第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > ཆག་སྒོ།༼ཀུན་བཟང་རྣམ་རྒྱལ། དམའ་གསུམ་འཛིན་གྲྭ་བདུན་པ།༽

ཆག་སྒོ།༼ཀུན་བཟང་རྣམ་རྒྱལ། དམའ་གསུམ་འཛིན་གྲྭ་བདུན་པ།༽

2023年06月20日 12:07:27 访问量:53 作者:更藏南加

ཀུན་བཟང་རྣམ་རྒྱལ། དམའ་གསུམ་འཛིན་གྲྭ་བདུན་པ།

སྔ་དྲོའི་སློབ་ཐུན་བཞི་བ་སྔ་མོ་ནས་གྲོལ་སོང་ལ། གྲོལ་བརྡའི་གླུ་དབྱངས་སྙན་མོ་དེའང་གྲགས་ཚར་ལ་ཁད་ཡོད་འདུག  ཡིན་ནའང་། སློབ་གྲོགས་དཔལ་རྡོར་དྲོས་ཇ་འཐུང་དུ་མ་སོང་བར་གཅིག་པུའི་སློབ་ཁང་ནང་དུ་འཇམ་ཅག་གེར་ལས་བྱ་འབྲི་བཞིན་ཡོད། སྤྱིར་ཡིན་ན་དཔལ་རྡོར་འཛིན་གྲྭའི་ནང་གི་སློབ་མ་ཡོངས་དང་ཐ་ན་སློབ་གྲྭ་ཡོངས་ཀྱི་སློབ་མ་ཡོད་ཚད་ལས་ཅུང་སྔ་བར་ཕྱིན་ཏེ་ཇ་ཁང་ཕྱོགས་སུ་ཐོན་ངེས་ཡིན་ལ། མི་མང་པོ་ཞིག་གིས་དོན་དག་དེར་བརྟེན་ནས་ཁོ་ལ་དགོད་བྲོ་བའི་མཚང་མིངཟ་རྔམས་ཅནཞེས་པ་ཞིག་ཀྱང་བཏགས་ཡོད། དེ་རིང་ཉིན་རྒྱུན་དང་མི་འདྲ་བར་ཉིན་གུང་གི་དུས་ཚོད་ནང་རང་སྦྱོངས་བྱ་མི་དགོས་པར་ངལ་གསོས་ཆོག་པའི་རྐྱེན་གྱིས་ཁོའི་ལས་བྱ་ཡོད་ཚད་དྲོས་ཇ་འཐུང་བའི་དུས་ཚོད་བེད་སྤྱད་དེ་བྲིས་ཚར་དུ་འཇུག་བསམ་པ་ཡིན།

ཆུ་ཚོད་ཕྱེད་ཙམ་འགོར་རྗེས། འཛིན་གྲྭའི་ནང་གི་སློབ་གྲོགས་བདེ་སྐྱིད་དང་སྒྲོལ་མ་གཉིས་ཀའི་དྲོས་ཇ་འཐུང་ཚར་ནས་ཕན་ཚུན་གྱི་དཔུང་བར་འཐམས་བཞིན་སློབ་ཁང་ནང་དུ་ཐོན་བྱུང་། དེ་དུས་དཔལ་རྡོར་གྱིས་ཀྱང་ཏག་ཏག་ལས་བྱ་བྲིས་ཚར་སོང་བས། ལས་བྱ་འབྲི་དེབ་ཀྱི་ཁ་བརྒྱབ་རྗེས་སྒྲོལ་མའི་མདུན་དུ་སོང་སྟེ་ཀུ་རེའི་ཚུལ་དུ ཡ། སློབ་གྲོགས་སྒྲོལ་མ་ལགས། ལས་བྱ་གཡར་དགོས་སམ། དགོས་ན་སྒོར་མོ་ཁྱེར་ཤོགཅེས་བཤད་རྗེས་ལས་བྱ་ཅོག་སྒམ་དུ་བཅུག་སྟེ་སློབ་ཁང་གི་གཡས་ཟུར་ཏུ་བཞག་ཡོད་པའི་རྐང་རྩེད་སྤོ་ལོ་ཁྱེར་ནས་བུད་སོང་།

