第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > ཕུགས་བསམ།༼སྒྲོམ་ལ་ལྷ་མོ། ༢༤འཛིན་གྲྭ༽

ཕུགས་བསམ།༼སྒྲོམ་ལ་ལྷ་མོ། ༢༤འཛིན་གྲྭ༽

2023年06月22日 09:55:44 访问量:48 作者:卓玛拉毛
​ཕུགས་བསམ།
སྒྲོམ་ལ་ལྷ་མོ། དམའ་གཉིས་འཛིན་གྲྭ་བཞི་པ།
བདག་འཇིག་རྟེན་འདིར་འོང་ནས་མི་ལོ་བཅོ་ལྔ་ལྷག་འགོར་སོང་། ལོ་འདི་དག་གི་རིང་ལ་བདག་གིས་ད་གཟོད་འཇིག་རྟེན་འདིའི་སྟེང་ནས་ཆེས་བླ་ན་མེད་པ་དང་ཆེས་མཛེས་སྡུག་ལྡན་པ། ཆེས་རླབས་ཆེ་བ་ཞིག་ཡོད་པ་ནི་ཕུགས་བསམ་ཡིན་པ་ཤེས། ཕུགས་བསམ་ནི་གཟི་བརྗིད་ཡིན་ལ། ཕུགས་བསམ་ནི་རླབས་ཆེན་ཡིན།ཕུགས་བསམ་ནི་བྱ་བ་འགྲུབ་པའི་རྩ་བ་ཡིན་ལ། ཕུགས་བསམ་ནི་མདུན་ལམ་གྱི་སྒོ་ཆེན་འབྱེད་པའི་ལྡེ་མིག་ཀྱང་ཡིན།
ཕུགས་བསམ་ནི་ང་ཚོ་ཚང་མ་མདུན་དུ་བསྐྱོད་པའི་སྟོབས་ཤུགས་ཡིན་ལ། ཕུགས་བསམ་ནི་མུན་ནག་གི་འཇིག་རྟེན་དུ་སྦར་བའི་སྒྲོན་མེ་དང་འདྲ་བར་ང་ཚོའི་མི་ཚེའི་མདུན་ལམ་ལ་འོད་སྣང་སྦྱིན་ཞིང་། མདུན་སྐྱོད་ཀྱི་ཡིད་ཆེས་དང་སྤོབས་པ་སྟེར་གྱིན་ཡོད།ཕུགས་བསམ་ནི་ཚོན་མདོག་རྣམ་པར་བཀྲ་བའི་ན་བཟའ་ཞིག་དང་འདྲ་བར་ང་ཚོའི་མི་ཚེ་ལ་མཛེས་སྡུག་དང་སྤྲོ་སྣང་སྦྱིན་གྱིན་ཡོད། དེ་བས། འཇིག་རྟེན་འདིར་ཕུགས་བསམ་གྱི་མེ་ཏོག་བཞད་པ་ཡོད་ཚད་ལ་མཚར་ཉམས་དང་སྐྱེ་སྟོབས་འབར་ཞིང་། ཡོད་ཚད་ལ་གསོན་ཤུགས་དང་ལང་ཚོ་རྒྱས། འཛམ་གླིང་སྟེང་གི་མི་སུ་དང་སུ་ཞིག་ཡིན་རུང་རང་ཉིད་ལ་འཚམ་པའི་ཕུགས་བསམ་རེ་ཡོད་ངེས་ཡིན། གལ་ཏེ། མི་ཞིག་ལ་ཕུགས་བསམ་མེད་ན། ཁོ་ཚོའི་ནམ་ཡིན་ཡང་ཕྱོགས་གང་གི་ཐད་ནས་མདུན་དུ་སྐྱོད་དེ་འབད་བརྩོན་ལྷུར་ལེན་བྱེད་པ་མི་རྟོགས་པར་མ་ཟད། ཁོ་ཚོ་མི་ཚེ་འདིའི་སྟེང་ནས་གསོན་ཡོད་པ་དེ་ཡང་སྙིང་བོ་སྤུ་ཙམ་ཡང་མེད། ཁོ་ཚོའི་དམིགས་ཡུལ་ནི་ཉི་མ་འཁྱོལ་ཐབས་བྱེད་པ་དེ་ཡིན། དེ་བས། ང་ཚོ་ལ་ངེས་པར་དུ་ཕུགས་བསམ་ནི་ཚེ་སྲོག་གི་གཞི་རྩ་ཡིན་ལ་སྟོབས་ཤུགས་ཀྱང་ཡིན། ཕུགས་བསམ་ནི་དོན་ལྔ་སྣོད་དྲུག་དང་འདྲ་བར་རང་ཉིད་ད་གང་དུ་སོང་ཡང་རང་ཉིད་ཀྱི་རྗེས་སུ་འབྲངས། ས་གང་ལ་སོང་ཡང་རང་ཉིད་ལ་ལམ་སྟོན་གནང་གི་ཡོད།ཕུགས་བསམ་ནི་ཕྱོགས་སྟོན་འཁོར་ལོ་དང་འདྲ་སྟེ། ང་ཚོའི་འཚོ་བ་དང་མི་ཚེའི་མདུན་ལམ་ལ་ལམ་བཟང་པོ་ཞིག་སྟོན་རོགས་བྱེད་པར་མ་ཟད། ད་དུང་ང་ཚོ་ལ་ཧུར་བརྩོན་བྱས་ན།རང་ཉིད་ཀྱི་ཕུགས་བསམ་ལེགས་འགྲུབ་འབྱུང་ཐུབ་ངེས་ཡིན་པ་ཡང་བཤད་ཡོད།དེ་བས།ང་ཚོ་ངེས་པར་དུ་ཕུགས་བསམ་དགོས།
