第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > དག་གཙང་གི་གནས་མཆོག༼རྟ་མགྲིན་མཚོ། ༢༨འཛིན་གྲྭ༽

དག་གཙང་གི་གནས་མཆོག༼རྟ་མགྲིན་མཚོ། ༢༨འཛིན་གྲྭ༽

2023年06月22日 09:47:38 访问量:40 作者:旦正措

  རྟ་མགྲིན་མཚོ།  དམའ་གཉིས་འཛིན་གྲྭ་བརྒྱད་པ།

ང་ཚོའི་མེས་པོ་ཚོར་ཆ་མཚོན་ནས་བཤད་ན། མཛེས་སྡུག་ལྷ་ཡུལ་དང་འགྲན་པའི་བསིལ་ལྡན་ཁ་བའི་ལྗོངས་ཀྱི་གནས་མཆོག་འདི་ནི་ཁོ་ཚོའི་ཚེ་སྲོག་ཡིན་ལ། དེར་ཡོད་ཀྱི་སྲོག་ལྡན་ཐམས་ཅད་ནི་ཁོ་ཚོའི་ཕུ་ནུ་མིང་སྲིང་ལྟར་གཅེས་སྐྱོང་གང་ལེགས་གནང་བ་ཡིན། ཁོ་ཚོས་ཡིད་དུ་འོང་བའི་གནས་མཆོག་འདི་ལ་ནམ་རྒྱུན་འབག་བཙོག་ཅི་ཡང་མ་བྱས་པར་ང་ཚོར་སྤྲད་པ་ཡིན་པས། ང་ཚོས་ཀྱང་རང་གི་མིག་བཞིན་ཁོར་ཡུག་ལ་སྲུང་སྐྱོབ་དང་གཅེས་སྐྱོང་བཟང་པོ་བྱེད་དགོས། གངས་རིའི་ར་བས་ཡོངས་སུ་བརྒྱན་པའི་ཞིང་ཁམས་མཛེས་སྡུག་ལྡན་པའི་མདོ་དབུས་ས་མཐོའི་ཡུལ་ལྗོངས་འདི་ལ་སྲུང་སྐྱོབ་བྱེད་དགོས།

དེ་ནི་ཡངས་ཤིང་རྒྱ་ཆེ་ལ་མུ་མཐའ་མེད་པ་དང་། དེའི་ཐོག་ཏུ་སྐར་ཚོགས་བཞིན་རྣམ་པར་བཀྲ་བའི་རྟ་ནོར་ལུག་གསུམ་མང་པོས་བློ་བདེ་བག་ཕེབས་ཀྱི་ངང་ནས་རྩྭ་ཆུ་ལོངས་སུ་སྤྱོད་བཞིན་ཡོད། གཞུང་རྒྱུད་དྲང་ཞིང་བག་དང་ལྡན་པའི་འབྲོག་པ་མང་ཚོགས་ཀྱིས་བདེ་སྐྱིད་ཀྱི་འཚོ་བ་ལ་རོལ་བཞིན་དགའ་སྤྲོའི་དགོད་སྒྲ་ལྷང་ལྷང་བྱེད། གཡུ་འབྲུག་སྔོན་མོས་འཁྱུག་འགྲོས་བྱེད་པ་ལྟ་བུའི་ཆུ་བོའི་སྟེང་དུ་ཉི་འོད་འཕྲོས་པའི་ཚེ་ན་གསེར་འོད་ལམ་ལམ་དུ་འཕྲོ། ཡན་ལག་བརྒྱད་ལྡན་གྱི་གཙང་ཆབ་སྔོན་མོ་དག་ནི་ང་ཚོའི་མེས་པོ་རྣམས་ཀྱིས་ལུས་ཟུངས་ལ་རྒྱུ་བའི་ཟུངས་ཁྲག་དྭངས་མོ་དང་འདྲའོ།།

