第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > རྟོགས་འགྱུ་ཕྲ་མོ།༼བཀྲ་ཤིས་ཡར་འགྲོ། ༽

རྟོགས་འགྱུ་ཕྲ་མོ།༼བཀྲ་ཤིས་ཡར་འགྲོ། ༽

2023年07月21日 19:36:40 访问量:57 作者:索南叶卓


༡ མཚན་མོར་རྙེད་པའི་སྐར་མ།
བཀྲ་ཤིས་ཡར་འགྲོ། (རྩེ་ཁོག)
ས་སྲོད་ཀྱི་མཚམས་སུ
ཉི་མ་རིམ་བཞིན་ནུབ་པ་དང
དེ་དང་ཆབས་ཅིག་སྐར་ཚོགས་རིམ་གྱིས་མང་དུ་ཕྱིན
ས་གཞི་ཆེན་པོ་སྟེ་རི་རབ་དང་གཙང་བོ
མཚན་ལྗོངས་སུ་མུན་ནག་གིས་ཁེངས་བཞིན་མཆིས

བསིལ་རླུང་དལ་གྱིས་ལྡང་དུས
སློབ་མའི་ཚོགས་ཀྱིས་བག་ཕེབས་ངང་བློ་སྐྱོར་བྱེད་པ་མཐོང་མོད
མཛེས་སྡུག་ལྡན་པའི་སྐར་ཚོགས་ཀྱིས་ནམ་ཡང་ང་ལ་མཛེས་སྡུག་ལྡན་པའི་ཕྱིར་དྲན་དང་རང་དབང་གི་བསམ་བློ་གནང

མཚན་མོ་དེར
ངས་མགོ་བོ་ཡར་བཀྱགས་ནས་སྐར་ཚོགས་ལ་བལྟས་ཏེ
འདས་སོང་ལ་ཕྱིར་དྲན་བྱས

མཚན་མོ་དེར
ནམ་མཁའི་སྐར་མ་ནི་མིག་ཆུང་ཆུང་མང་པོ་དང་འདྲ་བར་ལྡེབ་ཙམ་ལྡེབ་ཙམ་བྱེད
བདག་གིས་ཕྱི་ཕྱོགས་ཀྱི་འཇིག་རྟེན་ལ་ཡང་ཡང་བལྟ་བཞིན་ཡོད་པས་ངོ་མཚར་ཆེ་བ་ལ

མཚན་ལྗོངས་ཇི་ལྟར་མཛེས་ཀྱང
བཀྲག་མདངས་ཆེས་ཆེ་བ་ནི
མཚན་མོའི་མཁའ་དབྱིངས་སུ་སྙིང་དུ་སྡུག་པའི་སྐར་མའོ

ཁྱོད་ཀྱིས་ཤེས་སམ
སྐར་མ་དེ་ལྟར་རྣམ་པར་བཀྲ་བའི་རྒྱུ་མཚན་ནི
སྐྱི་གཡའ་བའི་འཇིག་རྟེན་དུ་མུན་ནག་གང་སར་ཁྱབ་ཀྱང
སྙིང་དུ་སྡུག་པའི་སྐར་མའི་འོད་ཟེར་གྱིས་མུན་པ་གསལ་བར་བྱེད་ཐུབ་པས་མ་ཡིན་ནམ

མཚན་མོ་དེར
ང་ཙོག་པོར་བསྡད་དེ
སློབ་གྲྭའི་ཁོར་ཡུག་གི་ལྷིང་འཇགས་བཙལ
རང་ཉིད་ཀྱིས་ཁེར་རྐྱང་གི་གཟུགས་བརྙན་ལ་བལྟས་ཏེ
རང་ཉིད་སྐར་ཚོགས་དེའི་གྲུབ་ཆ་ཞིག་ཏུ་གྱུར་ནས
དུས་ཚོད་ནང་གི་སེམས་པ་ལ་ཁེར་རྐྱང་གི་ན་ཟུག་ཕུལ

༢ མིང་མེད།

ངའི་མིན མིག་ངའི་མིན
ཕྱི་རོལ་མཛེས་སྡུག་གི་བཀོད་པའི་གཟུགས་ཁམས་འདི་ངའི་མིན

ངའི་མིན རྣ་ངའི་མིན
ངུ་འབོད་དགོད་སྒྲ་ཡི་དབྱངས་རྟའི་འགྱུར་ཁུགས་འདི་ངའི་མིན

ངའི་མིན སྣ་ངའི་མིན
དྲི་བསུང་ཕྱོགས་བཅུར་ཁྱབ་པའི་མི་རྙིད་པ་འདི་དག་ཡང་ངའི་མིན

ངའི་མིན ལྕེ་ངའི་མིན
རོ་བཅུད་མཆོག་ལྡན་གྱི་ཞིང་ས་སྣུམ་པོ་འདི་ངའི་མིན

ངའི་མིན ལུས་པོ་འདི་ངའི་མིན
ཡིད་འོང་ཉམས་ལྡན་གྱི་མཆོད་པའི་རེག་བྱ་འདི་ངའི་མིན

2023.4.12ཉིན་རང་རེས་སློབ་གྲྭ་ནས་བྲིས་པའོ།།

主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青


编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心