第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > མདུན་བསྐྱོད་ཀྱི་སྤོབས་པ།༼རིན་ཆེན་སྒྲོལ་མ། དམའ་གསུམ་འཛིན་གྲྭ་བདུན་པ།༽

མདུན་བསྐྱོད་ཀྱི་སྤོབས་པ།༼རིན་ཆེན་སྒྲོལ་མ། དམའ་གསུམ་འཛིན་གྲྭ་བདུན་པ།༽

2023年06月20日 09:16:56 访问量:62 作者:仁青卓玛

རིན་ཆེན་སྒྲོལ་མ། དམའ་གསུམ་འཛིན་གྲྭ་བདུན་པ།

མི་ཚེ་ནི་མདུན་ནས་མདུན་དུ་རྒྱུག་པའི་ཆུ་བོ་དང་མཚུངས་ཤིང་། མི་རེ་རེར་རང་རང་གི་མདུན་དུ་བསྲིངས་པའི་ལམ་སྣེ་རེ་ཡོད། ལམ་སྣེ་དེར་བགྲོད་དུས་དཀའ་ངལ་དང་དཀའ་ཁག་མང་པོ་ཞིག་གདོང་གིས་བསུ་དགོས་ལ། ཐ་ན་བློ་ཕམ་དང་ངུ་སྐད་ཀྱང་ཤོར་དུ་འཇུག་སྲིད་མོད། ང་ཚོས་མདུན་སྐྱོད་ཀྱི་བགྲོད་ལམ་དུ་གོམ་འགྲོས་མི་འཁྱོལ་བར་རང་གིས་རང་ལ་ཡིད་ཆེས་དང་སྤོབས་པ་སྩོལ་དགོས།

མདུན་དུ་སྐྱོད་དུས་ང་ཚོས་མི་ཚེའི་བགྲོད་ལམ་ལ་ཁ་ཕྱོགས་སྟོན་མཁན་གྱི་བྱམས་ལྡན་ཕ་མ་དང་དགེ་བའི་བཤེས་གཉེན། ན་མཉམ་གྲོགས་པོ་དག་གི་ཤ་ཚ་ཞིང་སྙིང་ཉེ་བའི་གསུང་ངག་བདུད་རྩིའི་ཐིགས་པ་རེ་རེ་དང་། རྒྱབ་ལངས་གཞོགས་འདེགས་ཀྱི་བསོད་བདེའི་འོག་ནས་རང་ཉིད་རང་གི་མགོན་དུ་འགྱུར་བར་ཅིས་ཀྱང་བརྩོན་དགོས་ལ། གསེར་སྲང་སྟོང་གིས་ཉོ་བར་མི་ནུས་པའི་ཆུ་ཚོད་སྐར་ཆ་རེ་རེ་དམ་འཛིན་བྱེད་པ་ནི་རྒྱལ་ཁ་དང་གྲུབ་འབྲས་ཐོབ་པའི་དངོས་རྒྱུ་ཡིན་པ་ངོས་ཟིན་དགོས། འཚོ་བའི་ཁྲོད་ཀྱི་དོན་དག་ཆེ་མ་ཆུང་གསུམ་གང་ཡིན་རུང་དེ་ལ་གདོང་གཏོད་པའི་ངར་ཤུགས་དང་དཔའ་གདེང་དགོས་པ་ལས། བློ་ཕམ་ཡི་ཆད་དང་རེ་འཁང་གི་ངང་དུ་ལ་རྒྱའི་མགོ་བོ་འདེགས་པའི་གོ་སྐབས་ཕྲ།

འཁོར་བའི་འཇིག་རྟེན་འདི་ནས་མཚམས་ལན་རེར་དགོས་པའི་ལས་ལའང་སུན་སྣང་སྐྱེ་སྲིད་ལ། ཐ་ན་ཕུགས་འདུན་ཟབ་མོ་དང་དམ་བཅའ་བརྟན་པོ་དེའང་ཡལ་བར་བོར་ཞིང་། མདུན་སྐྱོད་ཀྱི་སྟོབས་དང་བརྩོན་པའི་རྒྱུན་ཆད་འགྲོ་བའི་སྐབས་ཀྱང་ཡོད་སྲིད་མོད། རྨོངས་གཉིད་ལས་སད་པ་ལྟར་མགོ་བོ་ཡར་དགྱེ་ནས་རྒྱལ་ཁའི་ཐབས་འཚོལ་བ་ལས་ཕམ་ཁའི་ཟླར་ལངས་མི་རུང་། མི་སུ་དང་གང་ལའང་རང་ཆོས་སུ་གྲུབ་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་འཇོན་ནུས་ལྡན་ཏེ། ནམ་རྒྱུན་ང་ཚོའི་ཉེ་འཁོར་དུ་མཐོན་པོའི་ཁྲི་ལ་འགྱིང་བའི་དཔོན་པོ་དང་། གླེགས་བམ་སྐེད་ལ་བཅིངས་པའི་མཁས་ཆེན། ཚན་རྩལ་ལས་ལ་བྱང་བའི་འཇོན་མི། སྒྱུ་རྩལ་ལས་ལ་མཁས་པའི་མི་སྣ་གྲགས་ཅན་མང་པོ་ཞིག་ཡོད་པ་འདི་དག་ནི། ང་ཚོས་རང་ཉིད་མཐོང་བྱེད་ཀྱི་མེ་ལོང་ཡིན། དེ་དག་ལ་ཁ་མིག་ཡར་ལྟོས་ཀྱིས་མི་ཚེའི་ཀྱག་ཀྱོག་གི་བརྒྱུད་ལམ་རིང་མོ་འདིའི་མཐར་སོན་པར་ཡང་ཡང་ས་ལ་འགྱེལ་ན་ཡང་ཡང་ཡར་ལངས་ཐུབ་པའི་སྙིང་གཟེར་གདབ་དགོས།

