第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > ཕ་ཡུལ་གྱི་འགྱུར་ལྡོག

ཕ་ཡུལ་གྱི་འགྱུར་ལྡོག

2023年06月22日 09:44:24 访问量:35 作者:才旦多杰

​ཚེ་བརྟན་རྡོ་རྗེ།  དམའ་གཅིག་འཛིན་གྲྭ་བདུན་པ།

མི་སུ་ཡིན་རུང་རང་ཉིད་ཀྱི་ཕ་ཡུལ་ནི་གཞན་ལས་ཁྱད་དུ་འཕགས་པ་ཞིག་ཡིན་པར་འདོད་པ་སྨྲས་ཅི་དགོས། ཕ་ཡུལ་ནི་ལྟེ་ཁྲག་ས་ལ་འཕོ་ས་དང་ངུ་ངག་གི་དབྱངས་རྟ་ཐོག་མར་གྱེར་སའང་ཡིན།

མུ་མཐའ་བྲལ་བའི་རྩྭ་ཐང་དང་མཐོ་ཞིང་བརྗིད་པའི་རི་འདབས་སུ། གཡང་དཀར་ལུག་གི་འབའ་སྒྲ་དང་ཅང་ཤེས་རྟ་ཕོའི་འཚེར་སྐད། དགོ་དགོ་འབྲི་མོའི་ངུར་སྒྲ་དང་ལྷན་དུ་རྫི་གླུ་སིང་སིང་གྲགས་པའི་འབྲོག་སྡེ་ཕྱུག་མོ་དེ་རུ་ངའི་རྩེད་ར་གྲུ་བཞིའི་རྗེས་ཤུལ་ཡོད་ལ། ཉིན་མཚན་མེད་པར་མདུན་དུ་རྒྱུག་བཞིན་པའི་ཆུ་ཕྲན་དེས་ང་ལ་ཁོ་རང་ནང་བཞིན་འདུག་དབང་མེད་པར་མདུན་སྐྱོད་བྱེད་དགོས་པའི་ངར་ཤུགས་དང་སྤོབས་པ་བསྩལ་ཡོད།

དེ་ཡང་དུས་ཀྱི་འཁོར་ལོ་བར་མེད་དུ་འཁོར་ཞིང་ཚན་རྩལ་གློག་དམར་འཁྱུག་པ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་པའི་དུས་སྐབས་འདིར། ཏང་གི་སྲིད་ཇུས་གསར་བའི་འོག་ངའི་ཕ་ཡུལ་ལའང་འགྱུར་ལྡོག་མང་བོ་ཞིག་བྱུང་ཡོད་དེ།  ཕ་མེས་ཡང་མེས་ནས་རྒྱུད་འཛིན་བྱས་པའི་སྦྲ་ནག་ཅན་གྱི་ཁྲི་སྡེ་རིམ་བཞིན་དྲོལ་ཁོལ་ལྡན་པའི་ཁང་བཟང་དུ་གྱུར་སོང་ལ།  སྔར་འགྲིམ་འགྲུལ་ཡོ་བྱད་ནོར་གནག་དང་ཅང་ཤེས་རྟ་ཕོ་ཙམ་ལ་བརྟེན་དགོས་པའི་དུས་སྐབས་དེ་མཇུག་རྫོགས་ཏེ།  མགྱོགས་འགྲོ་རླངས་འཁོར་དང་འཕྲུལ་རྟས་ཚབ་བྱས་ཡོད།  ད་དུང་ག་ས་གང་དུ་གློག་སྐུད་པ་ཏྲའི་རི་མོ་ཇི་བཞིན་འཐེན་ཡོད་པས། བལྟས་བལྟས་ལ་ངའི་ཕ་ཡུལ་ནི་འབྱོར་ཕྱུག་ལྡན་པ་ཞིག་ཏུ་གྱུར་དང་འགྱུར་བཞིན་ཡོད་ལ།  རྨི་ལམ་ཁྲོད་ཀྱི་ཞིང་ཁམས་བཞིན་བདེ་སྐྱིད་དང་དཔལ་ཡོན་གྱིས་ཕྱུག་ཡོད།  

ད་དུང་། རླབས་ཆེན་མེས་རྒྱལ་གྱིས་དངོས་ཤུགས་དང་རྒྱུ་ཤུགས་མང་བོ་ཞིག་བཀོལ་ནས་ཕ་ཡུལ་གྱི་རང་མདངས་དྲོན་མོ་སྲུང་སྐྱོབ་བྱས་པས།  ཕ་ཡུལ་གྱི་པང་ནས་ལྟེ་ཁྲག་འཕོས་ཤིང་འཚར་ལོངས་བྱུང་བའི་ང་དང་ང་ལྟ་བུའི་གཅེས་ཕྲུག་དག་གིས་ཕ་ཡུལ་གྱི་ཚབ་ཏུ་མ་ཡུམ་མེས་རྒྱལ་གྱི་སྐུ་ལུས་པདྨའི་སྡོང་བོ་ལ་ནག་ནོག་གི་དྲི་མས་མི་གོས་པའི་སྨོན་འདུན་ཡང་ཡང་ཞུ་བ་དང་། མ་འོངས་པར་ཁྲིམས་ལུགས་ལ་བརྩི་སྲུང་དང་མི་ཡ་རབས་དཔེ་ལེགས་ཅན་ཞིག་བྱེད་རྒྱུ་ཡིན་ཏེ། འདི་ནི་ང་ཚོའི་མི་རབས་འདིའི་འགན་འཁྲིའང་ཡིན།  

རྩོམ་ཡིག་འདི་ནི2022ལོརགངས་རྒྱན་ན་ཆུང་ཚགས་པརསྟེང་བཀོད་ཡོད། 


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青
编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心