ་དང་། དགེ་རྒན་ཆ་བསྡུ་ཡ་བསྡུ་བྱས་ནས་གྲངས་ཀ་ལོངས་ཐུབ་བྱས་ཏེ་འབྲེལ་བ་མེད་པའི་གསོ་སྦྱོང་ལ་བགོ་འགྲེམ་བྱས་མི་ཆོག

༡༤

བཙན་ཤེད་ཀྱིས་སློབ་གྲྭ་དང་དགེ་རྒན་གྱིས་ཏང་ཨུའམ་སྲིད་གཞུང་གིས་ཞིབ་བཤེར་ཐོ་འགོད་བྱས་མེད་པའི་དཔེ་དེབ་བཀོལ་སྤྱོད་དང་དཔེ་ཀློག་བྱེད་སྒོ། སློབ་སྦྱོང་རིགས་ཀྱིAppབཅས་གཏན་འགོག་བྱ་དགོས་ལ། སློབ་གྲྭ་དང་དགེ་རྒན་གྱིས་སློབ་གསོ་དང་འབྲེལ་བ་མེད་པའི་སྐད་འཕྲིན་སྤྱི་སྟེགས་སྣ་ཚོགས་ལ་དོ་ཁུར་དང་ཁྱེའུ་འཕྲིན་ཚོགས་པ། སྐད་འཕྲིན་ཚོགས་པ་སོགས་ཀྱི་ནང་ཞུགས་པར་བཙན་ཤེད་སྤྱོད་མི་ཆོག

༡༥

སློབ་གསོའི་སྡེ་ཁག་ཕུད། སྡེ་ཁག་གཞན་དག་གིས་བསྡུས་པའི་ཚོགས་འདུ་ལ་གཞི་རྩའི་ཐོག་སློབ་གྲྭ་དང་དགེ་རྒན་ཞུགས་དགོས་པའི་བླང་བྱ་འདོན་མི་རུང་། སློབ་གྲྭ་དང་དགེ་རྒན་ཞུགས་དགོས་ཚེ་ཏང་ཨུ་དང་སྲིད་གཞུང་ལ་སྙན་སེང་བཀའ་འཁྲོལ་ཞུ་དགོས། ཏང་ཨུ་དང་སྲིད་གཞུང་། སྡེ་ཁག་བཅས་ཀྱིས་སྐོང་ཚོགས་བྱས་པའི་སློབ་གསོའི་ལས་དོན་དང་འབྲེལ་བ་མེད་པའི་ཚོགས་འདུར་དགེ་རྒན་མངགས་རྒྱུ་གཏན་འགོག་བྱེད་དགོས།

༡༦
འབྲེལ་ཡོད་སྡེ་ཁག་གིས་སློབ་གྲྭ་ཆུང་འབྲིང་དང་དགེ་རྒན་ལ་དམིགས་པའི་གསར་སྐྲུན་བྱེད་སྒོ་སྣ་ཚོགས་སྤེལ་ན། སློབ་གསོའི་སྡེ་ཁག་གིས་ཞིབ་བཤེར་གཏན་འབེབས་དང་གནད་འགག་དམ་འཛིན་ནན་མོ་བྱེད་དགོས་ལ། ཟླ་སྒྲིལ་གཏོང་ཐུབ་པའི་རིགས་ཚང་མ་ཟླ་སྒྲིལ་གཏོང་བ་དང་མེད་པར་བཟོ་ཐུབ་པའི་རིགས་ཚང་མ་མེད་པར་བཟོ་དགོས།
༡༧

འབྲེལ་ཡོད་སྡེ་ཁག་དང་སྨན་བཅོས་ལས་ཁུངས། སྤྱི་ཕན་རང་བཞིན་གྱི་རྩ་འཛུགས་བཅས་ཀྱིས་སློབ་གྲྭ་ཆུང་འབྲིང་ལ་ཁ་ཕྱོགས་ནས་གཟུགས་པོར་བརྟག་དཔྱད་ཀྱི་བྱེད་སྒོ་སྤེལ་ན། སྔོན་ལ་སློབ་གསོའི་སྡེ་ཁག་གི་མོས་མཐུན་འཐོབ་དགོས་པར་མ་ཟད་བཀོད་སྒྲིག་ཀྱང་བྱ་དགོས། སྤྱིར་བཏང་དུ་སློབ་མ་གསར་བའི་སློབ་ཞུགས་ལུས་ཕུང་ལ་བརྟག་བཤེར་བྱེད་པའམ་ཡང་ན་ལོ་རེར་ཐེངས་གཅིག་ལ་རྒྱུན་ལྡན་གྱི་ལུས་ཕུང་ལ་བརྟག་བཤེར་བྱེད་པ་དང་ཟུང་འབྲེལ་བྱེད་དགོས་པ་ལས། ཡང་བསྐྱར་སློབ་ཁྲིད་བྱེད་མཚམས་བཞག་ནས་ལུས་ཕུང་ལ་བརྟག་བཤེར་བྱེད་མི་རུང་།

༡༨

ཏང་ཨུ་དང་སྲིད་གཞུང་། སློབ་གསོ་སྡེ་ཁག་གི་ཞིབ་མཆན་མོས་མཐུན་མ་ཐོབ་པར་སློབ་གསོ་སློབ་ཁྲིད་དང་འབྲེལ་བ་མེད་ལ་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་གྱི་ཁུར་པོ་ལྕི་རུ་གཏོང་བའི་དོན་ཚན་དང་བྱེད་སྒོ་གཞན་དག

“ཨ་མདོ་སྨྱན་གསར”གྱི་མིང“གངས་ལྗོངས་འཕྲིན་གསར”དུ་བསྒྱུར།

ཡོང་ཁུངས། གངས་ལྗོངས་འཕྲིན་གསར།

རྩོམ་སྒྲིག་འགན་ཁུར་བ། སངས་རྒྱས་ཚེ་རིང་།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源:青海日报

翻译&责编:桑吉才让

监制:杨本才让   总监制:刘增奎




编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心