第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > ​ཕ་ལགས། ༼ཚེ་དབང་དཔལ་ལྡན། དམའ་གཅིག་འཛིན་གྲྭ་དྲུག་པ།༽

​ཕ་ལགས། ༼ཚེ་དབང་དཔལ་ལྡན། དམའ་གཅིག་འཛིན་གྲྭ་དྲུག་པ།༽

2023年07月21日 18:50:14 访问量:44 作者:才昂华旦
ཕ་མ་བཙན་ན་བུ་ཕྲུག་འཇོན།
_____བོད་ཀྱི་གཏམ་དཔེ།
ཚེ་དབང་དཔལ་ལྡན། དམའ་གཅིག་འཛིན་གྲྭ་དྲུག་པ།
ངའི་ཕ་ལགས་ནི་ད་ལྟ་ཕོ་ལོ་སུམ་ཅུ་སོ་བདུན་ལ་སོན་ཡོད་ཅིང་།ཁོའི་གཟུགས་ནི་དེ་འདྲ་རིང་རྒྱུ་མེད་ལ་ཐུང་རྒྱུའང་མེད་པའི་ཁར་ལུས་ཅུང་ཟད་རྒྱགས་པོ་ཞིག་ཡིན།ཁོའི་ཁ་ནས་བཤད་པའི་ཚིག་རྩུབ་ཀྱང་ནང་སེམས་ནི་ཧ་ཅང་བཟང་ལ་འཇམ་པ་ཞིག་ཡིན།
དུས་རྒྱུན་ངའི་ཕ་ལགས་ནི་བྱ་བ་ཅི་ཞིག་སྒྲུབ་ཀྱང་རང་ཚུགས་ཡོད་ལ་གཟབ་ནན་ཆེ་བ་ཞིག་ཀྱང་ཡིན་པས།ཕ་ལགས་ཀྱི་མིང་སྲིང་ཚོའི་བྱིས་པ་མཐའ་དག་ཁོ་ལ་ཧ་ཅང་སྐྲག་པ་རེད།དེ་ནི་ཁོང་གིས་དུས་རྒྱུན་ང་ཚོར་ཤ་ཚ་ཚ་དང་སྙིང་ཉེ་ཉེ་བྱས་ནས་བྱམས་ཀྱིས་བསྐྱངས་པའི་རྟགས་ཤིག་ཀྱང་ཡིན་པ་འདྲ། ཐེངས་ཤིག་ལ་དྲ་ལམ་སློབ་ཁྲིད་ཀྱི་སྐབས་སུ་དགེ་རྒན་གྱིས་དྲ་ལམ་ནས་སློབ་ཁྲིད་བྱས་ཏེ་རྒྱུགས་ཤིག་བླངས་པས།ང་རང་སློབ་ཁྲིད་ལ་དུས་ལྟར་མ་ཞུགས་པ་དང་རྒྱུགས་ཀྱང་སྤྲོད་མ་ནུས་པ་དེ་ཕ་ལགས་ཀྱིས་ཤེས་རྗེས།དེ་མ་ཐག་དགེ་རྒན་ལ་ཁ་པར་གཏོང་ཞོར་ང་ལ་སྡིགས་མོ་བྱས།ཁ་པར་བཏང་ནས་གནས་ཚུལ་དྲིས་རྗེས་མེ་ཡོག་བཟུང་ནས་ང་ལ་རྡུང་རྩིས་བྱས།སྐབས་དེར་ངའི་སེམས་སུ་ཕ་ལགས་ནི་ཅི་འདྲའི་གདུག་རྩུབ་ཆེ་ཞིང་གཏུམ་དྲག་ལྡན་པ་ཞིག་རེད་བསམ་ཚིག་པ་གཏིང་ནས་ཟས། རེད་དེ་ད་ལྟ་ཕྱིར་འདང་རེ་བརྒྱབ་ཚེ་ཨ་ཕའི་སྡིགས་མོ་གཏོང་བ་དང་གཅར་རྡུང་