第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > རྟ་ཕོ་རག་བྱ་གསེར་མགོ༼བཀྲ་ཤིས་ལྷ་མོ།༡༧འཛིན་གྲྭ༽

རྟ་ཕོ་རག་བྱ་གསེར་མགོ༼བཀྲ་ཤིས་ལྷ་མོ།༡༧འཛིན་གྲྭ༽

2023年06月22日 09:50:31 访问量:43 作者:扎西拉毛

​བཀྲ་ཤིས་ལྷ་མོ། དམའ་གཅིག་འཛིན་གྲྭ་བདུན་པ།

ང་ནི་གཡུ་མདོག་གི་རྩྭ་ཐང་ཕ་མཐའ་བྲལ་ཅིང་ཕྱུགས་རིགས་དཀར་ནག་ནམ་མཁའི་སྐར་ཚོགས་བཞིན་བཀྲམ་པའི་ཡངས་བའི་འབྲོག་ཐང་ནས་འཚར་ལོངས་བྱུང་བ་ཡིན་པས། སྒོ་ཕྱུགས་རྟ་ནོར་ལུག་གསུམ་ལ་འདང་རྩིས་ཧ་ཅང་ཆེ།

ང་ཚོའི་སྡེ་བ་ནི་ཕྱུགས་རིགས་དཀར་ནག་གི་འཕེལ་ཁ་རྒྱས་ཤིང་སྒོས་སུ་རྟ་ཕོར་འདང་རྩིས་ཆེ་བས་རྟ་དང་རྒོད་མ་མེད་པའི་ཁྱིམ་ཚང་ཞིག་ཕལ་ཆེར་མེད་ཅེས་བཤད་ཆོག་ལ། དེ་ལས་ཀྱང་ཁྱིམ་ཚང་མང་ཆེ་བའི་རྟ་ནི་རྒྱུག་གོམ་ལག་རླུང་ལྟར་མྱུར་བའི་རྒྱུག་རྟ་རྐྱང་རྐྱང་ཡིན།  ངེད་ཚང་གི་རྟ་ཕོའང་འགྲོས་གོམ་ལག་དང་རྒྱུག་བང་རྩལ། ཕྱིའི་སྤུ་ཁ་གང་གི་ཐད་ནས་བལྟས་ཀྱང་དེ་དག་གི་ཡན་ཞིག་མིན་ནའང་དམན་ཞིག་གཏན་ནས་མིན།  ངེད་ཚང་གི་རྟ་ཕོའི་ལུས་བོངས་ཆེ་རྒྱུ་མེད་ལ་ཆུང་རྒྱུའང་མེད་པར་ཚད་དང་རན་པ་ཞིག་ཡིན་ལ་རྣ་བ་ཅུང་ཟད་རིང་། སྤུ་མདོག་སེར་ལ་ནག་ཞད་ཅུང་ཆེ་བས་རག་རག་ཅིག་ཡིན་ལ་མགོའི་སྤུ་མདོག་ནི་ཅུང་སེར་ཤོས་ཆེ་བས། ཨ་ཕས་རྟ་ཕོའི་ཕྱིའི་སྤུ་མདོག་ལ་བརྟེན་ནས་རག་བྱ་གསེར་མགོ་ཞེས་པའི་དེ་མཚུངས་ཀྱི་མིང་ཡང་སྙན་མོ་ཞིག་བཏགས་ཡོད།  རག་བྱ་གསེར་མགོ་ངེད་ཚང་གི་རྒོད་མས་བཙས་བ་ཡིན་པས་དེ་ནི་གཞན་ལག་ནས་ཉོས་པ་ལྟ་བུ་མིན་པར་རང་གི་ལག་སྐྱེས་ཀྱི་རྟ་ཕོ་རྩིས་ཆེན་ཞིག་ཡིན།  དེ་བས་ངེད་ཚང་གི་ཁྱིམ་མི་སུ་ཡིན་ཡང་རག་བྱ་གསེར་མགོ་ལ་ཆ་རྒྱུས་དང་བརྩེ་འདང་ཡང་ཟབ་མོ་ཞིག་ཡོད་པ་སྨྲས་མ་དགོས། 

ལོ་རེའི་དབྱར་ཟླ་མ་ཚེས་སྔོན་ནས་ཨ་ཕ་དང་ཕུ་བོ་གཉིས་ཀྱིས་རག་བྱ་གསེར་མགོ་གསོས་ནས་རྟ་རྒྱུགས་ལ་ཞུགས་པར་གྲ་སྒྲིག་གང་ལེགས་བྱེད་པ་རེད། དུས་རྒྱུན་རྟ་རྒྱུག་འགྲན་སྡུར་ཆེ་མ་ཆུང་གསུམ་གང་ཡིན་ཡང་འགྲན་སྡུར་ལ་ཞུགས་ཐེངས་རེ་རེར་རག་བྱ་གསེར་མགོ་ཨང་དང་པོ་མིན་ན་གཉིས་པ་ཡིན་སྲིད།  རྟ་ཕོ་རག་བྱ་གསེར་མགོ་རྡུལ་འཚུབ་གྱུ་ལེར་རྒྱུག་མགོར་མཆོངས་ནས་ཡོང་ཐེངས་རེར་ངའི་སེམས་པའང་དྲག་ཏུ་མཆོངས་ལྡིང་བྱེད་ལ་ནམ་རྒྱུན་བཤད་མི་ཤེས་པའི་ཚོར་བ་ཁྱད་པར་བ་ཞིག་ཀྱང་སྐྱེས་ཡོང་།   རྟ་རྒྱུག་འགྲན་སྡུར་ལ་ཞུགས་ཐེངས་རེར་རྟ་ཕོ་ཞོན་མཁན་ནི་ངའི་ཕུ་བོ་ཡིན་ཏེ། ཁོ་ནི་ལུས་ལྡེམ་མྱུར་དང་རྩལ་ཤུགས་ལྡན་པའི་ཕོ་རྒོད་ཅིག་ཡིན་པས། ཁོ་རང་མེད་ན་མི་གཞན་ཞིག་གིས་རག་བྱ་གསེར་མགོའི་མགོ་ལ་སྲབ་འཇོག་རྒྱུའང་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན།   དྲང་མོར་བཤད་ན་ང་ཡང་རྟ་ལ་ཞོན་རྒྱུར་ཧ་ཅང་དགའ་མོད། རག་བྱ་གསེར་མགོའི་མཆོངས་རྩལ་དང་གཏུམ་ཞིང་རྩུབ་པའི་སྤྱོད་པ་དེ་མཐོང་ན་ཞོན་རྒྱུ་ཕར་ཞོག་གམ་ལ་བཏུད་རྒྱུར་ཡང་སྙིང་རྩ་འདར་བ་ཞིག་རེད།    དེ་ལྟ་ནའང་། ང་ནི་ནམ་ཡང་རག་བྱ་གསེར་མགོའི་ཉམས་པ་མེད་པའི་ཟིལ་ཤུགས་དང་འགྱུར་བ་མེད་པའི་སྙིང་སྟོབས་ལ་སྨོན་པ་དང་ཡི་རང་གཏིང་ནས་སྐྱེས་ཡོང་།

རྟ་ཕོ་ཡ། རག་བྱ་གསེར་མགོ    མཆོངས་ཤིག    ཁྱོད་ལ་རླུང་ལས་མྱུར་བའི་བང་རྩལ་དང་བྲག་ལས་སྲ་བའི་སྙིང་སྟོབས་ཡོད། 


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青


编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心