第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > 《གངས་ཅན་དགའ་བའི་སྒྲ་སྙན》ཞེས་པ་འགྲེམ་སྤེལ་བྱས་པ།

《གངས་ཅན་དགའ་བའི་སྒྲ་སྙན》ཞེས་པ་འགྲེམ་སྤེལ་བྱས་པ།

2019年12月18日 12:03:01 访问量:116

《གངས་ཅན་དགའ་བའི་སྒྲ་སྙན》ཞེས་པ་འགྲེམ་སྤེལ་བྱས་པ།


    ཉེ་ཆར་མཚོ་ནུབ་ཁུལ་ཐེམ་ཆེན་རྫོང་ནས་སྐྱེས་པའི་དམངས་ཁྲོད་སྒྱུ་རྩལ་པ་སྟག་སེང་ཐར་རམ་དབྱངས་ཀྱི་ང་རོས་ལོ་དུ་མའི་འཁྲབ་ཁྲིད་སློབ་གསུམ་གྱི་ཉམས་མྱོང་སྟེང་། དཔེ་ཀློག་སློབ་ཞུགས་ཀྱི་ལག་ལེན་ཕྱོགས་བསྡོམས་བྱས་ཏེ《གངས་ཅན་དགའ་བའི་སྒྲ་སྙན》ཞེས་པའི་ཨ་མདོའི་དཀྲོལ་ལེན་སྒྱུ་རྩལ་གྱི་སློབ་དེབ་ཞིག་དཔར་བསྐྲུན་འགྲེམ་སྤེལ་བྱས། དེབ་འདི་ནི་མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་དཀྲོལ་ལེན་རིག་གནས་ཀྱི་སློབ་དེབ་ཐོག་མ་ཡིན་པ་རེད། འདིའི་ཡར་སྔོན་དུ་རོལ་དབྱངས་དང་འབྲེལ་བའི་དཔེ་དེབ་རེ་གཉིས་ཡོད་ནའང་དམངས་ཁྲོད་ཀྱི་གླུ་བ་གླུ་མ་སློབ་གྲྭར་འགྲོ་མ་མྱོང་བ་དག་དང་ཁ་ཕྱོགས་པའི་རྨང་གཞིའི་སློབ་དེབ་གཅིག་ཀྱང་མེད་པས་དཔེ་དེབ་འདི་ནི་དུས་ཐོག་ཆར་བའམ་སྐོམ་འཇོམས་སྨན་ཆུ་ལྟ་བུར་གྱུར་ཡོད་པ་རེད།

    དེང་དུས་དཔལ་འབྱོར་གྱི་འཕེལ་རྒྱས་མྱུར་ཞིང་རིག་གནས་ཀྱི་ཚ་རླབས་དྲག་ཏུ་འབར་པའི་སྲིད་ཇུས་བཟང་པོའི་ཉི་གཞོན་འོག་མི་རིགས་སོ་སོའི་རིག་གནས་སྣ་མང་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་བཞིན་མཆིས། ཨ་མདོའི་དཀྲོལ་ལེན་སྒྱུ་རྩལ་ནི་དམངས་ཁྲོད་དུ་དར་ཁྱབ་ཆེ་ཞིང་དེ་ལ་དགའ་མགུ་བྱེད་མཁན་མང་པོ་འདུག

     ཡིན་ནའང་དེར་གཞུང་ལུགས་ཚད་ལྡན་ཞིག་དང་སློབ་སྦྱོང་གི་ཁོར་ཡུག་ཡག་པོ་ཞིག་མེད་པའི་སྟོང་ཆ་དེ་སྐོང་ཆེད་སྒྱུ་རྩལ་པ་སྟག་སེང་ཐར་གྱིས་རང་ནུས་ཅི་ཡོད་ཀྱིས་ལོ་མང་རིང་རང་ངོས་ནས་སྒྲ་སྙན་དཀྲོལ་ལེན་གྱི་གསབ་སྦྱོང་འཛིན་གྲྭ་ཐེངས་མང་བསྒྲུབས་ནས་དམངས་ཁྲོད་ཀྱི་གླུ་བ་དང་གླུ་མ་དག་ལ་གཞུང་ལུགས་ངོ་སྤྲོད་དང་སློབ་དེབ་འཚོལ་སྒྲིག་སོགས་ཀྱི་ལས་ཀར་འཇུས་ནས་ད་ལྟ《གངས་ཅན་དགའ་བའི་སྒྲ་སྙན》ཞེས་པའི་ཨ་མདོའི་དཀྲོལ་ལེན་རིག་གནས་ཀྱི་སློབ་དེབ་འདི་ཉིད་ཀློག་པ་པོ་རྣམས་ཀྱི་སྤྱན་ལམ་དུ་ཕུལ་བ་རེད།


     རྒྱུས་ལོན་པ་ལྟར་ན། དཔེ་དེབ་འདིར་ས་བཅད་འགའ་རུ་དགར་ཡོད་དེ། སྲོལ་རྒྱུན་བོད་ཀྱི་རོལ་མོའི་གཞུང་ལུགས་དང་སྒྲ་སྙན་བཀྲ་ཤིས་རྒྱལ་པོའི་སྤྱི་བཤད། སྟབས་བདེ་དབྱངས་ཡིག་ལ་འཇུག་ཚུལ། འགྲོས་སྟངས་དང་དཀྲོལ་སྟངས་བཤད་པ། སྒྲ་སྙན་རིག་གནས་དང་འབྲེལ་བའི་རྒྱུན་ཤེས་སོགས་ནང་དོན་ཕུན་སུམ་ཚོགས་པས་ས་གནས་དམངས་ཁྲོད་ཀྱི་གླུ་བ་དང་གླུ་མ། གཞན་བོད་ཁུལ་གྱི་སྒྱུ་རྩལ་པ་དག་གིས་དགའ་བསུ་དང་གདེངས་འཇོག་ཆེན་པོ་ཐོབ་བཞིན་མཆིས།

གསར་འགོད་པ། མཁའ་འགྲོ་ཚེ་བརྟན།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་མཁར་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心