དཔལ་རྡོར་དགེ་རྒན་ཚོའི་མལ་ཁང་གི་ལམ་འགྲམ་བརྒྱུད་ནས་འགྲོ་བའི་སྐབས། ཁོའི་མདུན་ཕྱོགས་སུ་སློབ་གྲོགས་གཡང་བརྟན་འགྲོ་བཞིན་པ་མཐོང་བས། དེ་མ་ཐག་རྐང་རྩེད་སྤོ་ལོ་སར་བཞག་ནས་ཤེད་ཤུགས་ཡོད་ཚད་ཀྱིས་གཡང་བརྟན་ཕྱོགས་སུ་གཡུགས་པ་ན།ལས་བསམ་སར་མི་འགྲོ་གསེག་སར་འགྲོཞེས་པའི་དཔེ་ལྟར། སྤོ་ལོའི་གཡང་བརྟན་ལ་མ་ཕོག་པར་དེ་ལས་ལྡོག་སྟེ་དགེ་རྒན་ཞིག་གི་མལ་ཁང་གི་སྒེའུ་ཁུང་ལ་ཕོག་སྟེ་ཤེལ་བཅགས་ནས་ནང་དུ་ཤོར་སོང་བས། དཔལ་རྡོར་དེ་མུར་དངས་སྐྲག་དང་བཅས་ཏེ་ངོ་མདོག་ཧྲིལ་བོ་དམར་པོར་གྱུར་ཅིང་། མྱུར་ཏུ་བརྒྱུགས་སོང་ནས་བལྟས་པ་ན། དེ་ནི་དགེ་རྒན་དཔལ་ཆེན་གྱི་ལམ་ཁང་ཡིན་ལ། ལས་བཟང་པ་ཞིག་ལ་དགེ་རྒན་ཁྱིམ་དུ་མི་འདུག་པས། དཔལ་རྡོར་གྱིས་ཕར་ལྟ་ཚུར་ལྟ་འགའ་བྱས་རྗེས་ཉེ་འཁོར་དུ་མི་གཅིག་གིས་ཀྱང་མ་མཐོང་བ་ཤེས་ནས་འཚབ་འཚུབ་དང་བཅས་ཕྱིར་སློབ་ཁང་ཕྱོགས་སུ་བྲོས་སོང་།

དཔལ་རྡོར་སློབ་ཁང་དུ་ཐོན་མ་ཐག་ཐད་ཀར་སློབ་ཁྲིད་རེའུ་མིག་སྦྱར་ཡོད་སའི་གྱང་ངོས་སུ་བལྟས་པ་ན། ཕྱི་དྲོར་དགེ་རྒན་དཔལ་ཆེན་གྱི་སློབ་ཁྲིད་མེད་པ་ཤེས་པས། དེ་མུར་སེམས་ཅུང་ལྷོད་ལ་བབས་པ་དང་། དལ་བུར་རང་གི་འདུག་སྟེགས་སྟེང་བསྡད་ནས་བློ་འགྱོད་དང་དངངས་སྐྲག་ལྷན་དུ་སྐྱེས་ཞོར་རང་གིས་རང་ལ་ལེ་བདའ་བྱས་ནས་བསྡད།

