第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > རང་བྱུང་གི་མཛེས་པ༼ཕྱུག་མཚོ་སྐྱིད།དམའ་གཅིག་འཛིན་གྲྭ་དང་པོ། ༽

རང་བྱུང་གི་མཛེས་པ༼ཕྱུག་མཚོ་སྐྱིད།དམའ་གཅིག་འཛིན་གྲྭ་དང་པོ། ༽

2023年06月20日 09:03:38 访问量:46 作者:秀措吉

ཕྱུག་མཚོ་སྐྱིད།དམའ་གཅིག་འཛིན་གྲྭ་དང་པོ།   

མེ་ཏོག

དཔྱིད་ཀྱི་བུ་མོས་འཕྱོར་སྒེག་གི་གོམ་སྟབས་སྒྱུར་བཞིན་མཉེན་ལྕུག་རྒྱ་ལྕང་གི་ཡལ་འདབ་དང་སྣ་བརྒྱའི་མེ་ཏོག་ལ་བྱིལ་བྱིལ་བྱེད་དུས་ངའི་ཕ་ཡུལ་ནི་མཛེས་སྡུག་གི་འཇིག་རྟེན་ཁྱད་པར་བ་ཞིག་གོ།།

ལྗོན་ཤིང་།

དཔྱིད་རླུང་ཁད་ཀྱིས་ལྡང་ཞིང་ཉི་འོད་བགས་ཀྱིས་འཕྲོས་ཏེ་གཡུ་ལོ་ཐགས་སུ་བཀྲ་བའི་ལྗོན་པ་རྣམས་དྲི་གཞོན་རླུང་གིས་བསྒུལ་ན།ཉམས་བརྒྱད་རྫོགས་པའི་གར་མཁན་མ་རྣམས་སྟར་ཕྲེང་བསྒྲིགས་ནས་བདག་གི་ཕ་ཡུལ་ལ་བསུ་མ་བྱེད་པ་དང་ཀུན་ནས་མཚུངས།

ཆུ་བོ།

ཡུན་རིང་གཉིད་དུ་ཡུར་བའི་རྩེ་ཆུ་སྔོན་མོ་ནི་འཁྱགས་རོམ་གྱི་སྦུབས་རྒྱ་ལས་གྲོལ་ཞིང་། གཡུ་འབྲུག་སྔོན་མོ་ཐང་ལ་ལྷུང་བ་དང་འདྲ་བར་གང་སར་རྒྱུ་བཞིན་ཡོད་པས། གཡུང་དྲུང་གི་རི་མོས་ཕ་ཡུལ་གྱི་བཞིན་རས་ལ་མཛེས་སྡུག་གི་སྣང་བརྙན་གསོན་པོ་ཞིག་ཕབ་པ་དང་མཚུངས།

རི་བོ།

རྒྱང་རིང་གི་མཐོ་དམའ་མི་སྙོམས་ཤིང་རྩེ་མོ་ནམ་མཁའི་དབྱིངས་སུ་ཟུག་པའི་ས་འཛིན་གྱི་རི་བོ་ཕྲེང་བསྒྲིགས་པའི་ཁྲོད་དུ། དབུ་རྩེ་གངས་ཀྱི་གཡོགས་ཤིང་བར་མཚམས་ནགས་ཀྱིས་བརྒྱན་ལ། འདབ་འོག་སྤང་ལྗོངས་ཀྱིས་བཟུང་བའི་བྲག་དཀར་ཆོས་བརྩིགས་རི་བོ་ནི་ཡུལ་མི་རྣམས་ཀྱི་སེམས་ཁོང་ན་དུས་གཏན་དུ་གསོན་ཡོད་དོ།།

2022ལོའི་ཟླ12པའི་ཚེས10ཉིན་གྱིགངས་རྒྱན་ན་ཆུང་ཚགས་པརསྟེང་བཀོད།



主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青




编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心