第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > རྩེ་ཁོག་ནས༼རྨ་ལྷོ་རྣམ་ཐར་ཟློས་གར༽གྱི་ཟབ་སྦྱོང་འཛིན་གྲྭ་བསྡུས།

རྩེ་ཁོག་ནས༼རྨ་ལྷོ་རྣམ་ཐར་ཟློས་གར༽གྱི་ཟབ་སྦྱོང་འཛིན་གྲྭ་བསྡུས།

2019年12月18日 12:03:22 访问量:100

རྩེ་ཁོག་རྫོང་ནས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་

རིག་གནས༼རྨ་ལྷོ་རྣམ་ཐར་ཟློས་གར༽གྱི་ཟབ་སྦྱོང་

འཛིན་གྲྭ་བསྡུས།

    ཟླ་འདིས་ཚེས༡ནས༡༠བར་རྩེ་ཁོག་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་གཙོ་སྒྲུབ་དང་རྩེ་ཁོག་རྫོང་རིག་གནས་དཔེ་མཛོད་ཁང་གིས་འགན་སྒྲུབ་ཀྱིས་རྩེ་ཁོག་རྫོང་ཧོར་གྲོང་རྡལ་ཧོར་སྡེ་བའི་དམངས་ཁྲོད་རྣམ་ཐར་ཟློས་གར་ཚོགས་པ་དང་། ཉིན་ཤུག་ཞང་མགོ་དགེ་དགོན་པའི་རྣམ་ཐར་ཟློས་གར་ཚོགས་པ། རྫོང་གེ་སར་རྣམ་ཐར་ཟློས་གར་ཚོགས་པ། རྫོང་མི་རིགས་སློབ་འབྲིང་ལོ་ཆུང་གཞོན་ནུའི་རྣམ་ཐར་ཟློས་གར་ཚོགས་པ་བཅས་ནས་གཙོ་འཁྲབ་པ་མི༤༠ལྷག་ཟབ་སྦྱོང་ལ་ཞུགས། 

    བོད་རང་སྐྱོངས་ལྗོངས་ལྷ་མོ་ཟློས་གར་ཚོགས་པའི་རྒྱལ་ཁབ་རིམ་པ་དང་པོའི་རོལ་ཆ་གཏོང་མཁན་བཀྲ་ཤིས་དབང་རྒྱལ་དང་། བོད་རང་སྐྱོངས་ལྗོངས་ལྷ་མོ་ཟློས་གར་ཚོགས་པའི་འཁྲབ་སྟོན་པ་དབང་རྒྱལ་རྣམ་གཉིས་ཐེངས་འདིའི་ཟབ་སྦྱོང་དགེ་རྒན་ལ་གདན་དྲངས་ནས་བོད་ཀྱི་རྣམ་ཐར་ཟློས་གར་གྱི་བྱུང་རིམ་དང་དབྱེ་བ། འཁྲབ་སྟངས་དང་རྔ་སྦུག་རོལ་མོའི་གཞུང་ལུགས་དང་ལག་ལེན། འཁྲབ་སྟོན་བྱེད་སྟངས་སོགས་གཞུང་ལུགས་དང་ལག་ལེན་སྦྲེལ་ནས་སློབ་ཁྲིད་བྱས། ཐེངས་འདིས་ཟབ་སྦྱོང་ལས་དམངས་ཁྲོད་རྣམ་ཐར་ཟློས་གར་ཚོགས་པ་སོ་སོའི་རྐང་འཛིན་འཁྲབ་སྟོན་མི་སྣའི་འཁྲབ་སྟངས་དང་རྔ་སྦུག་རོལ་མོའི་རམ་འདེགས་བྱེད་སྟངས་སོགས་ལ་སྔར་ལས་ལྷག་པའི་ངོས་འཛིན་གསར་པ་ཐོན། 


གསར་འགོད་པ། བསོད་ནམས་རྒྱལ།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། བསོད་ནམས་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心