第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > ལོ་ཟླ་ནི་ཆུ་བོ་བཞིན།༼ལྷ་དཀར་འབུམ། དམའ་གསུམ་འཛིན་གྲྭ་བརྒྱད་པ།༽

ལོ་ཟླ་ནི་ཆུ་བོ་བཞིན།༼ལྷ་དཀར་འབུམ། དམའ་གསུམ་འཛིན་གྲྭ་བརྒྱད་པ།༽

2023年06月20日 09:12:44 访问量:54 作者:拉格本

ལྷ་དཀར་འབུམ། དམའ་གསུམ་འཛིན་གྲྭ་བརྒྱད་པ།

ལོ་ངོ་གསུམ་གྱི་དམའ་འབྲིང་གི་ལོ་ཟླའི་བཞུར་རྒྱུན་ནི་ལྡོག་མེད་ཀྱི་ཆུ་བོ་ཞིག་དང་འདྲ་བར་མདུན་ནས་མདུན་དུ་བསྐྱོད་བཞིན། ད་ནི་དམའ་འབྲིང་གི་ལོ་ཟླ་ལ་རྫོགས་ཚིག་འགོད་རན་སོང་། ཕྱིར་འདང་ཞིག་བརྒྱབ་ན། འདས་སོང་གི་ལོ་ཟླ་ནི་རྨི་ལམ་དང་འདྲ་བར་མིག་རྡེབ་དབང་ཙམ་གྱིས་ང་ཚོའི་མངར་སྐྱུར་ཁ་གསུམ་གྱི་འཚོ་བའི་གྲིབ་གཟུགས་དག་འཕྲོག་སྟེ། རྒྱང་རིང་གི་ཡུལ་དུ་བྲོས་སོང་བས། ཤུལ་དུ་ལྷག་པ་ནི་ཕངས་སེམས་དང་གྱེས་གདུང་གི་ཕྱིར་དྲན་རེ་རེ་ཡིན།  ཡིན་ན་ཡང་རྫོགས་ཟིན་པའི་ལོ་ཟླ་དག་རྒྱུགས་རྩལ་ར་བ་ཞིག་ཏུ་ཆགས་བཞག་ཚེ། གནས་དེ་ན་ང་ཚོ་མི་རེ་རེའི་ཞབས་རྗེས་བཞག་ཡོད་ཅིང་། སྐྱོ་བའི་མིག་ཆུ་དང་དགའ་བའི་དགོད་སྒྲའང་མི་ཉུང་བ་ཞིག་བཞག་མྱོང་།  གནས་དེ་ན་དགོད་པོ་དབྱིངས་སུ་ལྡིང་བ་ལྟ་བུའི་ངར་རྩལ་དང་།  རྟ་མཆོག་བང་གིས་རྒྱུགས་པ་ལྟ་བུའི་བརྩོན་འགྲུས།  ཉ་མོ་ཆུ་ལ་འཁྱུག་པ་ལྟ་བུའི་བདེ་སྐྱེན་ཅན་གྱི་ན་གཞོན་སྐོར་ཞིག་གི་སྣང་བརྙན་བཞག་ཡོད་ལ། མདོར་ན། གནས་དེ་ན་ང་ཚོ་ལ་ངོམ་ཆོག་ཆོག་གི་རྒྱལ་ཁའི་རྟགས་མ་ཡོད་ལ། གནས་དེ་ན་ང་ཚོ་ལ་ཞེ་སྡུག་པའི་ཕམ་ཁའི་བྲོ་བ་མེད་པ་ཡང་ག་ལ་སྲིད། གནས་དེ་ནི་བདག་ཅག་ལ་མཚོན་ན་འཚོ་བའི་བཤུལ་ལམ་འགྲིམས་པའི་ས་ཚིགས་དང་པོ་ཡིན་ལ།  མི་ཚེའི་འགྲུལ་བཞུད་ཀྱི་དཀྱོགས་མཚམས་ཤིག་ཀྱང་ཡིན་ནོ།།

