第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > བདག་གི་སྤོ་བོ།༼​ཚེ་རིང་སྒྲོལ་མ། ༢༨འཛིན་གྲྭ༽

བདག་གི་སྤོ་བོ།༼​ཚེ་རིང་སྒྲོལ་མ། ༢༨འཛིན་གྲྭ༽

2023年06月22日 09:52:57 访问量:47 作者:才让卓玛

ཚེ་རིང་སྒྲོལ་མ། དམའ་གཉིས་འཛིན་གྲྭ་བརྒྱད་པ།

བདག་གི་སྤོ་བོ། དཀའ་སྡུག་ཁྲི་ཕྲག་གི་ཡང་རྩེར་འགྲེང་མྱོང་བའི་སྙིང་སྟོབས་ཅན་ཞིག་ཡིན་ལ། བུ་མོ་ངའི་མདུན་ལམ་ལ་མནོ་བསམ་གཏོང་བའི་བསམ་བློ་བ་ཞིག་ཀྱང་ཡིན། བདག་གི་སྤོ་བོ་ནི་གཞན་ལ་རོགས་རམ་དང་བརྩི་བཀུར་བྱེད་པའི་ལྷག་བསམ་ཅན་ཞིག་ཡིན་ལ། ཁྱིམ་ཚང་འདིའི་འོབས་དོང་ནང་ལྷུང་བའི་སྤོ་བོ་ལས་ངན་ཞིག་ཀྱང་ཡིན། རླབས་ཆེན་གྱི་སྤོ་བོ། སྦྲ་ནག་གི་ཐུ་འོག་ནས་ལང་ཚོ་ཡི་ལོ་ཟླ་ཟད་ཅིང་། དཀར་ནག་ཕྱུགས་རིགས་ཀྱི་རྨིག་རྗེས་འབྲངས་ནས་འཚོ་བ་རོལ་བའི་འབྲོག་པ་དཀྱུས་མ་ཞིག་ཡིན།     

སྤོ་བོའི་དཀའ་སྡུག་གི་ལོ་ཟླ་ཡི་ཉིན་ཞག་རེ་རེས་ཁོ་བོའི་ལང་ཚོའི་ལོ་མ་ལ་རིམ་བཞིན་སེར་ཐིག་བབས། སྤོ་བོ་དངོས་ནས་རྒས་ཀྱིན་འདུག དཀའ་སྡུག་གི་ལོ་ཟླའི་ཁྲོད་ནས་རྒས་ཀྱིན་འདུག ཡིན་ནའང་། ཨ་ནེ་ཡིས་སྤོ་བོ་བསྐྱུར་ནས་བདེ་སྐྱིད་ལྡན་པའི་གཞན་ཁྱིམ་དེ་བསྙེགས་ནས་གནས་ཡུལ་འགྲིམས་སོང་། ཨ་ཁུས་ཀྱང་རང་ཉིད་ལ་ཆུང་མ་ཞིག་བླངས་རྗེས་ཁྱིམ་ཚང་གསར་བ་ཞིག་གི་འཚོ་ཚིས་ལ་འབད་ཀྱིན་འདུག ངས་ཀྱང་སྤོ་བོ་ཡུལ་དུ་བཞག་ནས་རང་གི་མ་འོངས་པའི་རེ་འདུན་འཚོལ་བཞིན་ཡོད། སྤོ་བོའི་སྐུ་མདུན་ན་ཞབས་ཞུ་བྱེད་མཁན་གཅིག་ཀྱང་མེད་ལ། རོགས་རམ་བྱེད་མཁན་ཀྱང་མི་འདུག་པས། སྤོ་བོ་དངོས་ནས་སྙིང་རེ་རྗེ་ཨང་།        དཀའ་སྡུག་ལོ་ཟླ་དང་ལྷན་དུ།  སྤོ་བོའི་དབུ་འདབས་ཀྱི་སྐྲ་ལོ་རིམ་བཞིན་དཀར་པོར་གྱུར་བཞིན་འདུག་ལ་ཟས་ཞིམ་པོ་ཞིག་ཟ་འདོད་ཀྱང་རོ་ཡང་མི་ཚོར་བའི་ཚོད་དུ་འདུག གོས་ཡག་པོ་ཞིག་གྱོན་འདོད་ཀྱང་གཟུགས་ནི་སྒུར་འདུག ད་དུང་མིག་གིས་རྒྱང་རིང་མི་མཐོང་བ་དང་། རྣ་བས་སྒྲ་གསལ་བོ་ཐོས་མི་ཐུབ། ཡིད་ཀྱི་དྲན་པ་མི་གསལ་པར་དཀའ་སྡུག་གི་ལོ་ཟླའི་ཁྲོད་ནས་ངའི་བྱམས་ལྡན་གྱི་ཕ་ལོ་ལྟ་བུའི་སྤོ་བོ་འདི་ལྟར་བུད་སོང་།

སྤོ་བོ་ལགས། ཁྱེད་ཀྱིས་ང་ལ་གནང་བའི་བསླབ་བྱ་དག་བུ་མོ་ངས་ནམ་ཡང་སེམས་ལ་བཟུང་ཡོད་པར་མ་ཟད། བུ་མོ་ངས་ཁྱེད་ཀྱི་རེ་བ་གཏོང་ཟད་དུ་མི་གཏོང་བར་སློབ་སྦྱོང་ལ་འབད་པ་བྱ་ཁོ་ཐག་ཡིན། སྤོ་བོ་ལགས། ཁྱེད་ཀྱིས་ཁྱིམ་ཚང་དང་བུ་ཕྲུག་རྒྱབ་ཏུ་གཡུགས་ནས། ཕ་ཡུལ་དང་ཡུལ་མིར་གྱེས་ཕྱག་ཕུལ་ནས། འཇིག་རྟེན་མི་ཡུལ་འདི་དང་གཏན་དུ་གྱེས་སོང་། སྤོ་བོ་ལགས། ཁྱེད་སོང་བ་ནས་བཟུང་ངའི་མི་ཚེ་ལ་རྫ་ལུང་བཞིན་ན་བུན་འཐིབས་ཤིང་། ཁྱེད་མེད་པས་མི་ཚེ་ལ་བདེ་སྐྱིད་དང་དགོད་སྒྲ་དེ་བས་ཉུང་། སྤོ་བོ་ལགས། ཁྱེད་ངོ་མ་འདི་ལྟར་བུད་སོང་ངམ། བུ་མོ་ངས་ཆུང་དུས་ཁྱེད་དང་ལྷན་དུ་བསྡད་པའི་ལོ་ཟླ་དེ་དག་དྲན་པའི་མེ་ལོང་ངོས་སུ་གསལ་ལེར་ཤར་ཡོང་གིན་འདུག


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青
编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心