བྱེད་པ་ཡོད་ཚད་ང་རང་བསམ་པ་ཡིན་ལ།བུ་ཆུང་ངའི་མདུན་ལམ་དང་ཁྱིམ་ཚང་གི་བདེ་སྡུག་ཡོད་ཚད་ཐད་འགན་ཁུར་བའི་རྣམ་འགྱུར་ཞིག་ཀྱང་ཡིན་པར་མ་ཟད་དེ་ནི་ཕ་མས་བུ་ཕྲུག་ལ་ཤ་ཚ་སྟངས་ཤིག་ཀྱང་ཡིན་པས་ང་རང་ཕྱིར་ཕ་ལགས་ཀྱི་སྟེང་དུ་ཁོང་ཁྲོ་སྐྱེས་པ་དང་ཚིག་པ་ཟ་བ་ནི་ངའི་ནོར་འཁྲུལ་ཞིག་ཡིན་པ་གཞི་ནས་རྟོགས་སོང་།ཡང་ན་ངའི་མིང་སྲིང་ཚོ་དང་ཚ་བོ་ཚ་མོ་དག་གིས་ཀྱང་ཉིན་ཞིག་ཕ་ལགས་ཀྱི་ཁོང་ཁྲོའི་ཚིག་རྩུབ་དང་གཏུམ་དྲག་གི་སྤྱོད་པ་དེ་དག་ང་ཚོའི་ཆེད་དུ་ཕུལ་བའི་ཤ་ཚའི་སྙིང་གཏམ་དང་དཀའ་སྡུག་གི་རྔུལ་ཆུ་ཡིན་པ་ཤེས་བར་སྨོན།
མཇུག་ཏུ་ངས་ཁྱོད་ལ་ངའི་ཕ་ལགས་ཀྱི་ཁྱད་ཆོས་གཞན་ཞིག་ངོ་སྤྲོད་བྱེད་པར་འདོད་དེ།ཕ་ལགས་ནི་ཆུང་དུས་སློབ་གྲྭར་འགྲིམས་པའི་གོ་སྐབས་དེ་འདྲ་མ་ལྡན་ནའང་།ཁོ་རང་བོད་ཀྱི་སྲོལ་རྒྱུན་རིག་གནས་སྤྱི་དང་ལྷག་པར་དུ་ང་ཚོ་བོད་ཀྱི་གཏམ་དཔེའི་རིག་གནས་སྐོར་ལ་ཧ་ཅང་དགའ་ལ་གཏམ་དཔེ་བཤད་པར་སྤྲོ་བའི་ཁ་བདེ་ལྕེ་བདེ་ཞིག་ཀྱང་ཡིན་པས།ན་ནིང་དབྱར་ཁར་ང་ཚོ་སྡེ་བའི་དགའ་སྟོན་གྱི་སྐབས་སུ་གཏམ་དཔེ་འགྲན་སྡུར་ལས་ཨང་གཉིས་པའི་བྱ་དགའ་ཐོབ།ད་ལྟ་ཁོའི་རེ་བ་ནི་ཁོ་རང་སྲིད་པ་གཏམ་གྱི་ཕ་ས་སྟེ་རྩེ་གཞུང་སྨན་ལྗོངས་ཕྱུག་མོའི་གཏམ་དཔེ་གདན་ཞུའི་འགྲན་བསྡུར་ལ་ཞུགས་ཐུབ་རྒྱུ་དེ་ཡིན་པས།ངས་ཀྱང་ཁོའི་རེ་འབྲས་དོན་སྨིན་ཡོང་བའི་སྨོན་འདུན་སྙིང་ནས་ཞུ་ན་འདོད།
ཕ་ལགས།སྐུ་དྲིན་ཆེ།ཁྱོད་ཀྱིས་འོ་བརྒྱལ་མྱངས་སོང་།


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:许振长
编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心