ཕྱི་ཉིན་སྔ་དྲོའི་སློབ་ཁྲིད་དང་པོ་ནི་དགེ་རྒན་དཔལ་ཆེན་གྱི་སློབ་ཁྲིད་ཡིན་པས། སློབ་ཁྲིད་མ་འཚོགས་སྔོན་གྱི་སྐར་མ་བཅུ་ལྷག་གི་ནང་དུ་འཛིན་གྲྭའི་སློབ་གྲོགས་མང་ཤོས་ཤིག་གིས་རང་རང་སར་རྩེད་འཇོ་འདྲ་མིན་སྣ་ཚོགས་རྩེད་བཞིན་ཡོད་ལ། སྐབས་འགར་ཕན་ཚུན་ལ་བདའ་རེས་དང་འཇུ་རེས་འཐམས་རེས་སོགས་བྱས་ཏེ་འུར་འུར་ཟིང་ཟིང་དང་དགའ་སྤྲོའི་དགོད་སྒྲའི་ཁེངས་འདུག་ནའང་། དཔལ་རྡོར་གཅིག་པུ་སེམས་སྐྱ་མོ་ཐང་ལ་ལྷུང་ནས་གདོང་མདོག་ཀྱང་སྐྱ་ཐིང་ངེར་གྱུར་འདུག་པས། བལྟས་པ་ཙམ་གྱིས་མདང་དགོང་ཞག་གང་བོར་གཉིད་ལྕོག་ཙམ་ཡང་རྒྱག་མ་ཐུབ་པར་སེམས་ཁུར་བྱས་པ་ཤེས་ཐུབ།

ཅུང་མ་འགོར་བར་སློབ་ཁྲིད་ཀྱི་ཚོགས་བརྡ་བརྒྱབ་བྱུང་། དགེ་རྒན་དཔལ་ཆེན་གྱིས་ལག་གཡས་པར་བསླབ་དེབ་དང་ཁྲིད་དབྱུག་བཟུང་འདུག་པ་དང་། ལག་གཡོན་པར་ཁ་སང་ངའི་གཡུགས་པའི་རྐང་རྩེད་སྤོ་ལོ་དེ་བཟུང་ནས་སླེབས་བྱུང་། ཁྲིད་སྟེགས་སྟེང་བུད་མ་ཐག་འཛིན་གྲྭའི་སློབ་གྲོགས་ཡོངས་ལ་ཞིབ་ལྟ་ཤིག་བྱས་རྗེས། ནམ་རྒྱུན་དང་མི་འདྲ་བའི་གཟབ་ནན་དང་འཇིགས་སུ་རུང་བའི་ཉམས་ཤིག་སྟོན་བཞིན།ཁ་སང་ངའི་མལ་ཁང་གི་ཤེལ་སྒོ་རང་འཛིན་གྲྭའི་སློབ་མ་ཤིག་གིས་བཅགས་འདུག ཁྱེད་ཚོས་ལྟོས་དང་། རྐང་རྩེད་སྤོ་ལོ་འདི་འཛིན་གྲྭའི་ནང་ངས་ཐེངས་མང་པོར་མཐོང་མྱོང་། སུ་ཡིན། རྣམ་འགྱུར་དྲང་མོའི་སྒོ་ནས་ཁས་བླངས་ན་དམིགས་བསལ་ཅུང་ཙམ་ཡོད། དེ་མིན་ཁས་མ་བླངས་པར་ངས་ཤེས་ཚེ། ཁྱེད་ལ་གཅར་རྡུང་བྱས་པ་ཕར་ཞོག  ཐ་ན་སློབ་གྲྭ་ནས་ཕྱིར་ཁྱིམ་བདག་ལ་སྤྲོད་སྲིད། རབ་ཡིན་ན་ཁས་བླངས་ན་འཕྱི་མེད།ཅེས་བཤད་བཞིན་དུ་སྟོད་ལ་རིང་བོ་དེ་ཕུད་ནས་སློབ་ཁང་གཡས་ཟུར་གྱི་མདུན་ཅོག་སྟེང་བཞག་རྗེས། ཡང་བསྐྱར་སློབ་མ་རེ་རེའི་གདོང་ལ་བལྟས་པ་ན། སློབ་མ་གཅིག་གིས་ཀྱང་ཁས་མ་བླངས་པས། ཁོས་ཀྱང་དོན་དེ་མཚམས་བཞག་ནས་དངོས་སུ་སློབ་ཁྲིད་ཀྱི་མགོ་བརྩམས་སོང་།

