第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > 2020ལོའི་དུས་ཆེན་ཁག་ཅིག་གི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བརྡ་ཐོ།

2020ལོའི་དུས་ཆེན་ཁག་ཅིག་གི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བརྡ་ཐོ།

2019年12月18日 11:57:21 访问量:44


རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས2020ལོའི་དུས་ཆེན་ཁག་ཅིག་གི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་པའི་བརྡ་ཐོ།

ཟླ11པའི་ཚེས21ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས2020ལོའི་དུས་ཆེན་ཁག་ཅིག་གི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་པའི་བརྡ་ཐོ་གཤམ་གསལ་ལྟར།

ཞིང་ཆེན་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར་བཅས་ཀྱི་མི་དམངས་སྲིད་གཞུང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་དང་ཐད་གཏོགས་ལས་ཁུངས་བཅས་ལ། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད། 2020ལོའི་སྤྱི་ལོའི་ལོ་གསར་དུས་ཆེན་དང་། ལུགས་རྙིང་ལོ་གསར་དུས་ཆེན། དྭངས་གསལ་དུས་ཆེན། ངལ་རྩོལ་དུས་ཆེན། ལྔ་བའི་ཚེས་ལྔའི་དུས་ཆེན། རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་སོགས་ཀྱི་ངལ་གསོའི་དུས་ཚོད་བཀོད་སྒྲིག་བྱས་པ་གཤམ་གསལ་ལྟར་ཡིན།

གཅིག སྤྱི་ལོའི་ལོ་གསར་གྱི་ངལ་གསོའི་དུས་ཚོད། 2020ལོའི་ཟླ1པོའི་ཚེས1ཉིན་ཡིན། ཁྱོན་བསྡོམས་ངལ་གསོ་ཉིན1ཡིན།

གཉིས།  ལུགས་རྙིང་ལོ་གསར་གྱི་ངལ་གསོའི་དུས་ཚོད། ཟླ1པོའི་ཚེས24ཉིན་ནས་ཚེས30ཉིན་བར་ཡིན། ཁྱོན་བསྡོམས་ངལ་གསོ་ཉིན7ཡིན། ཟླ1པོའི་ཚེས19ཉིན་(གཟའ་ཉི་མ)དང་ཟླ2པའི་ཚེས1ཉིན་ (གཟའ་སྤེན་པ)ལས་ཚོགས་ཡིན།

གསུམ། དྭངས་གསལ་དུས་ཆེན་གྱི་ངལ་གསོའི་དུས་ཚོད། ཟླ4པའི་ཚེས4ནས་ཚེས6ཉིན་བར་ཡིན། ཁྱོན་བསྡོམས་ངལ་གསོ་ཉིན3ཡིན།

བཞི། ངལ་རྩོལ་དུས་ཆེན་གྱི་ངལ་གསོའི་དུས་ཚོད། ཟླ5པའི་ཚེས1ཉིན་ནས་ཚེས5ཉིན་བར་ཡིན། ཁྱོན་བསྡོམས་ངལ་གསོ་ཉིན5ཡིན། ཟླ4པའི་ཚེས26ཉིན་(གཟའ་ཉི་མ)དང་ཟླ5པའི་ཚེས9ཉིན་(གཟའ་སྤེན་པ)ལས་ཚོགས་ཡིན།

ལྔ། ལྔ་བའི་ཚེས་ལྔའི་དུས་ཆེན་གྱི་ངལ་གསོའི་དུས་ཚོད། ཟླ6པའི་ཚེས25ཉིན་ནས་ཚེས27ཉིན་བར་ཡིན། ཁྱོམ་བསྡོམས་ངལ་གསོ་ཉིན3ཡིན། ཟླ6པའི་ཚེས28ཉིན་(གཟའ་ཉི་མ)ལས་ཚོགས་ཡིན།

དྲུག རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་ཆེན་གྱི་ངལ་གསོའི་དུས་ཚོད། ཟླ10པའི་ཚེས1ནས་ཚེས8ཉིན་བར་ཡིན། ཁྱོན་བསྡོམས་ངལ་གསོ་ཉིན8ཡོད། ཟླ9པའི་ཚེས27ཉིན(གཟའ་ཉི་མ)དང་ཟླ10པའི་ཚེས10ཉིན་(གཟའ་སྤེན་པ)ལས་ཚོགས་ཡིན། 

དུས་ཆེན་གྱི་ངལ་གསོའི་སྐབས་སུ་ས་ཁུལ་ཁག་དང་སྡེ་ཁག་སོ་སོས་ལས་རེས་དང་། བདེ་འཇགས། འགན་སྲུང་སོགས་ཀྱི་ལས་དོན་བཀོད་སྒྲིག་བཟང་བོ་བྱེད་དགོས་པ་དང་། ཐོལ་བྱུང་དོན་རྐྱེན་ཚབས་ཆེན་བྱུང་ཚེ་གཏན་འབེབས་ལྟར་དུས་ཐོག་ཏུ་སྙན་སེང་ཞུ་བ་དང་། འོས་འཚམ་གྱིས་ཐག་གཅོད་བྱས་ཏེ་མི་དམངས་མང་ཚོགས་འཆམ་མཐུན་ངང་དུས་ཆེན་གྱི་ངལ་གསོ་ལ་རོལ་ཐུབ་པར་འགན་ལེན་བྱ་དགོས། 

རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་ནས།
    2019ལོའི་ཟླ་11ཚེས་21ཉིན།

ཡིག་སྒྱུར། ཀླུ་འབུམ་ཚེ་རིང་། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་རིང་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心