第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > ཨ་མདོ་བརྙན་འཕྲིན་གྱི་ལོ་འཁོར40ལ་མཚོན་རྟགས་རི་མོ་སྡུད་བཞིན་འདུག

ཨ་མདོ་བརྙན་འཕྲིན་གྱི་ལོ་འཁོར40ལ་མཚོན་རྟགས་རི་མོ་སྡུད་བཞིན་འདུག

2024年07月13日 13:26:58 访问量:51


   2024ལོའི་ཟླ10བ་ནི། ཨ་མདོ་བརྙན་འཕྲིན་གཏོང་མགོ་ཚུགས་ནས་ལོ་འཁོར40ལོན་པའི་ལོ་ཡིན། ཨ་མདོ་བརྙན་འཕྲིན་གྱི་ལོ་ངོ40ནི། དཀའ་སྤྱད་འབད་འཐབ་ལ་རྔུལ་ཆུའི་ཟེགས་མ་འཕྱོ་བའི་ཡར་ཐོན་འབད་བརྩོན་གྱི་ལོ་ངོ40ཡིན་ལ།  ཨ་མདོ་བརྙན་འཕྲིན་གྱི་ལོ་ངོ40ནི། རྒྱལ་ཁའི་གླུ་སྒྲ་ལ་གྲུབ་འབྲས་ཀྱི་གཟི་བརྗིད་ཀྱིས་གཏམས་པའི་མཚར་སྡུག་གི་ལོ་ངོ40ཡིན། ལོ་ངོ40དོན་སྙིང་ཁྱད་པར་ལྡན་པའི་དུས་སྐབས་འདི་རྗེས་སུ་དྲན་པ་དང་། སྔར་ལས་ལྷག་པའི་སྒོ་ནས་བོད་སྐད་བརྙན་འཕྲིན་ལེ་ཚན་ཕུན་སུམ་ཚོགས་པར་བསྒྲུབས་ཏེ། བོད་འབྲེལ་ས་ཁུལ་གྱི་རྒྱ་ཆེའི་ལྟ་མཁན་ཡོངས་ལ་ཞབས་འདེགས་ལེགས་པོ་ཞུ་བ། ཨ་མདོ་བརྙན་འཕྲིན་གྱི་སྣང་བརྙན་བཟང་པོ་མུ་མཐུད་ནས་སྲུང་འཛིན་དང་ཁྱབ་སྤེལ་གང་ལེགས་བགྱི་ཆེད་སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་ཨ་མདོ་བརྙན་འཕྲིན་གཏོང་མགོ་ཚུགས་ནས་ལོ་འཁོར40ལོན་པའི་མཚོན་རྟགས་རི་མོ(logo)བསྡུ་རྒྱུ་ཡིན། 


གཅིག མཚོན་རྟགས་རི་མོ(logo)བསྡུ་བའི་དུས་ཡུན། 

བརྡ་སྦྱོར་སྤེལ་ཉིན་ནས2024ལོའི་ཟླ8པའི་ཚེས20ཉིན་བར། 

གཉིས། མཚོན་རྟགས་རི་མོ(logo)བསྡུ་ཡུལ། 

སྤྱི་ཚོགས་ཡོངས་ལ་ཁ་ཕྱོགས་ཏེ་ཨ་མདོ་བརྙན་འཕྲིན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཐུགས་ཁུར་བཞེས་མཁན་གྱི་ལས་རིགས་སོ་སོའི་མི་སྣ་ཡོངས། 

གསུམ། མཚོན་རྟགས་རི་མོའི(logo)རེ་འདུན། 

༡ བརྗོད་སྙིང་འབུར་དུ་ཐོན་ཅིང་གོ་དོན་ཟབ་མོ་ལྡན་དགོས། 

མཚོན་རྟགས་རི་མོའི(logo)བརྩམས་ཆོས་ལ་ཨ་མདོ་བརྙན་འཕྲིན་གཏོང་མགོ་ཚུགས་ནས་ལོ་འཁོར40ལོན་པའི་བརྗོད་དོན་འབུར་དུ་ཐོན་དགོས་པར་མ་ཟད། ཨ་མདོ་བརྙན་འཕྲིན་གྱི་མཚར་སྡུག་ལྡན་པའི་ལོ་འཁོར40འཕེལ་རྒྱས་ལ་ཕྱི་མིག་དང་། དུས་རབས་གསར་བའི་འོད་སྟོང་ལྡན་པའི་མདུན་ལྗོངས་ལ་རྒྱང་བལྟ། འཐབ་ལམ་གསར་བར་འབད་པས་བསྐྱོད་པའི་སྙིང་སྟོབས་ལ་བསྔགས་བརྗོད་བཅས་ཀྱི་གོ་དོན་ཐོན་དགོས། 

