བོད་སྐད་བརྡ་ཆད་གསར་བའི་བྱ་བ་ལེགས་པོར་སྒྲུབ་པ་ནི་བོད་ལྗོངས་དང་བོད་འབྲེལ་ཁུལ་རྫོང་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ་དང་། རིག་གནས་ཀྱི་ངོས་འཛིན་གཅིག་མཐུན་ཡོང་བ་དང་རྒྱལ་ཁབ་གཅིག་གྱུར་ལ་སྲུང་སྐྱོང་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་སྡོད་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ། ཁ་ཕྲལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་དང་རྒྱལ་ཁབ་ཀྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་བདེ་འཇགས་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ལྡོག་མེད་བླང་བྱ་ཡིན་པས། དུས་རབས་གསར་བར་བོད་སྐད་ཀྱི་བརྡ་ཆད་གསར་བའི་ལས་དོན་ཇི་ལྟར་ལེགས་པོར་བསྒྲུབ་རྒྱུ་ནི་རྒྱལ་ཡོངས་ཀྱི་བོད་སྐད་ལས་དོན་པའི་མདུན་དུ་ལྷགས་པའི་ལས་འགན་གལ་ཆེན་དང་འགན་འཁྲི་གལ་ཆེན་ཞིག་རེད།
ཐེངས་འདིར་སྐུ་ཞབས་དགྲ་འདུལ་ཆེད་དུ་གདན་ཞུ་བྱས་ཏེ་དུས་བབ་གསར་བ་དང་ལས་འགན་གསར་བར་དམིགས་ནས་རྒྱལ་ཡོངས་ཀྱི་བོད་སྐད་བརྡ་ཆད་ཚད་གཞི་ཅན་གྱི་ལས་དོན་གྱི་གལ་ཆེའི་དོན་སྙིང་དང་ཐོབ་པའི་གྲུབ་འབྲས། དེ་བཞིན་ཇི་ལྟར་བྱས་ནས་རྒྱལ་ཡོངས་ཀྱི་བོད་སྐད་བརྡ་ཆད་ཚད་གཞི་ཅན་གྱི་ལས་དོན་ལེགས་པོར་བསྒྲུབ་རྒྱུའི་ཐད་གྲོས་བསྡུར་བྱས་པ་རེད། ཁོང་ནི་རྒྱལ་ཡོངས་བོད་སྐད་བརྡ་ཆད་ཚད་གཞི་ཅན་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་ཨུ་ཡོན་ནམ་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱིའི་ལས་འཛིན་པ་ཡིན།
ཡོང་ཁུངས། གངས་ལྗོངས་འཕྲིན་གསར།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་། སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།
原文来源:中国西藏网
翻译:杨本才让
责编:项吉当知
监制:杨本才让 总监制:刘增奎