第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > ངའི་དཔེ་ཁང་དང་ཕུགས་བསམ།༼བཀྲ་ཤིས་སྐྱིད། དམའ་གཉིས་འཛིན་གྲྭ་བདུན་པ།༽

ངའི་དཔེ་ཁང་དང་ཕུགས་བསམ།༼བཀྲ་ཤིས་སྐྱིད། དམའ་གཉིས་འཛིན་གྲྭ་བདུན་པ།༽

2023年06月20日 11:58:53 访问量:56 作者:扎西吉

བཀྲ་ཤིས་སྐྱིད།  དམའ་གཉིས་འཛིན་གྲྭ་བདུན་པ།

ཕུགས་བསམ་ནི་མིའི་རིགས་ཀྱི་གཤོག་སྒྲོ་ཡིན་མོད་འོན་ཀྱང་ངའི་ཕུགས་བསམ་ནི་དཔེ་ཁང་ཆུང་ཆུང་དེ་ནས་དཔེ་ཆའི་རྒྱ་མཚོའི་ནང་ནས་སྐྱེས་པ་ཡིན།

དཔེ་དེབ་ནང་“དཔེ་ཆའི་ནང་གི་མཛེས་པ་གཡུ་དང་འདྲ། དཔེ་ཆའི་ནང་དུ་གསེར་གྱི་ཁང་བ་ཡོད།”ཟེར་བའི་དཔེ་ཡོད། འོན་ཀྱང་དཔེ་དེབ་ཁང་ཆུང་ཆུང་ཞིག་གིས་མི་ག་ཚོད་ཀྱི་ཕུགས་འདུན་མཚོན་གྱི་ཡོད་དམ། ངའི་ཨ་མྱེས་ཀྱི་ཁྱིམ་དུ་འདི་ལྟ་བུའི་དཔེ་ཁང་ཆུང་ཆུང་ཞིག་ཡོད། དཔེ་དེབ་ཁང་ཆུང་ཆུང་དེ་ཉམས་ཆག་རེད་ཅེས་བརྗོད་མི་རུང་ལ་མཛེས་ཤིང་བརྗིད་ཆགས་པ་ཞིག་ཀྱང་རེད་ཅེས་བརྗོད་མི་རུང་། འོན་ཀྱང་སྟབས་བདེ་བབ་ཆགས་དང་སྣག་ཚའི་དྲི་ཞིམ་ཕྱོགས་བཞིར་འཐུལ་བར་བརྩིས་ཆོག དཔེ་ཁང་ཆུང་ཆུང་དེའི་ནང་དུ་ངས་དཔེ་ཆ་དང་འགྲོགས་པའི་སྤྲོ་སྐྱིད་ཀྱི་ལོ་ཟླ་མང་པོ་ཞིག་རོལ་བ་ཡིན།