ལོ་ངོ་གསུམ་གྱི་སྔོན་ལ། འོ་སྐོལ་ཚོ་དམིགས་མདུན་གཅིག་གི་དོན་དུ་ཡུལ་ཕྱོགས་སོ་སོ་ནས་ལས་ཀྱིས་སྒྲུབ་པ་སྣང་བཞིན་རིག་པའི་གླིང་ཀ་འདི་རུ་མཉམ་དུ་འཛོམས་ཏེ། ཐུན་མོང་གི་འཛིན་གྲུ་འདི་གྲུབ། འོན་ཀྱང་། དེ་རིང་དེ་དག་ལ་རྫོགས་ཚིག་འགོད་དགོས་བྱུང། གྱེས་གདུང་གི་སྐྱོ་བ་དེས་སེམས་ལ་ཟུག་གཟེར་སློང་ཞིང་། འབྲལ་མི་འདོད་པའི་བརྩེ་བས་ཕན་ཚུན་དམ་དུ་སྦྲེལ། ཤེས་བྱའི་རྒྱལ་ཁམས་འགྲིམས་པའི་ལམ་བར་དུ་སྐབས་རེར་ང་ཚོ་འགལ་བ་ཆུང་ཆུང་གིས་ཕན་ཚུན་ལ་ཁ་རྩོད་བྱུང་ན་ཡང་ཡུད་ཙམ་གྱིས་མ་བགྲོས་རང་མཐུན་བྱུང་བ། སྐབས་རེར་འུ་ཅག་འགྲན་རྩོད་ཁྲོད་མཐུན་སྒྲིལ་གྱི་ཨ་ལོང་གཅིག་ཏུ་སྒྲིལ་ཏེ་འགྲན་ཡ་ལས་རྣམ་པར་རྒྱལ་བའི་དགོད་སྒྲ། སྐབས་རེར་གཡུལ་འགྱེད་ལས་འབྲས་བུ་གཡུར་དུ་ཟ་བ་ཞིག་ལེན་མ་ཐུབ་པའི་སྐྱོ་བ་སོགས་དཔྱིད་ཀྱི་དཔལ་ཡོན་བཞིན་མཚར་སྡུག་ལྡན་ཞིང་རིན་ཆེན་གསེར་དངུལ་བཞིན་རིན་ཐང་བྲལ་བའི་ཐུན་མོང་གི་རེ་བ་ཐུན་མོང་གི་དགོད་སྒྲ།ཐུན་མོང་གི་འཚོ་བ།ཐུན་མོང་གི་བྱ་གཞག་དེ་སེམས་ཀྱི་དབུས་སུ་ཉར་ཚེ།ནམ་ཞིག་གི་ཚེ་རྗེས་དྲན་མེ་ལོང་དུ་རྡོ་བརྐོས་རི་མོར་འགྱུར་ངེས་ཡིན།

“དེ་རིང་དུས་འདིར་རིག་པའི་སྦྲང་རྩི་འཐུང་བའི་སློབ་བུ་རྣམས།སང་ཉིན་གྱི་དུས་ལ་མི་དམངས་ཀྱི་བདེ་སྐྱིད་ཕྲག་ཏུ་འཁུར་བའི་གདུང་མ་ཡིན།”ཟེར་བ་ལྟར།ད་ལྟ་ང་ཚོའི་མིག་མདུན་དུ་འབྲང་རྒྱུགས་ཞེས་པའི་གཡུལ་འགྱེད་ཆེན་མོ་ཞིག་གནས་ཡོད་ལ།ང་ཚོས་མ་འོངས་བའི་འཚོ་བ་ཡི་ཤོག་སྣེ་གསར་བ་ཞིག་ལ་ཕུགས་བསམ་གྱི་རི་མོ་འབྲི་ཆེད།གནས་འདི་ནས་བྱ་རྒོད་པོའི་འཆར་ཡན་གྱི་གཤོག་ཟུང་སྤྲད་ནས་རྩལ་གྱིས་འཕུར་ཞིང།རྨི་ལམ་གྱི་རྟ་ཕོ་ལ་དྲན་ཤེས་ཀྱི་སྲབ་མཐར་བཀོལ་ནས་གོམ་ཁ་གཅུན།སྒྱིད་ལུག་གི་རྒྱ་རྙི་བཙན་གྱིས་དོར་ཞིང་བག་འཁུམ་གྱི་སྒྲོག་ཐག་ཤེད་ཀྱིས་བཅད་ནས་གཤོག་ཟུང་བརྐྱངས་ཏེ་རྒྱང་རིང་དུ་འཕུར་དགོས། ང་ཚོས་ལོ་ངོ་གསུམ་གྱི་འཚོ་བར་སྐྱིད་ཀྱི་རྟ་ཕོར་མཉམ་ཞོན་དང་སྡུག་གི་ཁུར་བོ་མཉམ་ཁུར་གྱིས་བྲིས་པའི་བརྗོད་མི་ཚར་བའི་གཏམ་རྒྱུད་ནམ་ཡང་ངའི་དྲན་པའི་མེ་ལོང་ངོས་སུ་གནས་ཡོད་ལ། ནམ་ཡང་ངའི་སྙིང་དབུས་སུ་ཉར་ཚགས་བྱས་ཡོད་དོ། 


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青


编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心