第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > ང་དང་ངའི་བྱམས་ལྡན་གྱི་ཡུམ་ཆེན།༼མགོན་པོ་རྡོ་རྗེ། (ཆེ)དམའ་གསུམ་འཛིན་གྲྭ་གསུམ་པ།༽

ང་དང་ངའི་བྱམས་ལྡན་གྱི་ཡུམ་ཆེན།༼མགོན་པོ་རྡོ་རྗེ། (ཆེ)དམའ་གསུམ་འཛིན་གྲྭ་གསུམ་པ།༽

2023年06月20日 09:07:59 访问量:59 作者:共保多杰

མགོན་པོ་རྡོ་རྗེ། ཆེདམའ་གསུམ་འཛིན་གྲྭ་གསུམ་པ།  

གལ་ཏེ་མི་ཆེ་གེ་མོ་ཞིག་གིས་ང་ལ‘‘ཨ་རོག ཁྱོད་ལ་མཚོན་ནས་བཤད་ན། འཇིག་རྟེན་འདིར་ཆེས་བཀའ་དྲིན་ཆེ་བ་ནི་སུ་ཡིན’’ཞེས་དྲི་བ་ཞིག་བཏོན་ཚེ། ངས་དུས་ཚོད་སྐར་ཆ་གཅིག་ལའང་བསམ་བློ་མི་གཏོང་ཞིང་ཡིད་གཉིས་ཐེ་ཚོམ་མེད་པར་ཨ་མ་རེད་ཅེས་ལན་འདེབས་ངེས་ཡིན།

ང་རང་ཆེས་ཐོག་མར་ཆ་རྒྱུས་ཅི་ཡང་མེད་པའི་འཇིག་རྟེན་དུ་ངུ་ངག་གི་དབྱངས་རྟ་ཐོག་མར་འཐེན་དུས་སུ། ང་ནི་ཅི་ཡང་མི་ཤེས་ལ་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཤེས་པའི་ལྐུགས་པ་ཞིག ངོ་ཤེས་གཅིག་ཀྱང་མེད་པའི་འཁྱམས་པོ་ཞིག་དང་ཡེ་ནས་ཁྱད་མེད་མོད། འོན་ཀྱང་ཨ་མ་ཁྱེད་ཀྱིས་ཐབས་བརྒྱ་ཇུས་སྟོང་གིས་བུ་ཆུང་ང་རང་སྐོམ་དུ་མ་བཅུག ལྟོགས་སུ་མ་བཅུག་པར་ཁྱོད་ཀྱི་བྱམས་པའི་ལུས་དྲོད་ལ་སྦྱར་ཞིང་ལུས་བཅུད་འོ་མས་གསོས་པ་རེད། ངའི་ལུས་སྟེང་གི་མི་གཙང་བ་ཐམས་ཅད་ཁ་དང་ལག་པས་ཕྱིས་ཏེ་ང་ལ་ཟས་ཀྱི་ཕུད་བྱིན། གོས་ཀྱི་རྩེ་གཡོགས། དྲིན་ཆེན་པོས་ཉེ་བར་བསྐྱངས།

དུས་རྟག་ཏུ་བྱམས་པའི་འཛུམ་གྱིས་བསུ་བའི་དྲིན་ཆེན་ཨ་མ་ཁྱེད་ནི། འཇིག་རྟེན་འདིའི་སྟེང་གི་ངོ་ཤེས་ཐོག་མ་དང་དགེ་རྒན་ཐོག་མ་དེའང་ཡིན། ཟ་མི་ཤེས་པའི་ང་ལ་ཟ་ལུགས་དང་། འགྲོ་མི་ཤེས་པའི་ང་ལ་འགྲོ་ལུགས། གྱོན་མི་ཤེས་པའི་ང་ལ་གྱོན་ལུགས་སོགས་འཇིག་རྟེན་འདིའི་མི་ཤེས་ཐབས་མེད་ཀྱི་ཤེས་བྱ་ཐམས་ཅད་བརྩེ་བའི་སེམས། བྱམས་པའི་ངག་གིས་ང་ལ་རེ་རེ་བསྩལ་བ་ཡིན།

ངས་ནམ་རྒྱུན་བརྗེད་ཐབས་བྲལ་བའི་དོན་དག་དེ་ཡིད་ལ་དྲན་ཐེངས་རེར་རང་དབང་མེད་པར་མིག་ནས་ཆུ་མིག་བརྡོལ། དེ་ཡང་གནམ་གཤིས་བཟང་རྒྱུ་མེད་པའི་སྔ་དྲོ་ཞིག་ལ། ང་རང་གྲོགས་པོ་འགའ་དང་མཉམ་དུ་ཕྱི་ལ་རྩེད་དུ་སོང་བ་ཡིན། རྩེས་ནས་ཏོག་ཙམ་འགོར་རྗེས་གྲོགས་པོ་དེ་ཚོ་གུང་ཇ་འཐུང་དུ་བུད་སོང་། ང་རང་གཅིག་པུ་ཁེར་རྩེད་བྱས་ནས་བསྡད་པ་ན་གློ་བུར་དུ་སྤྲིན་ནག་འཁྲུགས་ཏེ་དྲག་ཆར་བབས་བྱུང་། ང་རང་མྱུར་མོར་ཡུལ་ལ་ལོག་འདོད་སྐྱེས་མོད། འོན་ཀྱང་འབྲུག་སྒྲ་ལྡིར་ལྡིར་དུ་གྲགས་བྱུང་བས་ང་རང་སྐྲག་ནས་ངུས་པ་ཡིན། ང་རང་ངུས་ནས་བསྡད་ཡོད་པའི་སྐབས་དེར། རྒྱང་རིང་ནས་བྲེལ་བྲེལ་འཚུབ་འཚུབ་ཀྱི་ངང་ནས་མི་ཞིག་བྱ་འཕུར་བ་ལྟར་ངའི་ཕྱོགས་སུ་རྒྱུགས་ནས་ཡོང་བཞིན་འདུག དེ་ནི་ཨ་མ་རེད། ཁོ་མོའང་མིག་ཆུ་བཞུར་ཞོར་ངུ་ངག་དང་བཅས‘‘མྱུར་དུ་ཡུལ་ལ་འགྲོ’’ཟེར། སྐབས་དེར་ངས་ཨ་མས་ང་ལ་བཅངས་བའི་བརྩེ་སེམས་ནི་རི་བོའི་གཏོས་དང་རྒྱ་མཚོའི་འཇིངས་ལྟར་དཔག་ཏུ་མེད་པ་ཞིག་ཡིན་པ་ཤེས་བྱུང་།

མཐར་བུ་ཆུང་ངས་དད་པའི་སོར་བཅུའི་པདྨོ་སྙིང་ཁར་སྦྱར་ནས་དྲིན་ཆེན་ཨ་མ་ཁྱེད་རང་ཚེ་ཐག་རིང་བའི་སྨོན་ལམ་འདེབས། བདེ་སྐྱིད་ལྡན་པའི་སྨོན་ལམ་འདེབས། ད་དུང་དྲིན་ཆེན་ཨ་མའི་སེན་མགོ་ཁྲག་དང་སེན་གཏིང་བརྣག་བྱས་ནས་བུ་ཆུང་ང་རང་ལ་རིག་གནས་སློབ་པའི་གོ་སྐབས་གནང་བར་བཀའ་དྲིན་ཆེ་ཞུ་ཞུ།།



主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青





编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心