དཔེ་དེབ་ཁང་ཆུང་ཆུང་གི་སྒོ་ཆེན་ཕྱེ་ནས་"་ཀ་སྒྲ་"་གྲགས་པ་དང་མུ་མཐའ་མེད་པའི་དཔེ་དེབ་ཀྱི་རྒྱ་མཚོ་མིག་ལམ་དུ་འཆར་བ་དང་ཤིང་གི་དཔེ་སྒྲོམ་དང་དཔེ་སྒྲོམ་གྱི་དཀྱིལ་དུ་འབོལ་ཁྲི་ཡོད་པ་དང་རྐུབ་སྟེགས་ཁ་ཤས་དེ་ཙམ་ཆེན་པོ་མེད་པའི་དཔེ་སྒྲོམ་ཞིག་གི་འགྲམ་དུ་དམ་པོར་བསྙེས་ཡོད་པ་དང་། ཉི་འོད་ཁ་ཤས་སྒེའུ་ཁུང་གི་སྐུད་པ་བརྒྱུད་ནས་དཔེ་དེབ་ཐོག་འཕྲོས་ཡོད། དཔེ་དེབ་ཁང་ཆུང་ཆུང་ནང་རྟག་ཏུ་ངའི་གྲིབ་གཟུགས་མཐོང་རྒྱུ་ཡོད་པ་དང་ང་སྐབས་འགར་དཔེ་སྒྲོམ་ལ་བརྟེན་པ་དང་སྐབས་འགར་འབོལ་ཁྲིའི་ཐོག་སྡོད་པ་དང་སྐབས་འགར་སྒེའུ་ཁུང་གི་སྟེགས་བུའི་ཐོག་ལོག་ནས་སྐབས་འགར་གྱང་ཟུར་དུ་ཡིབ་ནས་སྡོད་ཀྱི་ཡོད། དཔེ་ཁང་ནང་ཧ་ཅང་ལྷིང་འཇགས་ཡིན་པས་སྐབས་འགར་ཅོང་བརྡ་ཕར་གཡོ་ཚུར་གཡོ་བྱེད་པའི་སྒྲ་གྲགས་ཡོང་། དཔེ་ཁང་ནང་དུ་དཔེ་ཆ་ཧ་ཅང་མང་། ཕལ་ཆེར་རིགས་གང་ཡང་ཡོད།

ཤེས་བྱ་ཀུན་བཏུས་དཔེ་དེབ་ཀྱིས་ང་ལ་འཚོ་བའི་ཁྲོད་ཀྱི་ཤེས་བྱ་མང་པོ་ཤེས་སུ་འཇུག་ཐུབ་པ་དང་། ཚན་རྩལ་དཔེ་དེབ་ཀྱིས་ང་ལ་དུས་རབས་ཐོག་མཐའ་བར་གསུམ་དུ་ཡར་རྒྱས་འགྲོ་བཞིན་པ་ཚོར་དུ་འཇུག་ཐུབ་པ་དང་། ལོ་རྒྱུས་དཔེ་དེབ་ཀྱིས་ཆིང་རྒྱལ་རབས་དར་རྒྱས་བྱུང་ནས་ཉམས་རྒུད་དུ་འགྲོ་བའི་བརྒྱུད་རིམ་ཤེས་སུ་འཇུག་ཐུབ། འོན་ཀྱང་དཔེ་ཆ་འདི་འདྲ་མང་པོའི་ཁྲོད་ནས་ང་རང་ཆེས་དགའ་ས་ནི་བྱིས་སྒྲུང་དཔེ་ཆ་ཡིན།

ངས་བྱིས་སྒྲུང་གི་དཔེ་ཆ་བཟུང་ཐེངས་རེར་ང་རང་མྱུར་དུ་གཏམ་རྒྱུད་ཀྱི་བྱུང་རིམ་གྱིས་ཡིད་དབང་འཕྲོག་པ་དང་། རང་ཉིད་གཏམ་རྒྱུད་ནང་གི་བྱུང་རིམ་དང་བསྟུན་ནས་བྱིས་སྒྲུང་གི་འཇིག་རྟེན་དུ་འཕུར་བ་དང་འདྲ། བྱིས་སྒྲུང་གི་འཇིག་རྟེན་དུ་སྐྱོ་གདུང་དང་སུན་སྣང་མེད་ལ་མི་ཡུལ་དུ་གནས་པའི་མཛེས་སྡུག་ཧ་ཅང་ཉུང་། བྱིས་སྒྲུང་ནང་གི་འཇིག་རྟེན་གྱི་མཛེས་སྡུག་ནི་ངའི་ཕུགས་བསམ་གྱི་སྒུལ་ཤུགས་ཡིན་ལ་དེས་ང་ལ་ཅི་ཞིག་ལ་བཟང་ངན་ཟེར་བ་དང་ཅི་ཞིག་ལ་བློ་བརྟན་འགྱུར་མེད་ཟེར་བ། ཅི་ཞིག་ལ་བློས་གཏོང་བ་ཟེར་བ་དང་ཅི་ཞིག་ལ་བཟོད་སྒོམ་ཟེར་བ་ཤེས་སུ་བཅུག་པ་རེད། ངས་ནམ་ཡང་བྱིས་སྒྲུང་ཁྲོད་ཀྱི་མཛེས་སྡུག་ལྡན་པའི་འཇིག་རྟེན་ལ་དམིགས་ནས་ཕུགས་བསམ་གྱི་ཆེད་དུ་འབད་པ་བྱེད་ངེས་ཡིན།