དྭངས་གསལ་མེ་ལོང་ལྟ་བུའི་ཆུ་བོའི་ངོས་སུ་མེ་ཏོག་དང་རྩྭ་ལྗང་སྤང་རི་སོགས་ཀྱི་ལྡོག་བརྙན་གསལ་ལམ་མེར་ཤར་ཡོད། ལྷུང་ལྷུང་དུ་འབབ་པའི་ཡར་ཀླུང་གཙང་བོ་དང་རྨ་འབྲི་རྫ་གསུམ་ནི་ཅི་འདྲའི་སྟོབས་ཆེ་བ་ཞིག་རེད་ཨང་། གལ་ཏེ་ང་རང་ནི་ཁུ་བྱུག་སྔོན་མོ་དང་འདྲ་བའི་སྙན་འགྱུར་ངོ་མཚར་སྟོང་གིས་བརྒྱན་པའི་གླུ་མ་ཞིག་ཡིན་ཚེ། སྙན་འཇེབས་ཡིད་འོང་གི་གླུ་དབྱངས་སྙན་མོས་གཙང་ཆབ་སྔོན་མོ་འདི་དག་ལ་གླུ་ཡི་བསྟོད་པ་འབུལ་སྲིད།

ང་ཚོ་ལ་འདི་འདྲའི་མཛེས་སྡུག་ཡིད་དུ་འོང་བའི་ཕ་ཡུལ་ཞིག་ཡོད་པ་ནི། ཡབ་མེས་ཚོའི་བཀའ་དྲིན་ཡིན་ལ། ཁོ་ཚོས་རང་རང་གི་ཚེ་སྲོག་དང་ཟུངས་ཁྲག་མངར་མོ་ལྟ་བུའི་སྤང་ལྗོངས་དང་དྭངས་ཞིང་གཙང་བའི་ཆུ་བོ་དེ་ཚོ་ང་ཚོ་ལ་སྤྲད་པས། ང་ཚོས་མཛེས་སྡུག་ཡིད་དུ་འོང་ཞིང་ལོ་རྒྱུས་རིང་མོ་ལྡན་པའི་ཕ་ཡུལ་འདི་ཉིད་ལ་སྲུང་སྐྱོབ་ལེགས་པོ་བྱེད་དགོས།

ཨེ་མ། ང་ཚོའི་ཕ་མེས་ཡང་མེས་ཀྱིས་ང་ཚོ་ལ་སྤྲད་པའི་གཡུ་མདོག་མུ་མཐའ་མེད་པའི་རྩྭ་ཐང་འདི་ཉིད་དང་དྭངས་གཙང་གི་ཆུ་བོ་འདི་དག་ནི་ཇི་འདྲའི་ཡིད་དུ་འོང་པ་ཞིག་རེད་ཨང་། རང་རེས་བོད་མི་རིགས་འདི་ནི་ཇི་འདྲའི་ལོ་རྒྱུས་རིང་བོ་ལྡན་ལ་རིག་གནས་ཕུན་སུམ་ཚོགས་པའི་མི་རིགས་ཤིག་རེད་ཨང་། ང་ཚོ་མི་རིགས་འདིའི་རྒྱུད་འཛིན་པ་ཡིན་པའི་ཆ་ནས་མི་རིགས་འདིའི་རིག་གནས་དང་སྲོལ་རྒྱུན་བཟང་བོ་ཉམས་པ་སླར་གསོ་དང་མ་ཉམས་གོང་སྤེལ་བྱེད་པ་ནི་ང་ཚོ་བོད་མི་ན་གཞོན་ཚོའི་འོས་འགན་ཡིན་པ་བཤད་མ་དགོས།

མཐར་མཛེས་སྡུག་ཡིད་འོང་གི་ཕ་ས་ཕ་ཡུལ་འདི་ཉིད་བསྐལ་བ་མ་སྟོང་བར་དུ་གནས་པའི་སྨོན་འདུན་ཞུ།


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青


编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心