དེ་ལྟར་སྔ་དྲོའི་སློབ་ཐུན་བཞི་བོ་མཇུག་རྫོགས་སོང་ལ། དཔལ་རྡོར་གྱི་ལུས་ཡོངས་སུ་ལྗིད་ཐག་ཆོད་པའི་ཁུར་བོ་ཞིག་མནན་འདུག་པ་ལྟར་འཕག་འཚག་རྒྱག་དཀའ་བའི་ཚོར་བ་ཞིག་གིས་ཁེངས་འདུག་ལ། མུ་་མཐུད་འདང་བརྒྱབ་བརྒྱབ་མཐར་རང་སྐྱོན་ཁས་ལེན་བྱ་རྒྱུའི་ཐག་བཅད་ནས་དགེ་རྒན་དཔལ་ཆེན་འཚོལ་བར་འགྲོ་དགོས་བསམ་པའི་ཚེ། སྐྱོར་དཔོན་རྡོ་རྗེ་དབུགས་ཧལ་ཧལ་ངང་ངའི་ཕྱོགས་སུ་བརྒྱུགས་ཡོང་སྟེ། དཔལ་རྡོར། དཔལ་རྡོར། འཛིན་བདག་གིས་ཁྱོད་རང་ཁོའི་གཞུང་སྒྲུབ་ཁང་དུ་མྱུར་མོར་ཐོན་དུ་ཆུགས་ཟེར།ཞེས་བཤད་པའི་ཚེ། དཔལ་རྡོར་གྱི་སྙིང་ལ་ཙག་ཤད་ཅིག་བརྒྱུགས་ཞོར་འདར་སིག་སིག་ངང་གཞུང་སྒྲུབ་ཁང་གི་སྒོ་མདུན་དུ་སོང་སྟེ། ངག་འདར་འདར་གྱིསཡར་ཞུ།ཞེས་ཐེངས་འགར་བོས་པ་ན། འཛིན་བདག་གིས་ནང་དུ་ཡོང་ཆོག་པའི་ལག་བརྡ་ཞིག་བཏང་བས། དཔལ་རྡོར་གཉའ་ཞུམ་ཞུམ་དང་མགོ་སྒུར་སྒུར་གྱིས་དལ་མོར་འཛིན་བདག་གི་ཉེ་སར་བཅར་བ་ན། རྒན་ལགས་ཀྱིས་གདོང་ལ་འཛུམ་ཤིག་ལངས་ཞོརཁྱོད་ལ་ཐེངས་འདིའི་བར་རྒྱུགས་ཁྲོད་ལོ་རིམ་ཡོངས་ལས་ཨང་དང་པོ་འཐོབ་འདུག  བུ་རེ་བ་ཅན་ལ་རེ་བཞག  གོས་རི་མོ་ཅན་ལ་རྒྱང་བལྟས་ཞེས་པའི་དཔེ་ལྟར། ཁྱོད་ངོ་མ་ངར་བ་རེད། འདི་ནི་ཁྱོད་ཀྱི་རྒྱན་ཡིན་པར་མ་ཟད་རང་འཛིན་གྲྭའི་གཟི་བརྗིད་ཀྱང་རེད།ཞེས་བསྟོད་པའི་མཐེ་བོང་བགྲེངས་བྱུང་བས། དཔལ་རྡོར་གྱིས་རང་གིས་རང་ལ་ཡིད་མི་ཆེས་པ་ལྟར། དགེ་རྒན་ལ་ལྟ་ཙམ་ལྟ་ཙམ་བྱས་རྗེས་མགོ་བོ་འཕྲུགས་བཞིན་འཛུམ་ཞིག་སྟོན་བཞིན་བསྡད་པ་ན།  དགེ་རྒན་གྱིས་མུ་མཐུད་དུཐེངས་འདིའི་བར་རྒྱུགས་སྤྱི་བསྡོམས་ཁྲོད་ད་དུང་འཛིན་གྲྭ་རེ་ནས་གསུམ་བཟང་སློབ་མ་མི་རེ་བདམས་དགོས་པས། ངས་ཁྱོད་རང་འདེམ་པའི་བསམ་ཚུལ་སྐྱེས་ཡོད། དེ་བས་ཁྱོད་ཀྱིས་ཀྱང་མིག་དཔེ་གཞན་སྟོན་གྱི་ནུས་པ་ཐོན་དགོསཞེས་བཤད་བྱུང་བས། དཔལ་རྡོར་གྱིས་མྱུར་དུའོ་ཡ་དགེ་རྒན། ངའི་འབད་པ་བྱེད་ངེས་ཡིནཟེར་བཞིན་བུད་སོང་།

