第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > ཨ་མ་ལགས།༼འཇིག་མེད་རབ་བརྟན། དམའ་གཅིག་འཛིན་གྲྭ་བཞི་པ།༽

ཨ་མ་ལགས།༼འཇིག་མེད་རབ་བརྟན། དམའ་གཅིག་འཛིན་གྲྭ་བཞི་པ།༽

2023年06月22日 09:38:48 访问量:45 作者:久美拉旦

འཇིག་མེད་རབ་བརྟན། དམའ་གཅིག་འཛིན་གྲྭ་བཞི་པ།

བུ་ཆུང་ངའི་ངུ་ངག་གི་དབྱངས་རྟ་ཐོག་མ་དེ་འཇིག་རྟེན་མི་ཡུལ་དུ་བསྒྲགས་པའི་ཉིན་མོ་དེ་ནས་བཟུང་། ཨ་མའི་བརྩེ་སེམས་དྲོད་མོ་དེ་ངའི་འཚར་ལོངས་ཀྱི་གོ་རིམ་དང་ནམ་ཡང་ཁ་བྲལ་མ་མྱོང་ལ། ཨ་མའི་བརྩེ་སེམས་དྲོད་མོ་དེ་ངའི་འཚར་ལོངས་ཀྱི་གོ་རིམ་དང་ཡང་ནམ་ཡང་ཁ་བྲལ་མ་མྱོང་། ཨ་མའི་སེམས་ཁོང་དུ་བུ་ཆུང་གི་གཟུགས་རིས་བོར་བའི་དུས་ཚོད་ནི་དེ་བས་ཀྱང་དབེན། ཨ་མའི་དཀའ་སྡུག་གི་རྔུལ་ཆུའི་ཐིགས་པ་རེ་རེ་བུ་ཆུང་ངའི་གཞོན་དུས་ཀྱི་མིག་དཔེར་གྱུར་མྱོང་ལ། ལམ་སྟོན་གྱི་སྒྲོན་མེའང་ཉག་ཅིག་ཏུ་གྱུར་ཡོད།

ཨ་མ་ལགས། ཁྱེད་ཀྱི་སྤྱོད་ལམ་ཕྲ་མོ་རེ་རེས་བདག་ལ་བྱ་བ་གང་ཞིག་ཇི་ལྟར་སྒྲུབ་པའི་དཔེ་བསྟན་ཅིང་། བུ་ཆུང་ངའི་བསླབ་ལ་བརྩོན་པའི་མདུན་སྤྱོད་ཀྱི་སྙིང་སྟོབས་དང་ཞུམ་མེད་ཀྱི་སྤོབས་པ་དེ་ཁྱེད་ཀྱི་བྱམས་བརྩེ་ལས་ཐོབ་པ་མ་ཡིན་ནམ།

ཨ་མ་ལགས།བྱིས་དུས་ཀྱི་ང་ནི་ཁྱེད་ཀྱི་མཐོང་ལམ་ཀྱི་སྐར་མ་འོད་ཆེན་ཞིག་དང་འདྲ་བར་ནམ་རྒྱུན་ཁྱོད་སེམས་ཀྱི་མཁའ་དབྱིངས་སུ་འོད་དུ་འཚེར། ངའི་ལྷད་མེད་ཀྱི་སེམས་པ་དང་ལུགས་མཐུན་གྱི་གཤིས་སྤྱོད། ཧུར་བརྩོན་གྱི་སྙིང་སྟོབས་སོགས་ལ་ཀུན་གྱིས་མཐེ་བོང་སྒྲེང་བ་འདི་ཁྱེད་ཀྱི་བཀའ་དྲིན་མ་ཡིན་ནམ།

ཨ་མ་ལགས། འུར་འུར་དུ་ལྡང་བའི་ལྷགས་རླུང་དང་ཤག་ཤག་དུ་འབབ་པའི་དྲག་ཆར་ཁྲོད་དམ།ཡང་ན་འཛད་མེད་ཀྱི་ཁྱིམ་ལས་ཁྲོད།ཁྱེད་ཀྱིས་ཡོད་ཚད་རང་གི་བུ་ཕྲུག་གི་ཆེད་དུ་ཕུལ།

དེའི་ཕྱིར། བདག་གིས་ག་དུས་ཡིན་ཡང་ཨ་མའི་རེ་འདུན་མངོན་འགྱུར་གྱི་ཆེད་དུ། ཁ་བཤད་ཆུ་ཡི་ཝུ་བ་དང་ལག་ལེན་གསེར་གྱི་ཐིགས་པ་ཞེས་པའི་དཔེ་ལྟར་དུ་བརྩོན་པའི་རྒྱུན་མི་གཏོང་བར་རང་ནུས་ཡོད་ཚད་རྩལ་དུ་སྤྲུགས་ནས་མདུན་ལམ་ཞིག་འཚོལ་ངེས་ཡིན།

ཨ་མ་ལགས། སློབ་གྲྭའི་སྒོ་ཐེམ་བརྒལ་བ་ནས་བཟུང་།བུ་ཆུང་ངས་ཁྱེད་ཀྱིས་ང་ལ་བཅངས་པའི་རེ་བ་ཡོད་ཚད་སྟོང་ཟད་དུ་མི་གཏོང་བར་དམ་བཅས་པ་ཡིན།

2022ལོརགངས་རྒྱན་ན་ཆུང་ཚགས་པརསྟེང་བཀོད།


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青
编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心