༢ རིས་དབྱིབས་སྟབས་བདེ་དང་ངོས་འཛིན་སླ་བའི་ཁྱད་ཆོས་ལྡན་དགོས། 

མཚོན་རྟགས་རི་མོའི(logo)བརྩམས་ཆོས་ལ་གསར་གཏོད་ཀྱི་སྲོག་དང་དབང་བོ་ཞུགས་དགོས་པར་མ་ཟད། རིས་དབྱིབས་སྟབས་བདེ་ཡང་གོ་དོན་ཟབ་མོ་ལྡན་ལ། ཁྱད་པར་བའི་མཐོང་སྣང་ཞིག་གིས་ཨ་མདོ་བརྙན་འཕྲིན་གྱི་ལོ་འཁོར40བརྗོད་དོན་མངོན་པར་སྟོན་དགོས། 

༣ གང་དུ་སྤྱད་ཀྱང་འཚམ་ལ་སྤྱོད་བདེ་བའི་ཁྱད་ཆོས་ལྡན་དགོས། 

མཚོན་རྟགས་རི་མོའི(logo)བརྩམས་ཆོས་དེ་ཨ་མདོ་བརྙན་འཕྲིན་གཏོང་མགོ་ཚུགས་ནས་ལོ་འཁོར40ལོན་པའི་མུ་འབྲེལ་བྱེད་སྒོ་སྣ་ཚོགས་ཀྱི་ཁྲོད་དུ་སྤྱད་པར་འཚམ་ཞིང་། པར་རིས་དང་བརྙན་ལམ། དཔེ་ཆ་སོགས་དྲིལ་སྒྲོག་སྨྱན་བྱད་གང་དུའང་སྤྱོད་བདེ་བ་ཞིག་ཡིན་དགོས། 

༤ ངེས་པར་གསར་རྩོམ་ཡིན་དགོས་པ། 

མཚོན་རྟགས་རི་མོའི(logo)བརྩམས་ཆོས་དེ་གཞན་གང་དུའང་སྤེལ་མྱོང་མེད་པའི་ཐོག་མའི་གསར་རྩོམ་ཡིན་དགོས་པར་མ་ཟད། རྒྱལ་ཁབ་ཀྱི་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གྱི་གཏན་ཁེལ་དང་མཐུན་ཞིང་སྤྱི་ཚོགས་ཀྱི་སྤྱི་བའི་ཁེ་ཕན་དང་མི་འགལ་བ་ཞིག་ཡིན་དགོས་ལ། བརྩམས་ཆོས་ཀྱི་བདག་དབང་དང་བཀོལ་སྤྱོད་ཀྱི་དབང་ཆ་ཨ་མདོ་བརྙན་འཕྲིན་ལ་དབང་དགོས། 
༥ མཚོན་རྟགས་རི་མོའི(logo)བརྩམས་ཆོས་དེ་སྤུས་ཚད་མཐོ་བའིJPGརྣམ་པའི་པར་རིས་ཡིན་དགོས་ལ། པར་རིས་ཀྱི་དྭངས་གསལ་ཚད600*600dpiཡན་ཡིན་དགོས། 
༦ ཞར་ལ་ཡི་གེ་སུམ་བརྒྱའི་ནང་ཚུན་གྱི་བརྩམས་ཆོས་འགྲེལ་བརྗོད་ཐུང་ཐུང་ཞིག་བསྐུར་དགོས། 

བཞི། བརྩམས་ཆོས་དཔྱད་འདེམ་བྱེད་ཐབས། 

༡ 2024ལོའི་ཟླ8པའི་ཚེས20ནས་ཟླ8པའི30བར་ལ། འབྱོར་ཡོད་པའི་མཚོན་རྟགས་རི་མོའི(logo)བརྩམས་ཆོས་དྲ་ཐོག་ལ་སྤེལ་ནས་འདེམ་ཤོག་འཕེན་པའི་ཐབས་ཀྱིས་དཔྱད་འདེམ་བྱ་རྒྱུ་ཡིན་ཅིང་། འདེམ་ཤོག་གི་མང་ཉུང་ལྟར་བརྩམས་ཆོས་གསུམ་རྟིང་མའི་དཔྱད་འདེམ་ལ་གདམ་རྒྱུ་ཡིན།
༢ རྟིང་མའི་དཔྱད་འདེམ་ལ་ཚུད་པའི་བརྩམས་ཆོས་གསུམ་ལ་ཨ་མདོ་བརྙན་འཕྲིན་ནས་དཔྱད་འདེམ་པ་རྩ་འཛུགས་ཀྱིས་རྟིང་མའི་དཔྱད་འདེམ་དང་མཇུག་འབྲས་ཁྱབ་སྒྲོག་བྱ་རྒྱུ་ཡིན། 