སྤྱིར་ཡིན་ན་དཔལ་རྡོར་རང་སྐྱོན་ཁས་ལེན་བྱེད་དུ་འགྲོ་བསམ་མོད། འོན་ཀྱང་ད་ལྟ་ཁོས་སླར་ཡང་བློ་ཁ་འགྱུར་ཏེ། མུ་མཐུད་དུ་མ་ཤེས་ཁུལ་བྱས་ཏེ་དོན་དག་དེ་གསང་རྒྱུའི་ཐག་བཅད། དངོས་ནས་ཁོས་རང་སྐྱོན་ཁས་བླངས་ཚེ་གསུམ་བཟང་སློབ་མར་བདམས་རྒྱུ་ཕར་ཞོག ཐ་ན་ཁོ་ལ་གཅར་རྡུང་དྲག་པོ་ཞིག་ཀྱང་གཏོང་ངེས།

དེ་ལྟར་ཉིན་གསུམ་འགོར་རྗེས། དཔལ་རྡོར་གྱིས་ཀྱང་སེམས་ཁ་ཅུང་བདེར་བབས་ཏེ། ད་ནི་ཡོད་ཚད་བདེ་བར་གྱུར་སོང་སྙམ། ཉིན་དེའི་ཕྱི་དྲོར་ཁོ་མལ་ཁང་ནང་དུ་དངོས་པོ་ཞིག་ལེན་དུ་འགྲོ་དགོས་བྱུང་སྟབས། ཏག་ཏག་དགེ་རྒན་དཔལ་ཆེན་གྱི་མལ་ཁང་གི་སྒོ་མདུན་བརྒྱུད་ནས་འགྲོ་སྐབས། སློབ་གྲོགས་གཡང་བརྟན་དང་ཁོའི་ཕ་ལོ་གཉིས་ཀྱིས་ཁོའི་བཅགས་པའི་ཤེལ་སྒོ་སྤྲོད་ཀྱིན་འདུག་པ་མཐོང་སོང་བས། ཞིབ་ཏུ་བལྟས་པ་ན། གཡང་བརྟན་གྱི་ཕ་རྒན་གྱིས་ཁོ་ལ་སྡང་མིག་བགྲད་བཞིན་དུ་སྐད་ཆ་གསལ་ལ་མི་གསལ་བ་ཞིག་བཤད་ཀྱིན་ཡོད་པ་གསལ་བོར་ཐོས་མི་ཐུབ་མོད། འོན་ཀྱང་རྣམ་འགྱུར་ལ་བལྟས་ན་ཁོ་ལ་ལེ་བདའ་དང་སྡིག་དམོད་བྱེད་བཞིན་པ་ཐག་གིས་ཆོད།