གླག་རྒོད་ཀྱིས་ནམ་མཁར་རེ་སྨོན་བྱེད་པའི་རྐྱེན་གྱིས་ཆུང་དུས་གཤོག་པ་ལྟེབ་ནས་གཡང་གཟར་ལ་ལྷུང་ཡང་འགྱོད་པ་སྤུ་ཙམ་ཡང་མེད། ཆུ་རྒྱུན་ནི་རྒྱ་མཚོ་ལ་རེ་སྨོན་བྱེད་པའི་རྐྱེན་གྱིས་བརྒྱ་འཁོར་སྟོང་འཁོར་བྱས་ཀྱང་ལམ་གང་བོར་གླུ་དབྱངས་ལེན་བཞིན་ཡོད། མྱུ་གུས་ཉི་མར་རེ་སྨོན་བྱེད་པའི་རྐྱེན་གྱིས་རྡོ་མཁྲེགས་པོས་བཀག་འགོག་བྱས་ཀྱང་སྐྱེ་འཚར་རྒྱུན་འཁྱོངས་བྱེད་པ་རེད། ང་ཚོས་ཕུགས་བསམ་ལ་རེ་སྙེག་བྱེད་པའི་རྐྱེན་གྱིས་ལམ་བར་ནས་འགྱེལ་རུང་ཡར་ལངས་ནས་མདུན་དུ་སྐྱོད་དགོས།

ངས་རྨི་ལམ་ཡག་པོ་ཞིག་རྨིས་བྱུང་། ཉི་མ་གསེག་ནས་དཔེ་ཁང་ཆུང་ཆུང་ཞིག་གི་ནང་དུ་འཕྲོས་བྱུང་ལ་འབོལ་ཁྲི་སྙི་མོ་དང་ཤིང་གི་པང་གཅལ་རྙིང་བ་གང་ཡིན་རུང་མི་ལ་འཁྲུལ་སྣང་ཞིག་སྐྱེས་སུ་འཇུག་སྲིད། ཕལ་ཆེར་དུས་ཡུན་རིང་བོའི་ཆུ་རྒྱུན་རིང་མོའི་ཁྲོད་དུ་དྲོད་ཁོལ་འདི་གཅིག་པུ་ལྷིང་འཇགས་ཡིན་པ་འདྲ། འབོལ་ཁྲིའི་མཐའ་འཁོར་དུ་དཔེ་ཆ་མང་པོ་བསྐོར་ཡོད་པ་ལས་གང་འདོད་དུ་དཔེ་ཆ་གཅིག་བླངས་རུང་སེམས་ལྷོད་ལ་བབས་ནས་དཔེ་ཀློག་བྱེད་ཐུབ། འདི་རུ་སྐར་མ་རེ་རེ་དང་སྐར་ཆ་རེ་རེ་ནི་ཧ་ཅང་དལ་ལ། དུས་ཚོད་གཏན་འཇགས་སུ་སྡོད་པ་དང་ཀུན་ནས་མཚུངས།

ངའི་དཔེ་ཁང་དང་ངའི་རྨི་ལམ། ངའི་ནང་སེམས་ལ་སྔར་ལས་བྱུང་མ་མྱོང་བའི་ཡིད་ཆེས་དང་སྤྲོ་སྣང་གིས་ཁེངས་ཡོད།



主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青
编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心