第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > དགེ་རྒན་ལགས། ངས་ཁྱེད་ལ་འདི་ལྟར་ཞུ་འདོད།༼སྙིང་མོ་རྒྱལ།༣༨འཛིན་གྲྭ༽

དགེ་རྒན་ལགས། ངས་ཁྱེད་ལ་འདི་ལྟར་ཞུ་འདོད།༼སྙིང་མོ་རྒྱལ།༣༨འཛིན་གྲྭ༽

2023年06月22日 11:12:23 访问量:61 作者:娘毛加

སྙིང་མོ་རྒྱལ། དམའ་གསུམ་འཛིན་གྲྭ་བརྒྱད་པ།

དགེ་རྒནལགས། ཁྱེད་ནི་བདག་བློའི་མུན་པ་སེལ་བའི་ལམ་སྟོན་གྱི་སྒྲོན་མེ་དང་།  ཁྱེད་ནི་བདག་གི་འབྱུང་འགྱུར་ལ་བདེ་སྐྱིད་བསྐྲུན་མཁན་ཡིན་པས།  བདག་གིས་ཁྱེད་ཀྱི་འགྱུར་མེད་ཀྱི་སྙིང་སྟོབས་དང་ལྷད་མེད་ཀྱི་གཤིས་རྒྱུད་ལ་རྗེས་སུ་ཡི་རང་བྱེད་བཞིན་ཡོད།  ཁྱེད་ཀྱི་འགྱུར་མེད་ཀྱི་བརྩོན་སེམས་དང་ཞུམ་མེད་ཀྱི་སྤོབས་པ་དེ་ནི་གངས་དཀར་རི་བོ་བཞིན་བརྟན་ཅིང་བརྗིད།

དགེ་རྒན་ལགས། ཁྱེད་ཀྱི་བྱམས་བརྩེ་དྲོད་མོའི་ཐུ་འོག་ཏུ་ང་ཚོའི་ཉམ་ཆུང་གི་ལང་ཚོ་ལ་གཉོམ་ལག་རྒྱས་པར་གཞན་ཕན་གྱི་སྦྲང་ཆང་རྣམ་ཀུན་དུ་འཇོ་མྱོང་།  ཤེས་རིག་ནོར་གྱིས་ཕྱུག་པའི་ཁྱེད་ཀྱི་རྣམ་དཔྱོད་ལས་ང་ཚོའི་རྨོངས་མུན་གྱི་མདུད་རྒྱ་གྲོལ་ཞིང་།  དཀའ་སྡུག་ཁུར་དུ་འཁྱེར་བའི་སྡུག་རུས་ཀྱིས་ང་ཚོའི་བརྩོན་སེམས་ཀྱི་རལ་གྲིར་རྣོ་དབལ་བླུད།  སློབ་མ་རེ་འགའི་མི་མཐུན་སྤྱོད་པས་ཁྱོད་ཀྱི་དགོངས་པ་དཀྲུགས་ན་ཡང་། ང་ཚོ་ལ་སྐྱོན་བརྗོད་ཀྱི་སྡིགས་མཛུབ་སྟོན་པ་ལྟ་ཅི།  འཇམ་པོའི་སློབ་གསོ་དྲང་བདེན་གྱི་གནས་ལུགས་ལ་སྦྱར་ཏེ་ཞལ་ཏ་གནང་བ་ངོ་མ་གཞན་ལས་ཁྱད་དུ་འཕགས།  མཚམས་ལན་རེར་སྒྱིད་ལུག་གི་ཞྭ་མོ་གྱོན་པ་དང་ལེ་ལོའི་དུག་གིས་གཟིར་ནའང་།  ཁྱེད་ཀྱི་ལྷོད་ཤ་ལྡན་པའི་དྲི་བུལ་གྱི་རང་གཤིས་དེས་ང་ཚོར་གུ་ཡངས་དང་བཟོད་སྒོམ་གནང་སྟེ་ཕྱིས་སུ་བཅོས་བསྒྱུར་བྱ་དགོས་པའི་ཞལ་ཏ་ཡང་ཡང་བསྩལ་བའང་ཐེངས་གཅིག་མིན།

དགེ་རྒན་ལགས། ཁྱེད་ནི་སློབ་བུ་ཁྲི་སྟོང་མང་པོས་མཐེ་བོང་བསྒྲེང་ས་ཉག་གཅིག་ཡིན་པས།  བདག་ཁྱེད་ཀྱི་བླ་མེད་ཀྱི་བྱ་བཞག་དེར་སེམས་གཏིང་ནས་མོས་གུས་དང་ཡིད་སྨོན་འཆོར་རོ།།

          

主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青


编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心