དཔལ་རྡོར་དལ་མོར་གཡང་བརྟན་གྱི་རྩིབས་ལོགས་སུ་སོང་ནས་ཡ་མཚར་མདོག་གིསསྒེའུ་ཁུང་གི་ཤེལ་གཅོག་མཁན་ནི་དངོས་ནས་ཁྱོད་ཡིན་ནམཞེས་དྲིས་པ་ན། གཡང་བརྟན་གྱིས་ཁོའི་ཨ་ཕར་ཟུར་མིག་གིས་ལྟ་བཞིན་ཧ་ཅང་རེ་ཐག་ཆད་ཅིང་འུ་ཐུག་ཐབས་ཟད་ཀྱི་ཉམས་ཤིག་མངོན་བཞིན་དུ།སྒེའུ་ཁུང་གི་ཤེལ་སྒོ་གཅོག་མཁན་ངོ་མ་ང་མིན་མོད། འོན་ཀྱང་དགེ་རྒན་དཔལ་ཆེན་དང་འུ་ཚོའི་འཛིན་གྲྭའི་སྐྱོར་དཔོན་ཚང་མས་ང་མ་གཏོགས་ཉིན་དེར་དགེ་རྒན་གྱི་ཁང་བའི་མདུན་ངོས་སུ་མི་གཅིག་ཀྱང་ཡོད་པ་མ་མཐོང་བས་བཙན་གྱིས་དོན་དེ་ངའི་མགོར་བཞག་བྱུང་ཞེས་བཤད་པ་ན། དཔལ་རྡོར་གྱིས་གཡང་བརྟན་གྱི་འུ་ཐུག་ཐབས་ཟད་ཀྱི་རྣམ་པ་དེ་མཐོང་ནས་རང་དབང་མེད་པར་རྒྱུད་ལ་སྙིང་རྗེ་ཚད་མེད་ཅིག་སྐྱེས་ཞོར་སེམས་སུ་རྩམ་པ་རང་གིས་ཟོས་ནས་རྩམ་ཁུག་གཞན་མགོར་བསྐོན་སྲོལ་ཡོད་ཀྱི་མ་རེད་བསམ་ནས། གཡང་བརྟན་ལ་བལྟས་ནསཤེལ་གཅོག་མཁན་ང་ཡིན་པས། མཇུག་འབྲས་ཡོད་ཚད་ངས་འགན་ལ་ལེནཞེས་བཤད་འདོད་ཅིག་སྐྱེས་མོད། འོན་ཀྱང་ད་ཐེངས་ཡང་ཅི་ཡིན་འདི་ཡིན་མེད་པར་སྐད་ཆ་དྲང་མོ་དེ་ཕྱིར་མིད་དགོས་བྱུང་་་་་་

2023ལོརགངས་རྒྱན་ན་ཆུང་ཚགས་པརསྟེང་བཀོད་རྗེས། ཡང་བསྐྱརསློབ་འབྲིང་སློབ་མའི་ལེགས་རྩོམ་བསྡུས་དེབསྟེང་བདམས།



主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青




དཀར་ཆག

དཔྱད་རྩོམ་དུང་དཀར་རང་གྲགས།

༡ 《ཡི་གེའི་བཀླགས་ཐབས་བྱིས་པ་བདེ་བླག་ཏུ་འཇུག་པ》དང་འབྲེལ་ཏེ་ཆུང་འབྲིང་སློབ་མའི་ཀློག་གི་ནུས་པ་ཡར་རྒྱས་སུ་གཏོང་ཐབས་སྐོར་གླེང་བ།

༢ དམའ་འབྲིང་བསམ་བློ་ཀུན་སྤྱོད་ཀྱི་བསླབ་གཞི་དང་འབྲེལ་ནས་བོད་ཁུལ་སློབ་འབྲིང་སློབ་མའི་ཀུན་སྤྱོད་སློབ་གསོའི་སྐོར་རགས་ཙམ་གླེང་བ

