第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > ཕ་ཡུལ་གྱི་ལོ་གསར།༼དབང་མཚོ་སྐྱིད།དམའ་གཉིས་འཛིན་གྲྭ་ལྔ་པ།༽

ཕ་ཡུལ་གྱི་ལོ་གསར།༼དབང་མཚོ་སྐྱིད།དམའ་གཉིས་འཛིན་གྲྭ་ལྔ་པ།༽

2023年07月21日 19:10:07 访问量:51 作者:昂措吉
དབང་མཚོ་སྐྱིད།དམའ་གཉིས་འཛིན་གྲྭ་ལྔ་པ།
​བོད་ཟླ་དང་པོའི་ཚེས་གཅིག་ནི་བོད་ཀྱི་སྲོལ་རྒྱུན་ལོ་གསར་ཏེ།ཉིན་དེ་ནི་ལོ་རྙིང་པ་ཞིག་ཕར་ལ་བསྐྱལ་ནས་ལོ་གསར་བ་ཚུར་བསུ་བའི་བཀྲ་ཤིས་པའི་ཉིན་མོ་ཞིག་ཡིན་པས།ང་ཚོ་བྱིས་པ་ཚོས་རྒྱུན་དུ་ཡིད་ལ་དྲན་ཞིང་ཡུན་རིང་རེ་སྒུག་བྱེད་པའི་དུས་སྟོན་ཞིག་ཀྱང་ཡིན།
ལོ་སར་སླེབས་ཚེ།བྱིས་པ་ཚང་མས་ཟས་སྣ་མང་པོར་རོལ་རྒྱུར་བྲེལ་ཅིང་།འགའ་རེས་ལོ་སྐལ་གྱི་སྒོར་མོ་མོད་པོ་ཞིག་ཐོབ་པར་རེ་སྒུག་བྱེད།འོན་ཀྱང་ང་ནི་དེ་ལས་ཀྱང་ཁྱིམ་མི་ཉེ་འབྲེལ་མང་པོ་མཉམ་འཛོམས་བྱུང་ནས།ལྭ་གསར་བ་གྱོན་ཞིང་ཟས་ཞིམ་པོར་རོལ་བཞིན་གླུ་ལེན་གར་རྩེད་བྱེད་པའི་དགའ་སྟོན་ལ་ཧ་ཅང་དགའ་ཞིང་རེ་སྒུག་ཆེ།
བོད་ལོ་ཉེར་དགུར་སླེབས་དུས།ངས་ཨ་མར་རོགས་བྱས་ནས་ཁང་བའི་སྒོ་ཁྱིམ་ཕྱི་ནང་ལ་གཙང་སྦྲ་ཡག་པོ་ཞིག་བྱས་པ་དང་།ཁྱིམ་ནང་གི་སྣོད་ཅ་ལག་གཙང་མར་བཀྲུས་ཏེ་མི་གཙང་བའི་གད་སྙིགས་ཡོད་ཚད་ཕྱིར་དོར།ཕྱི་དྲོའི་ཆུ་ཚོད་གསུམ་པ་ཙམ་ནས་ང་ཚོས་ཤ་དང་ཚོད་མ་འཚོད་པ་དང་།དགུ་ཐུག་ལ་གྲ་སྒྲིག་བྱས་ཤིང་།དགུ་ཐུག་ཕུན་སུམ་ཚོགས་པ་ཞིག་འཐུང་རྗེས་ད་གཟོད་ངལ་གསོས།གནམ་གང་གི་ཉིན་མོར་ཡང་ང་ཚོས་ལོ་གསར་ལ་གྲ་སྒྲིག་གིས་མ་ཁོམ་ཞིང་།དགོང་མོར་ཨ་ཕར་རོགས་བྱས་ཏེ་ཀ་ར་སིལ་ཏོག་དང་ཤ་ཐུད་ཀྱི་སྡེར་ཁ་གྲལ་དག་ཅིག་བསྒྲིགས་པ་ཡིན།
ལོ་གསར་ཚེས་གཅིག་གི་ཞོགས་པའི་ཆུ་ཚོད་གཅིག་པར་སླེབས་མ་ཐག ངེད་ཚང་གི་བཟའ་མི་གང་པོ་མལ་ལས་ལངས་ཏེ་ཁ་ལག་གཙང་མ་རེ་བཀྲུས་ཤིང་།རྟེན་འབྲེལ་གྱི་མགོ་མར་ལྷ་བསང་བཏང་སྟེ་ཤོག་སྦག་བརྒྱབས་པ་དང་།མར་མེ་སྒྲོན་ཅིང་མཆོད་པ་ཕུལ་རྗེས་ལོ་གསར་བའི་ཟས་ཕུད་ལ་རོལ་བ་ཡིན།
ནམ་ལངས་རྗེས་བྱིས་པ་དང་གཞོན་པ་རྣམས་ཉེ་མི་ཁྱིམ་མཚེས་ཀུན་ལ་ལོ་གསར་དུ་འགྲོ་ཞིང་།ཕྱུགས་ལ་རྟག་ཏུ་འཕེལ་ཁ་དར།ཞིང་ལ་འབྲུ་དྲུག་ལོ་ལེགས་འབྱུང་།མི་ལ་ནད་མེད་ཚེ་ཐག་རིང་།བྱ་བ་ཐམས་ཅད་ཡར་ངོའི་ཟླ་ལྟར་འཕེལ་ཞེས་ཕན་ཚུན་ལ་བཀྲ་ཤིས་བའི་སྨོན་ལམ་འདེབས་ཞིང་སྐྱིད་པའི་ལོ་གསར་ལ་རོལ་ཏོ།།




主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:许振长


编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心