རེད་ཡ། མི་ལ་ལའི་ཕུགས་བསམ་ནི་དགེ་རྒན་དམ་པ་ཞིག་བྱས་ནས་གངས་ཅན་གྱི་གཞོན་ནུ་དང་བྱིས་པ་ཡོད་དོ་ཅོག་ལ་ཤེས་རིག་གི་བདུད་རྩི་སྦྱིན་རྒྱུ་དེ་ཡིན། ཡང་མི་ལ་ལས་ཕུགས་བསམ་ནི་ཚན་རིག་པ་ཞིག་བྱས་ནས་འཇིག་རྟེན་གྱི་ལྐོག་གྱུར་གྱི་གསང་བའི་ཡུལ་དུ་གྱུར་བའི་ཟླ་བའི་གོ་ལར་ཞིབ་འཇུག་བྱ་རྒྱུ་དེ་ཡིན།ཡང་མི་ལ་ལས་ཕུགས་བསམ་ནི་ཡིག་གཟུགས་འབྲི་རྩལ་གྱི་རྒྱུན་འཛིན་པ་ཕུལ་བྱུང་ཞིག་བྱེད་རྒྱུ་དེ་ཡིན། ཡང་མི་ལ་ལས་ཕུགས་བསམ་ནི་འཛུགས་བསྐྲུན་པ་ཞིག་བྱས་ཏེ། རང་གི་ལྟེ་ཁྲག་འཕོ་ས་དང་འཚར་ལོངས་བྱུང་སའི་ཕ་ས་ཕ་ཡུལ་དེ་འཛུགས་བསྐྲུན་ལེགས་པོ་ཞིག་བྱེད་པ་སོགས་ཧ་ཅང་མང་པ་ཞིག་ཡོད། བདག་ལའང་ཆུང་དུས་ནས་རང་ཉིད་ཀྱི་སེམས་ཁོངས་སུ་བླ་ན་མེད་པ་དང་ཆེས་རླབས་ཆེ་བའི་ཕུགས་བསམ་ཞིག་ཡོད།དེ་ནི་མ་འོངས་པར་སྨན་པ་གྲགས་ཅན་ཞིག་བྱེད་རྒྱུ་དེ་ཡིན།མ་འོངས་པར་མི་རྣམས་ལ་སྨན་བཅོས་བཟང་པོ་ཞིག་བྱེད་པ་དང་།ནད་ཀྱིས་གཙེས་པའི་སྐྱེ་འགྲོག་རྣམས་ཀྱི་སྡུག་བསྔལ་སེལ་ཏེ།བདེ་ཐང་གི་གཟུགས་པོ་ཞིག་སྤྲོད་རྒྱུ་དེ་ཡིན།བདག་གིས་ནད་པ་གང་མང་ཞིག་གི་ཆེད་དུ་རང་སྲོག་དོར་དགོས་ཀྱང་འགྱོད་པ་སྤུ་ཙམ་ཡང་མེད།དེ་ནི་ངའི་ཕུགས་བསམ་ཡིན། ངས་ནམ་ཡིན་ཡང་རང་ཉིད་ཀྱི་བླ་ན་མེད་པའི་ཕུགས་བསམ་མངོན་འགྱུར་བྱེད་པར་རེ་སྒུག་དང་ཡིད་ཆེས་ཀྱིས་ཁེངས་ཡོད།
འདི་ནི་ངའི་ཕུགས་བསམ་ཡིན་ལ། ངའི་མ་འོངས་བ་ཡང་ཡིན། དེ་བས། ང་དང་ང་འདྲ་བའི་རང་ཉིད་ཀྱི་རླབས་ཆེ་བའི་ཕུགས་བསམ་མངོན་འགྱུར་བྱེད་པར་རེ་སྒུག་དང་ཡིད་ཆེས་ཀྱིས་ཁེངས་ཡོད་པའི་སློབ་གྲོགས་ཚོ། ང་ཚོས་ད་ནས་བཟུང་སློབ་སྦྱོང་ལ་འབད་པ་དང་རང་ཉིད་ཀྱི་ཕུགས་བསམ་མངོན་འགྱུར་བྱེད་པར་ཡིད་ཆེས་བརྟན་པོ་ཡོད་དགོས། མ་འོངས་པར་དོན་དག་ཅི་ཞིག་ལ་འཕྲད་ཀྱང་ངེས་པར་དུ་འབད་པ་ལྷུར་ལེན་བྱེད་དགོས།


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青


编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心