ལྔ། བྱ་དགའ། 

བདམས་ཐོན་བྱུང་བའི་བརྩམས་ཆོས་ཀྱི་ཇུས་འགོད་པ་ལ་གཟེངས་རྟགས་དཔང་ཡིག་དང་བྱ་དགའི་དངུལ་སྟེར་རྒྱུ་ཡིན་པར་མ་ཟད། ཨ་མདོ་བརྙན་འཕྲིན་གྱི་ལོ་འཁོར40དགའ་སྟོན་མཛད་སྒོའི་སྟེང་གདན་ཞུ་བྱ་རྒྱུ་ཡིན། 

དྲུག བརྩམས་ཆོས་སྐུར་སྟངས།

མཚོན་རྟགས་རི་མོའི(logo)བརྩམས་ཆོས་དེjpgརྣམ་པའི་ཡིག་ཆ་དང་། བརྩམས་ཆོས་འགྲེལ་བརྗོད་དམ་གསལ་བཤད་ཡི་གེ དེ་མིན་ཇུས་འགོད་པའི་མིང་དང་འབྲེལ་གཏུག་ཨང་གྲངས་སོགས་གསལ་བོར་བྲིས་ཏེ་བསྐུར་དགོས། 

སྐུར་ཡུལ་ཡིག་ཟམ། 487812****@qq.com

འབྲེལ་གཏུག་བྱ་ཡུལ། ཟླ་བ་གཡང་སྒྲོན། 

འབྲེལ་གཏུག་ཁ་པར། 183****4985



      2024年10月,安多卫视将迎来40周年华诞。四十年栉风沐雨,四十年春华秋实。为了纪念这一重要时刻,更好传承办好藏语节目,造福涉藏地区群众的使命任务,展示安多卫视形象。特向全社会公开征集安多卫视开播40周年标识(logo)。


一、征集时间   

发布征集之日起至2024年8月20日。

二、征集对象     

面向全社会,支持和关心安多卫视发展的各界人士。  

三、作品要求

1.主题鲜明,寓意深刻。设计作品要突出开播40周年元素,体现频道定位和发展历程,彰显频道特色,具有丰富的内涵。通过创意的构思将40周年与品牌形象相结合,展示安多卫视40年的辉煌历程及立足新时代奋进新征程的精神。

2.形式简洁,易于识别。设计作品创意新颖、构图简洁、寓意深刻,识别性强。鼓励参赛者发挥创新精神,设计独特而富有创意的logo,以与众不同的视角展现安多卫视40年的历程与成就。  

3.适应面广,易于使用。设计作品适合在安多卫视开播40周年系列活动中广泛使用,能较好适用于平面和网络宣传、出版物等。

4.作品必须为原创,未以任何形式发表过,不得违反国家有关法律法规的要求及社会公共利益。其著作权和使用权归安多卫视所有。

5.须提供矢量文件或高质量JPG格式图片,分辨率在600*600dpi以上。

6.附简要的内涵注释(300字以内)。

四、评选办法

1.2024年8月20日至8月30日,对投稿作品进行网上投票评选,根据投票数取前三进入终评。

2.由安多卫视组织评审委员会对参评作品进行评审,并公示评选结果。

五、奖励办法

对入选者颁发荣誉证书和奖金,并邀请参加安多卫视开播40周年活动。

六、投稿方式

标识(logo)作品:将设计标识(jpg格式)及设计说明(word格式)以(姓名+作品标题+联系方式)形式一并发送至邮箱487812****@qq.com

联 系 人:达娃央忠

联系电话:183****4985


  རྩོམ་སྒྲིག་པ། ཟླ་བ་གཡང་སྒྲོན།   དོ་དམ་པ། འགྱུར་མེད་རྡོ་རྗེ།

རྩོམ་སྒྲིག་འགན་འཁུར་བ། དཔལ་གོ

ལྟ་སྐུལ་བ། སྐལ་བཟང་རྡོ་རྗེ།

སྤྱིའི་ལྟ་སྐུལ་བ། བསོད་ནམས་རིན་ཆེན།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心