第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > མཚོ་སྔོན་ལ《བོ་དོང་པཎ་ཆེན་གྱི་གསུང་འབུམ》དཔེ་སྦྱིན་གནང་འདུག

མཚོ་སྔོན་ལ《བོ་དོང་པཎ་ཆེན་གྱི་གསུང་འབུམ》དཔེ་སྦྱིན་གནང་འདུག

2019年12月18日 12:02:10 访问量:91


མཚོ་སྔོན་ལ་རིན་ཐང་སྒོར་ཁྲི་ཉིས་བརྒྱ་ཡིན་པའི《བོ་དོང་པཎ་ཆེན་གྱི་གསུང་འབུམ》དཔེ་སྦྱིན་གནང་བ།

    ཟླ11པའི་ཚེས29ཉིན། ཧི་མ་ལ་ཡའི་རིག་མཛོད་ཁང་དང་ཧི་མ་ལ་ཡ་ཐེབས་རྩ་ཚོགས་པ། མཚོ་སྔོན་བོད་ཀྱི་ཡིག་རྙིང་ཞིབ་འཇུག་ཚོགས་པས་《བོ་དོང་པཎ་ཆེན་གྱི་གསུང་འབུམ》དཔེ་སྦྱིན་མཛད་སྒོ་སྤེལ་ཞིང་། དགེ་བཤེས་ཤེས་རབ་རྒྱ་མཚོའི་ཕ་ཡུལ་ཞིན་ཧྭ་རྡོ་སྦིས་སློབ་འབྲིང་དུ་《གསུང་འབུམ་ཆ་ཚང་》པོད95དཔེ་སྦྱིན་གནང་། 

ཐེངས་འདིའི་སྤྱི་ཕན་ཞལ་འདེབས་འབུལ་བའི་དཔེ་དེབ་ནི་ཧི་མ་ལ་ཡའི་རིག་མཛོད་ཁང་དང་ཧི་མ་ལ་ཡ་ཐེབས་རྩ་ཚོགས་པའི་“མ་འོངས་ལ་འོད་སྣང་བསྐྲུན་པའི་ཤེས་རིག་གི་སྒྲོན་མེ་སྟེ།—བོད་ཡིག་ཤེས་བྱ་ཀུན་བཏུས་དཔེ་ཚོགས་ཆེན་མོ་《བོ་དོང་པཎ་ཆེན་གྱི་གསུང་འབུམ》དཔེ་སྦྱིན་”བྱ་འགུལ་མཚོ་སྔོན་དུ་སྤེལ་བ་དང་། མཚོ་སྔོན་བོད་ཡིག་དཔེ་རྙིང་ཞིབ་འཇུག་ལྷན་ཚོགས་ཀྱིས་ལག་བསྟར་བྱས་པ་བརྒྱུད། སྤྱི་བསྡོམས་པས་མཚོ་སྔོན་ཞིང་ཆེན་དུ་《གསུང་འབུམ་ཆ་ཚང་》127དཔེ་སྦྱིན་གནང་བའི་ནང་གསུང་འབུམ་སྤུས་ལེགས་ཆ་ཚང45ཡོད་པ་དང་དེའི་རིན་ཐང་སྒོར་ཁྲི135ཟིན་ལ། གསུང་འབུམ་དཀྱུས་མ་ཆ་ཚང82དང་དེའི་རིན་ཐང་སྒོར་ཁྲི65.6ཟིན་གྱི་ཡོད་པ་རེད། གསུང་འབུམ་ཆ་ཚང་ལ་པོད95ཡོད་པ་དང་། ད་ཐེངས་མཚོ་སྔོན་ལ་སྤྱི་བསྡོམས་པས་གསུང་འབུམ་པོད12350དཔེ་སྦྱིན་གནང་བ་དང་སྤྱིའི་རིན་ཐང་སྒོར་ཁྲི200.6ཟིན་གྱི་ཡོད་པ་རེད།

