第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > སྦྲང་དཀར་རྩམ་པ།༼སྒྲོལ་མ་སྐྱིད།༢༥འཛིན་གྲྭ ༽

སྦྲང་དཀར་རྩམ་པ།༼སྒྲོལ་མ་སྐྱིད།༢༥འཛིན་གྲྭ ༽

2023年06月22日 11:48:36 访问量:102 作者:卓玛吉
སྒྲོལ་མ་སྐྱིད།དམའ་གཉིས་འཛིན་གྲྭ་ལྔ་པ།   
བོད་མི་ཞིག་ལ་མཚོན་ན་སྦྲང་དཀར་རྩམ་པ་ཟ་བ་ནི་དུས་རྒྱུན་གྱི་འཚོ་བའི་ཁྲོད་མེད་དུ་མི་རུང་བའི་ཟས་མཆོག་ཅིག་ཡིན།
སྦྲང་དཀར་རྩམ་པ་ནི་ཡབ་མེས་གོང་མ་དག་གིས་ང་ཚོར་གནངས་པའི་གསེར་ལས་ལྷག་པའི་ཟས་མཆོག་ཅིག་ཡིན་པར་མ་ཟད།    བོད་མི་ཚོས་བཀྲ་ཤིས་པའི་ལྷ་རྫས་ཀྱི་མཚོན་རྟགས་ཤིག་ཏུའང་བརྩིས་ཏེ།   ལོ་གསར་སོགས་ཀྱི་སྐབས་སུ་ནས་འབྲུ་སྔོན་མོ་དང་སྦྲང་དཀར་རྩམ་པས་གྲོ་སོ་ཕྱེ་མར་བཟོས་ནས་ལྷ་ལ་མཆོད་པར་བྱེད།
འོན་ཀྱང་།  དེངས་སྐབས་ཚན་རིག་ལག་རྩལ་འཕེལ་རྒྱས་བྱུང་པ་དང་བསྟུན་ནས།  ཟས་རིགས་སྣ་ཚོགས་ལས་སྣོན་བྱེད་པས་མི་མང་པོ་དེ་ལ་རོལ་རྒྱུར་དགའ་ཞིང་།    ལུས་ལ་མི་གནོད་ཅིང་ཁ་ལ་ཞིམ་པ་དང་། འཚོ་བཅུད་འཛོམས་པའི་ཟས་མཆོག་འདི་མི་མང་པོ་ཞིག་ལ་བཟའ་འདོད་མེད་པའི་ཚོར་བ་སྟེར།  འོན་ཀྱང་ང་ནི་བོད་མི་ཞིག་ཡིན་པའི་ཆ་ནས་རྩམ་པ་མི་ཟ་བ་དེ་ནི་ཅུང་ངོ་ཚ་དགོས་པ་ཞིག་རེད་དོ་སྙམ།
   ང་ཚོས་སྲོལ་རྒྱུན་གྱི་རིག་གནས་དང་འཚོ་བའི་གོམས་གཤིས་ལེགས་པོ་རྣམས་རྒྱུན་འཛིན་བྱེད་པར་བརྩོན་དགོས།  དཔེར་ན། སྦྲང་དཀར་རྩམ་པར་གཞན་ལས་འཕགས་པའི་ཁྱད་ཆོས་མང་པོ་ཡོད་དེ།     གཡོ་སྐོལ་གྱི་ཆ་ནས་ཤ་སོགས་ལྟར་བཙོ་མི་དགོས་པར་ཆུ་ཁོལ་ཡོད་པ་ཙམ་གྱིས་རོལ་ཆོག་པས་སྟབས་བདེ་ཞིང་ཁ་ལ་ཞིམ་པ་དང་།   དེང་རབས་རྫས་འགྱུར་ཟས་རིགས་དང་བསྡུར་ན་མི་གཙང་བའི་ལྷད་ཀྱིས་མ་གོས་ཤིང་ལུས་ཕུང་ལ་ཧ་ཅང་འཕྲོད་པའི་བདེ་ཐང་ཟས་རིགས་ཡིན་ལ།   འཚོ་བཅུད་ཆེ་ཞིང་ཡུན་རིང་ལྟོགས་བསྲན་ཐུབ་པའི་ཁྱད་ཆོས་ལྡན་པས།   ངག་རྒྱུན་དུ།  གནའ་སྔ་མོའི་དམག་འཁྲུག་གི་སྐབས་སུ། བོད་དམག་གིས་རྒྱལ་ཁ་མང་དུ་ལེན་ཐུབ་པའི་རྒྱུ་རྐྱེན་གཅིག་ཀྱང་། དམག་རྒྱགས་ལ་སྦྲང་དཀར་རྩམ་པ་ཁྱེར་ནས་ལྟོགས་དུས་ཁམ་བུ་རེ་འགམ་ཏེ་ཟས་ཤིང་། ལྟོགས་བསྲན་ཆེ་བས་ལུས་ཀྱི་ངར་ཤུགས་རྒྱས་ནས་དགྲ་བོ་ལས་རྣམ་པར་རྒྱལ་བའི་ལོ་རྒྱུས་ཡོད་པ་རེད།
སྦྲང་དཀར་རྩམ་པ་ནི་ཟས་མཆོག་ཅིག་ཡིན་པར་མ་ཟད།   ནད་རིགས་མང་པོར་ཕན་པའི་སྨན་མཆོག་ཅིག་ཀྱང་ཡིན་ཏེ།   རྩམ་པས་གཅིན་པ་མངར་འགྱུར་གྱི་ནད་སོགས་ལ་ཕན་པར་བརྗོད་པས།  སྦྲང་དཀར་རྩམ་པ་ནི་ངེད་བོད་པ་ཚང་གི་འགྱུར་མེད་ཀྱི་མཚོན་རྟགས་ལེགས་པོ་ཞིག་ཀྱང་ཡིན་ནོ། །

        

主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青


编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心