རྒྱལ་ཕམ་ནི་འཁོར་བའི་ཆོས་ཉིད་དུ་གྲུབ་པ་ལགས་ན། རྒྱལ་ཕམ་གང་བྱུང་རུང་གཙོ་བོ་དེ་ནི་རང་ཉིད་ཀྱི་ཉམས་མྱོང་གསོན་པོར་ངེས་པས། ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན་ཟེར་བ་དོན་ལ་གནས་པ་ངེས་པར་གྱིས། དུས་རྟག་ཏུ་མདུན་སྐྱོད་ཀྱི་གོམས་གཤིས་ཡག་པོ་རྒྱུན་སྐྱོང་ཐུབ་ན་ད་གཟོད་ཕུགས་བསམ་མངོན་འགྱུར་གྱི་ཐེམ་སྐས་དེ་བདེ་འགྲོའི་ལམ་དུ་བཙུགས་པ་ཅི་ལ་མིན། ད་དུང་ཡར་རྒྱས་ཀྱི་རྩ་བ་འདི་འཚོ་བའི་གོམས་གཤིས་ཁྲོད་ཀྱི་འཆར་གཞི་ལེགས་པོ་ཞིག་བཟོ་ཐུབ་མིན་ལའང་འབྲེལ་བ་དམ་དུ་ཆགས་ཡོད། ཉི་མ་རེ་རེའི་འཚོ་བ་ནི་ཡིད་ཆེས་དང་རེ་སྨོན་གྱིས་བཏེགས་ཏེ་དུས་ཚོད་དམ་འཛིན་དང་། མིག་མདུན་གྱི་འོས་བབས་ཆུང་ས་ནས་ཡོངས་འགྲུབ་འབྱུང་བར་འབད་དགོས།

ད་ནི་བུ་མོ་ང་ལ་མཚོན་ནའང་། དམའ་འབྲིང་ལོ་རིམ་གསུམ་པ་སློབ་མཐར་ཕྱིན་ལ་ཉེ་ཞིང་། འབྲིང་རྒྱུགས་ཞེས་པའི་འཐབ་ར་ནས་ཅིས་ཀྱང་རྣམ་པར་རྒྱལ་བའི་དཔའ་སྤོབས་དང་ཆོད་སེམས་བརྟན་པོར་བཅངས་ཡོད། ང་དང་ང་འདྲ་བའི་འབྲིང་རྒྱུགས་དང་མཐོ་རྒྱུགས་སོགས་མི་ཚེའི་དཀྱོགས་མཚམས་གལ་ཆེན་རེ་བརྒལ་དགོས་པའི་སློབ་གྲོགས་དག་གིས་སྤོབས་པའི་དཔའ་མི་ཞུམ་པ་དང་དཀའ་བའི་ཚེགས་ལ་མི་འཛེམ་པར། རང་རང་གི་ཕུགས་འདུན་གྱི་སླད་དུ། དུས་ཚོད་ཀྱི་འཆར་གཞི་ལེགས་ཤིང་བརྩོན་འགྲུས་ཀྱི་ཕ་མཐའ་ཆོད་པའི་དམ་བཅའ་མ་བོར་ཚེ། རྒྱུ་གང་བྱས་ལ་འབྲས་བུ་ཆུད་མི་ཟ་བ་གདོན་མི་ཟའོ།།

  《རྨ་ལྷོ་བོད་ཡིག་ཚགས་པརརྩོམ་སྒྲིག་ཁང་གིས་བསྒྲུབས་པའི་རྨ་ལྷོ་ཁུལ་ཡོངས་ཀྱི་ཆུང་འབྲིང་སློབ་མའི་ལྷུག་རྩོམ་འགྲན་སྡུར་དུ་ཚུད་རྗེས་ཡང་བསྐྱརགངས་རྒྱན་ན་ཆུང་ཚགས་པརསྟེང་བཀོད།


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心