第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > རྒས་བཞིན་པའི་ཨ་མ།༼ལྕགས་མོ། ༣༨འཛིན་གྲྭ།༽

རྒས་བཞིན་པའི་ཨ་མ།༼ལྕགས་མོ། ༣༨འཛིན་གྲྭ།༽

2023年06月22日 11:43:50 访问量:67 作者:吉毛
ལྕགས་མོ།དམའ་གསུམ་འཛིན་གྲྭ་བརྒྱད་པ།
རེད་ཡ། འཇིག་རྟེན་འདིར་གོམ་པ་དང་པོ་སྤོས་པ་ནས་བཟུང་།  ང་རང་དྲིན་ཆེན་ཨ་མའི་དྲོད་ཁོལ་དང་ལྷག་བསམ་དཀར་པོའི་ཐུ་འོག་ནས་འཚར་ལོངས་འབྱུང་བཞིན་ཡོང་།  དུས་དེ་ནས་བཟུང་སྟེ། ངའི་མིག་ལམ་ནས་ནམ་ཡང་ཡལ་མི་སྲིད་པ་ནི་དྲིན་ཆེན་ཨ་མ་ཁྱེད་ཀྱི་ཞལ་རས་གཉོམ་པོ་དེ་ཡིན།
དྲིན་ཆེན་ཨ་མ་ཁྱེད་ཀྱིས་དཀའ་ངལ་ལ་མི་འཛེམ་པར་ཟླ་དགུ་ཞག་བཅུར་མངལ་དུ་སྦྲུམས་ནས་ང་རང་འཇིག་རྟེན་འདིར་ཐོག་མར་བསུས། དུས་ཀྱི་རྒྱུན་དང་བསྟུན་ནས་ང་རིམ་གྱིས་ནར་སོན་བཞིན་ཡོད།  དུས་ཚོད་ནི་ཆུ་རྒྱུན་བཞིན་བར་མེད་དུ་མདུན་དུ་བསྐྱོད་པ་ལས་ནམ་ཡང་ཕྱིར་ལྡོག་པའི་སྐལ་བ་ཧ་ཅང་ཕྲ།  དུས་ཚོད་ཀྱི་འགྲོས་དང་བསྟུན་ནས་དྲིན་ཆན་ཨ་མ་ཁྱེད་ཀྱི་གདོང་ལ་རྒས་པའི་རི་མོ་མངོན་པར་གསལ་ཅིང་། མགོ་ལ་སྤྲ་བའི་མེ་ཏོག་ལྷུག་གེར་བཞད།
དྲིན་ཆེན་ཨ་མ་ལགས། མཛེས་སྡུག་གི་ལང་ཚོ་དང་བདེ་སྐྱིད་ཀྱི་མི་ཚེའི་ཕྱེད་ཀ་ཤོར་ན་ཡང་། ཁྱེད་ཀྱིས་ཉིན་མོའི་ཟས་དང་མཚན་མོའི་གཉིད་བཅག་ནས་ང་ལ་གཉོར་སྐྱོང་དང་བདག་སྐྱོང་གང་ལེགས་བྱས་པ་བུ་མོ་ངའི་སེམས་ཀྱི་དྲན་ངོས་སུ་གསལ་ལྷང་ངེར་འཆར་གྱིན་འདུག
ཁྱེད་ཀྱིས་ཁྱིམ་ཚང་འདིའི་ཆེད་དུ་སེན་མགོ་ཁྲག་དང་སེན་རྟིང་རྣག་བྱས་ཏེ་དབྱར་ཟླ་གསུམ་གྱི་ཚ་བ་དང་དགུན་ཟླ་གསུམ་གྱི་གྲང་ངར་ལ་མི་འཛེམ་པར་སྡུག་བསྔལ་ཡོད་ཚད་རྒྱབ་ཏུ་བསྐྱུར་ནས་དཀའ་ལས་གང་མང་མྱངས། དཀའ་ངལ་དེ་དག་ལ་གདོང་གཏད་ནས་ལུས་པོའི་ཟུངས་ཡོད་ཚད་ཟད་པར་གྱུར་ཀྱང་། ཁྱེད་ཀྱི་བྱམས་བརྩེའི་སྤོབས་པའི་མཁའ་མཐའ་ཡངས་ཤིང་རྒྱ་ཆེ་ལ། བརྩེ་སེམས་ཀྱི་འོ་མའི་ཆུ་རྒྱུན་ནམ་ཡང་མཚམས་ཆད་མ་མྱོང་།
བརྩེ་བ་རྒྱ་མཚོ་ལས་གཏིང་ཟབ་ཅིང་།  དུང་བ་རི་རབ་ལས་དཔངས་མཐོ་བའི་དྲིན་ཆེན་ཨ་མ་ལགས། ཁྱེད་ནི་ངའི་མི་ཚེ་གཅིག་གི་མིག་དཔེ་བལྟ་ས་དང་།  ཡིད་སྨོན་བྱེད་ས། གུས་བཀུར་བྱེད་སའི་གཞི་ཁྱད་པར་བ་དེ་ཡིན།  ཁྱེད་ཡོད་པས།  བུ་མོ་ངའི་འཁྱགས་པའི་སེམས་ལ་དྲོད་ཁོལ་གྱིས་ཁྱབ་བྱུང་ལ།  ཁྱེད་ཡོད་པས།  ངའི་མདུན་ལྗོངས་ཀྱི་ཞིང་ས་ལ་རེ་བའི་མྱུ་གུ་འབུས་བྱུང་ལ། ངའི་ནང་སེམས་ཀྱི་འཇིག་རྟེན་ལ་དྲོད་ཁོལ་གྱི་ཉི་མ་ཤར་བྱུང་ངོ་།།


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青
编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心