第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > ངའི་སེམས་ཁོང་གི་ཉི་མ་ལྟ་བུའི་ཡབ་ཆེན་ལགས།༼ཐང་རྙེད་སྐྱིད། ༣༤༽

ངའི་སེམས་ཁོང་གི་ཉི་མ་ལྟ་བུའི་ཡབ་ཆེན་ལགས།༼ཐང་རྙེད་སྐྱིད། ༣༤༽

2023年06月22日 11:40:33 访问量:70 作者:唐尼基

ཐང་རྙེད་སྐྱིད། དམའ་གསུམ་འཛིན་གྲྭ་བཞི་པ།

དུས་ཚོད་ནི་ཆུ་བོའི་བཞུར་རྒྱུན་དང་འགྲོགས་ཏེ་མདུན་ནས་མདུན་དུ་བསྐྱོད་པའི་མི་ལོ་བཅུ་ཕྲག་གི་རིང་ལ། ང་ཚོ་དང་འཕྲད་པའི་མི་ནི་ནམ་མཁའི་སྐར་ཚོགས་ལས་ཀྱང་མང་ལ་རྩྭ་ཐང་སྟེང་གི་མེ་ཏོག་ལས་ཀྱང་མང་མོད། འོན་ཀྱང་། ངའི་སེམས་སུ་ནམ་ཡང་མི་གཞན་གྱིས་ཚབ་ཏུ་མེད་པ་ནི་བདག་གི་ཨ་ཕ་ཡིན། ཁོང་གིས་ང་ལ་དཔྲལ་པའི་མིག་དང་ཁོག་གི་སྙིང་ལྟར་གཅེས། ཁོང་གིས་ང་ལ་བཅངས་པའི་བརྩེ་བ་ནི་རྒྱུ་ནོར་དང་གོ་ཐོབ་ཀྱིས་ཚད་འཇལ་ཐབས་ཡེ་ནས་མེད། བཀའ་དྲིན་ཅན་གྱི་ཨ་ཕ་ཁྱེད་ནི་ནམ་མཁའི་ཉི་མ་ཡིན་ལ། ང་ནི་ས་ནས་འབུས་མ་ཐག་པའི་མྱུ་གུ་ཞིག་དང་འདྲ་བར་ཁྱེད་ཀྱི་ཉི་འོད་ཀྱི་གཟིགས་སྐྱོང་འོག་ནས་འཚར་ལོངས་བྱུང་བ་ཡིན།

ངའི་ཨ་ཕ་ནི་སློབ་གྲྭར་འགྲིམས་མ་མྱོང་བའི་སྤྱིར་བཏང་གི་འབྲོག་པ་ཞིག་ཡིན་ལ། ཁོང་ནི་ནམ་རྒྱུན་མི་གཞན་དང་ལྷག་པར་དུ་བྱིས་པ་ཆུང་ཆུང་ཚོ་ལ་ཀུ་རེ་རྩེ་རྒྱུར་ཧ་ཅང་དགའ་བའི་མི་བུ་རྩེ་མཚར་ཅན་ཞིག་ཡིན་པས། དུས་རྟག་ཏུ་གདོང་ལ་བྱམས་པའི་འཛུམ་དང་སེམས་སུ་བརྩེ་བའི་འོད་ཀྱིས་ཁེངས་པ་ཞིག་ཡིན། དེ་ལྟ་ནའང་། ང་དང་ངའི་ཕུ་ནུ་མིང་སྲིང་ཚོའི་ཐོས་བསམ་སློབ་གཉེར་གྱི་ཕྱོགས་ལ་དུས་ནམ་ཡང་ལྷོད་གཡེང་མེད་པར་ནན་ཏན་གཙིགས་ཆེར་བྱེད་མཁན་གྱི་མི་བུ་ཞིབ་ཚགས་ཅན་ཞིག་ཀྱང་ཡིན།

ཐེངས་ཤིག་ལ་ངས་སྐར་འབྲས་ཅུང་ལེགས་པོ་ཞིག་མ་ལོན་པས། ཡུལ་དུ་ཐོན་རྗེས་ཨ་ཕར་སྐར་འབྲས་མི་བཟང་ཞེས་བཤད་པ་ན། ཁོང་གིས་ང་ལ‘‘ཕམ་ཁ་ནི་རྒྱལ་ཁའི་རྩ་བ་ཡིན།’’ཟེར་བཞིན་ང་ལ་སེམས་གསོ་གང་མང་བྱས། སྐབས་དེར་ཁོས་ང་ལ་སེམས་གསོ་བྱེད་པའི་བཟོ་ལྟ་དང་བྱ་བྱེད། སྐད་ཆ་སོགས་ད་ལྟའང་ངའི་སེམས་སུ་གསལ་ལྷང་ངེར་དྲན་ཡོང་། ད་ལྟ་ཞིབ་འདང་རེ་བརྒྱབ་སྟེ་ཨ་ཕ་ལགས་ཀྱིས་ང་ལ་བཅངས་བའི་བརྩེ་བ་དང་བྱམས་སྐྱོང་ལ་ཉམས་ཞིབ་རེ་བྱས་ཚེ། ཡོད་ཚད་ཀྱི་ཡོད་ཚད་བརྩེ་བ་དང་སྙིང་རྗེ་ཡིས་ཁེངས་འདུག སྤྱིར་བཏང་གི་བྱ་བ་ཡོད་ཚད་ཀྱང་སྤྱིར་བཏང་ལས་འགོངས་བ་ཤ་སྟག་ཏུ་འཁུམས།

ད་ལྟ་ཁོའི་གནག་ཅིང་སྣུམ་པའི་སྐྲ་ལོའི་ནང་དུ་རྒས་རྟགས་སྟོན་པའི་སྐྲ་ལོ་དཀར་པོ་འགའ་ཡོད་ལ། དཀའ་ཚེགས་ཀྱི་ལོ་ཟླས་ཁོང་གི་གདོང་ལ་ཆུ་རིས་དང་འདྲ་བའི་གཉེར་མ་གང་མང་ཡང་བཞག་ཡོད། ང་སྐྱེས་པའི་དགའ་སྣང་གིས་ང་སྐྱོང་བའི་སྡུག་བསྔལ་མ་ཚོར། ངས་ཀྱང་ཁོང་གི་རེ་བ་གཏོང་ཟད་དུ་མི་གཏོང་བར་སློབ་སྦྱོང་གི་ཕྱོགས་ལ་གང་ཐབས་ཀྱིས་འབད་པ་བྱས་ཏེ་མ་འོངས་པར་སྤྱི་ཚོགས་ལ་ཕན་པའི་མི་བུ་ཞིག་བྱ་བར་ཁས་འཆེས་པ་ཡིན།


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青
编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心