༣ གྲངས་རིག་སློབ་ཐུན་ཁྲོད་ཀྱི་དགེ་རྒན་གྱི་སྐད་ཆའི་ནུས་རྩལ་སྐོར་ཅུང་ཟད་གླེང་བ།

སྲོལ་རྒྱུན་ཚངས་སྲས་མཆོད་གླུ།
༡ ལང་ཚོའི་ཞབས་རྗེས།༼དོན་གྲུབ་ཚེ་རིང་།༽
༢ རང་ལ་བཏོན་པའི་དྲི་བ།༼སྙན་བཟང་པདྨ་རིན་ཆེན།༽
༣ ཁྱིམ་བདག་ལ་ལ།༼ཟོན་ཐར་སྐྱིད།༽
༤ དཔྱིད་ཀ༼འགར་རྩེ་ཡུམ་སྐྱབས་རྒྱལ།༽
༥ དུས་གསུམ་ལམ་མཆོག་མ་ནོར་སྟོན།༼འཇམ་དབྱངས་དཔལ་ལྡན།༽
༦ ཀ་བཤད་བློ་ལྡན་ཉན་སྐུལ།༼གཅོད་པ་ཐར།༽
༧ སློབ་རའི་བསྟོད་གླུ་དྲི་ཟའི་རྒྱུད་མངས།༼༣༥འཛིན་གྲྭའི་ཆོས་ཐར་རྒྱལ༽
༨ ཨ་མའི་བུ།༼༣༡འཛིན་གྲྭའི་དཀོན་མཆོག་བཀྲ་ཤིས།༽
༩ མགྱོགས་བྲིས་ཁག་གསུམ།༼༡༦འཛིན་གྲྭའི་ཆོས་སྒྲོན་སྐྱིད། ༽
༡༠ དུས་བཞིའི་འགྱུར་ཁུགས།༼༢༥འཛིན་གྲྭའི་བསམ་འགྲུབ་སྒྲོལ་མ༽
༡༡ དྲིན་ཆེན་ཨ་མ།༼༢༥འཛིན་གྲྭའི་རིན་ཆེན་སྒྲོལ་མ།༽
༡༢ དཔྱིད་དཔལ་ལ་བསྟོད་པ།༼༣༨འཛིན་གྲྭའི་བསོད་ནམས་སྐྱིད།༽
༡༣ སེམས་ཀྱི་རེ་འབོད།༼ ༡༧འཛིན་གྲྭའི་ལྕགས་ཐར་རྒྱལ། ༽

ལྷུག་རྩོམ་ཁུ་བྱུག་མགྲིན་དབྱངས།

༡ འཁྲེང་།༼བཀྲ་ཤིས་ཡར་འགྲོ།༽
༢ བརྩོན་པའི་ཡུ་མོ་རིག་པའི་སྤང་ན་རྩེན།༼དཔལ་ཆེན་རྡོ་རྗེ༽
རིན་བྲལ་གྱི་ནོར་བུ།༼༩༧འཛིན་གྲྭའི་ལྕགས་ཐར་སྐྱིད།༽
སྙིང་སྟོབས་དང་ལག་ལེན།༼བཙུན་ཐར་སྐྱིད། དམའ་གསུམ་འཛིན་གྲྭ་བདུན་པ།༽
རང་བྱུང་གི་མཛེས་པ།༼ཕྱུག་མཚོ་སྐྱིད།དམའ་གཅིག་འཛིན་གྲྭ་དང་པོ།༽
ང་དང་ངའི་བྱམས་ལྡན་གྱི་ཡུམ་ཆེན།༼མགོན་པོ་རྡོ་རྗེ ༣༣འཛིན་གྲྭ༽
ལོ་ཟླ་ནི་ཆུ་བོ་བཞིན།༼ལྷ་དཀར་འབུམ། དམའ་གསུམ་འཛིན་གྲྭ་བརྒྱད་པ།༽
མདུན་བསྐྱོད་ཀྱི་སྤོབས་པ།༼རིན་ཆེན་སྒྲོལ་མ། ༣༧འཛིན་གྲྭ༽




编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心