དཔེ་སྦྱིན་བྱེད་པའི་དགེ་འདུན་ལ་གཞིགས་ནས། བོད་ཡིག་དཔེ་རྙིང་ལེགས་སྒྲིག་བྱས་པའི་དཔེ་དེབ་འདི་དག་ནི་ཞིང་ཆེན་དང་། ཁུལ། རྫོང་བཅས་རིམ་པ་གསུམ་གྱི་གཞུང་སྒེར་གཉེར་དཔེ་མཛོད་ཁང་དང་། མཐོ་རིམ་སློབ་ཆེན་དཔེ་མཛོད་ཁང་དང་སློབ་འབྲིང་དཔེ་མཛོད་ཁང་། བོད་སྐད་ཡིག་ཞིབ་འཇུག་ལས་ཁུངས་དང་དེ་བཞིན་འབྲེལ་ཡོད་ལས་ཁུངས་ལ་དཔེ་སྦྱིན་གནང་བ་ཡོད་ལ། མིག་སྔར་དཔེ་སྦྱིན་གསུང་འབུམ་དག་ས་གནས་ཁག་གི་ལས་ཁུངས་སོ་སོར་སྤྲད་ཟིན་པ་རེད།

ཆེད་མཁས་པས་ངོ་སྤྲོད་བྱས་པ་ལྟར་ན། བོ་དོང་པཎ་ཆེན་ཕྱོགས་ལས་རྣམ་རྒྱལ་ནི་(1376-1451)རིག་པའི་གནས་ཀུན་ལ་མཁྱེན་རྒྱ་ཡངས་ཤིང་རིག་པའི་ཀློང་རྡོལ་བའི་གནའ་བོའི་ནང་བསྟན་གྱི་མཁས་དབང་ཆེན་མོ་དང་། རིག་གཞུང་ཞིབ་འཇུག་མཁན་དང་ལོ་ཙཱ་བ་ཆེན་མོ་ཞིག་ཡིན། ད་ལྟ་ང་ཚོས་དངོས་སུ་མཇལ་དུ་སྣང་བའི་བརྩམས་ཆོས་པོད140ལྷག་ཙམ་བཞུགས་ཤིང་། འདིའི་པོད་གྲངས་ཀྱིས་འཛམ་གླིང་རིག་གནས་ལོ་རྒྱུས་ཐོག་ངོ་མཚར་རྨད་དུ་བྱུང་བའི་སྙན་གྲགས་བཞག་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། 《བོ་དོང་པཎ་ཆེན་གྱི་གསུང་འབུམ》འདི་ནི2014ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་དཔར་སྐྲུན་བྱས་པའི་རྒྱལ་ཡོངས་གྲངས་ཉུང་མི་རིགས་དཔེ་རྙིང་“ལོ་ལྔའི་འཆར་གཞི་བཅུ་གཉིས་པའི་”ལས་གཞིའི་རྣམ་གྲངས་གལ་ཆེན་ཞིག་ཡིན་པ་རེད། 《གསུང་འབུམ་ཆ་ཚང་》ནི་དུས་རབས་སྔོན་མའི་དུས་དཀྱིལ་དུ་ཕྱི་རྒྱལ་དུ་ཤོར་བའི་བོ་དོང་པཎ་ཆེན་གྱི་ཕྱག་བྲིས་མ་ཡིག་གཅིག་པུ་གཞིར་བཟུང་ནས་ལེགས་སྒྲིག་བྱས་པ་ཡིན་ལ། སྤྱི་བསྡོམས་པས་ཡིག་འབྲུ་ཁྲི4000དང་། བརྗོད་བྱའི་ནང་དོན་རིག་གནས་བཅུ་ལ་ཁྱབ་པའི་བོད་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་བོད་བརྒྱུད་ནང་བསྟན་གྱི་ཤེས་བྱ་ཀུན་བཏུས་ཀྱི་བརྩམས་ཆོས་གལ་ཆེན་ཞིག་ཡིན། 《གསུང་འབུམ་》པར་སྐྲུན་གྱི་སྤུས་ཀ་ཧ་ཅང་ལེགས་ཤིང་། གསུང་འབུམ་སྤུས་ལེགས་ཆ་ཚང་རེར་དམངས་སྒོར30000དང་།  གསུང་འབུམ་དཀྱུས་མ་ཆ་ཚང་རེར་དམངས་སྒོར8000བཅས་རེད། 《གསུང་འབུམ》དེར་ལོ་ངོ་སྟོང་ལ་ཉེ་བའི་རིག་གནས་ཀྱི་སྙིང་བཅུད་མངོན་པར་འདུས་པ་མ་ཟད། བོད་ཡིག་གནའ་དཔེ་ལེགས་སྒྲིག་ཁྱབ་ཁོངས་སུ་ཡང་དུས་རབས་ཀྱི་ལེགས་སྐྱེས་ཆེན་པོ་ཞིག་ཡིན་ཞེས་བརྗོད་ཆོག་གོ། །

ཡིག་སྒྱུར། ཀླུ་འབུམ་ཚེ་རིང་། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་རིང་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心