第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > སྙིང་སྟོབས་དང་ལག་ལེན།༼ཁ​བཙུན་ཐར་སྐྱིད། དམའ་གསུམ་འཛིན་གྲྭ་བདུན་པ།༽

སྙིང་སྟོབས་དང་ལག་ལེན།༼ཁ​བཙུན་ཐར་སྐྱིད། དམའ་གསུམ་འཛིན་གྲྭ་བདུན་པ།༽

2023年06月20日 08:59:35 访问量:53 作者:增太吉
​བཙུན་ཐར་སྐྱིད། དམའ་གསུམ་འཛིན་གྲྭ་བདུན་པ།
ཁ་བཤད་ཆུ་ཡི་ཝུ་བ། ལག་ལེན་གསེར་གྱི་ཐིགས་པ།ཟེར་བ་ནང་བཞིན། ཁ་བཤད་ལ་ལག་ལེན་དང་། ལག་ལེན་ལ་སྙིང་སྟོབས་མཁོ་བ་ནི་མི་བུ་སུ་ཞིག་འཕེལ་རྒྱས་ཀྱི་ལམ་ཁའི་མཐའ་ཟིན་ཐུབ་མིན་གྱི་འགག་རྩར་ཐུག་ཡོད། འཚོ་བའི་ཁྲོད་དཀའ་ཁག་ལ་འཕྲད་པ་ནི་རྒྱུན་མཐོང་གི་སྣང་ཚུལ་ཞིག་ཡིན་མོད། འོན་ཀྱང་མི་ལ་ལར་ཐེངས་གཅིག་ལ་དཀའ་ཁག་འཕྲད་པ་དེས་མུ་མཐུད་གོམ་པ་མདུན་དུ་སྤོ་བའི་སྙིང་སྟོབས་མེད་པར། དངངས་སྐྲག་དང་། བག་འཁུམ། ལེ་ལོ་དང་སྒྱིད་ལུག་སོགས་ཀྱི་དབང་དུ་སོང་སྟེ། ནམ་ཡང་རང་ཉིད་ནི་གཞན་གྱི་རྗེས་ཁོ་ནར་ལུས་དགོས་པའི་ལས་དབང་སྡུག་པོ་ཞིག་རང་གིས་རང་ལ་སྤྲོད་ཀྱིན་འདུག
ནམ་རྒྱུན་ང་ཚོས་བཟང་ངན་དང་རྒྱལ་ཕམ་སོགས་ལ་གདམ་གསེས་བྱེད་དགོས། དོན་དག་རེ་རེ་བཞིན་གདམ་གསེས་བྱེད་སྐབས་ང་ཚོ་དཀའ་སྡུག་ལ་མགོ་མི་སྒུར་བ་དང་། ང་རྒྱལ་དང་གཏི་མུག་གི་དབང་དུ་མི་འགྲོ་བའི་སྙིང་སྟོབས་ཤིག་ཅིས་ཀྱང་ཡོད་དགོས། སྙིང་སྟོབས་དེ་ལྡན་པ་ནི་ཕུགས་བསམ་མངོན་འགྱུར་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ཡིན།སྐྱེ་བོ་སུ་ཞིག་ལ་མཚོན་ནའངརང་ཉིད་རང་གི་མགོན་ཡིན་གྱི།། གཞན་ལྟ་སུ་ཞིག་མགོན་དུ་འགྱུར།། ཟེར་བ་ནང་བཞིན། རང་གིས་རང་ལ་སྙིང་ཕུར་གདབ་ཞོར་དཀའ་ངལ་དང་ཕམ་ཁ་རེ་རེ་ནི་འཚོ་བའི་ཉམས་མྱོང་དུ་བཟུང་ནས་རྒྱལ་ཁ་མདུན་དུ་བསུ་བའི་ལམ་ཁར་བརྒྱུགས་རྒྱུ་ནི་འུ་ཅག་གི་གསལ་བོར་ངེས་དགོས་མོད། འོན་ཀྱང་མཚམས་རེར་ང་ཚོའི་བྱ་བ་ལམ་ལྷོངས་མ་ཡོང་བའི་སྐབས་སུ་རེ་ཆད་དང་སེམས་ཤུགས་ཉམས་ནས་མགོ་བོ་ཐུར་དུ་དཔྱངས་པ་ལས་བྱ་བ་གང་དེའི་ཕམ་ཁའི་འབྱུང་རྐྱེན་དང་མཇུག་འབྲས་ལ་དབྱེ་ཞིབ་མི་བྱེད་པ་ནི་ཇི་འདྲའི་ཡིད་སྐྱོ་དགོས་པ་ཞིག་རེད་ཨང་། འཚོ་བའི་ཁྲོད་དཀའ་ངལ་ལ་འཕྲད་པ་ནི་རྒྱུན་མཐོང་གི་སྣང་ཚུལ་ཅིག་ཡིན་པས། ཕམ་ཁ་དང་དཀའ་ངལ་རེ་རེ་ནི་ལག་ལེན་དོན་འཁྱོལ་ཡོང་བའི་གསལ་བརྡ་རེ་རེ་ཅི་ལ་མིན།
ལག་ལེན་ནི་ཕུགས་བསམ་མངོན་འགྱུར་བྱེད་པའི་དངོས་བརྒྱུད་ཀྱི་གོ་རིམ་ཞིག་ཡིན།རང་དོན་དང་གཞན་དོན་གང་ཡིན་ཡང་མི་རྣམས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་དང་བྱེད་བཞིན་པའི་མཐའ་མཇུག་གི་དམིགས་ཡུལ་ནི་བདེ་སྐྱིད་ཀྱི་འཚོ་བའི་ཆེད་དུ་ཡིན་ངེས་ཏེ། ང་ཚོས་ཐོག་མཐའ་བར་གསུམ་དུ་ཤེས་དགོས་པ་ཞིག་ནི་ཕུགས་བསམ་ནི་རྨི་ལམ་གྱི་ཞིང་ཁམས་མིན་པར་མཛེས་སྡུག་གི་དོན་དངོས་ཡིན། ལག་ལེན་དོན་འཁྱོལ་དང་ཁ་བཤད་དོན་ལ་གནས་པ་ནི་ང་ཚོ་མིར་སྐྱེས་པའི་དོན་པོ་ཡིན་ལ། རྨང་གཞི་འདིའི་སྟེང་ནས་ང་ཚོས་མི་ཚེ་ལ་དབུ་ཁྱུད་འབྲི་དགོས།
དེ་བས། ཕུགས་བསམ་དང་རེ་སྨོན་ལ་མཁོ་བ་ནི་ལག་ལེན་དང་འབད་བརྩོན་ཡིན་པ་ལས་སྒྱིད་ལུགས་དང་ཕྱི་བཤོལ་མིན་པ་ང་ཚོས་ངེས་པར་ཤེས་དགོས།ལོ་རྒྱུས་ཀྱི་འཕེལ་ལམ་རིང་མོར་ཕྱིར་ལྟ་རེ་བྱས་ན། མཐོ་དཔོན་པོ་ནས་དམའ་སྤྲང་བོའི་བར་གང་ལ་བལྟས་ཀྱང་རྒྱལ་ཁ་དང་གྲུབ་འབྲས་ནི་དཀའ་བ་གདོང་གིས་བསུས་ནས་ཡར་རྒྱས་ཀྱི་ཐབས་ལམ་འཚོལ་མཁན་ལ་དབང་ཞིང་། ཕམ་ཁ་གྱོང་གུད་མང་དག་ནི་ལས་དབང་ཁོ་ནར་སྐྱབས་སུ་རེ་ཞིང་བྱ་བ་གང་དེར་བརྩོན་པའི་མཐའ་མ་འཁྱོངས་བར་རག་ལས་པས། མི་ཚེའི་བགྲོད་ལམ་རིང་མོར་དཀའ་བ་དང་དུ་ལེན་ཕོད་པའི་སྙིང་སྟོབས་ཤིག་ངེས་པར་ཡོད་དགོས་སོ།།
རྩོམ་ཡིག་འདི2023ལོའི་ཟླ4པའི་ཚེས20ཉིན་གྱིགངས་རྒྱན་ན་ཆུང་ཚགས་པར་སྟེང་བཀོད།


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青



编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心