第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > ཨེ་ཙི་འགོས་ནད་ཀྱི་འགོག་བཅོས་ཤེས་བྱ།

ཨེ་ཙི་འགོས་ནད་ཀྱི་འགོག་བཅོས་ཤེས་བྱ།

2019年12月18日 12:01:21 访问量:132

ཨེ་ཙི་འགོས་ནད་ཀྱི་འགོག་བཅོས་ཤེས་བྱ།

    1.ཨེ་ཙི་འགོས་ནད་འགོ་སླ་བའི་བྱ་སྤྱོད་གང་དག་ཡོད་དམ།


    འདི་ནས་གླེང་བའི་བྱ་སྤྱོད་ནི་ཨེ་ཙི་འགོས་ནད་འགོ་སླ་བའི་བྱ་སྤྱོད་ཡིན།


ལུས་འབྲེལ་བརྒྱུད་ནས་འགོ་བའི་བྱ་སྤྱོད་ནི།སྲུང་སྐྱོང་མི་བྱེད་པའི་ལུས་འབྲེལ་དང་ལུས་འབྲེལ་བྱེད་མི་མང་པོ་ཡོད་པ་སོགས་ཡིན།ཁྲག་ལམ་བརྒྱུད་ནས་འགོ་བའི་བྱ་སྤྱོད་ནི།ཁྲག་རྩ་ནང་དུག་རྒྱག་པ་དང༌།མི་གཞན་པ་དང་སྨན་ཁང་དང་དེའི་རིགས་ཀྱི་ཡོ་བྱད་མཉམ་སྤྱོད་བྱེད་པ།ཞིབ་བཤེར་ཚད་ལེན་བྱས་མེད་པའི་ཁྲག་གམ་ཁྲག་རྫས་བཀོལ་སྤྱོད་བྱེད་པ།དེ་མིན་ད་དུང་ཁྲག་ལམ་བརྒྱུད་ནས་འགོ་བ་ཡིན།དཔེར་ན།སྐྲ་བཞར་བ་དང་རྣམ་པ་མཛེས་བཟོ།ལུས་སྟེང་དུ་རི་མོ་གཙགས་པ།རྣ་བ་འབིགས་པ།རྐང་པ་མཛེས་བཟོ་སོགས་ཀྱི་ལག་ཆར་དུག་སེལ་མི་བྱེད་པ།མི་གཞན་པ་དང་ཁ་སྤུ་བཞར་གྲི་དང་གློག་སྒུལ་ཁ་སྤུ་བཞར་ཆས།སོ་ཤད་བཅས་མཉམ་བཀོལ་བྱེད་པ།ལུས་སྦྱོང་སྐབས་རྨས་སྐྱོན་བྱུང་ནས་ཁྲག་བཞུར་བ།རྨས་མ་སྐྱོབ་སྐབས་སྐྱོབ་མཁན་གྱིས་རྨས་མའི་ཁྲག་རེག་པ་བཅས་ལྟ་བུ།


    མ་བུ་བར་འགོ་ཚུལ།


    ཨེ་ཙི་འགོས་ནད་ཕོག་ཡོད་པའི་བུད་མེད་ལ་སྦྲུམ་ཆགས་པ་དང་བུ་ཕྲུག་སྐྱེས་རྗེས། བུ་ཕྲུག་ལ་ནུ་མ་ནུ་རུ་བཅུག་ན་བུ་ཕྲུག་ལ་ཨེ་ཙི་འགོས་ནད་འགོ་ཉེན་ཆེ།


   2.ཨེ་ཙི་འགོས་ནད་འགོ་བའི་ཐབས་ལམ་ཆེན་པོ་གསུམ། ཨེ་ཙི་འགོས་ནད་འགོ་བའི་ཐབས་ལམ་གཙོ་བོ་གསུམ་ནི།


    ཁྲག་ལམ་བརྒྱུད་ནས་འགོ་བ་དང་ལུས་འབྲེལ་བརྒྱུད་ནས་འགོ་བ། མ་བུ་བར་འགོ་བ་བཅས་གསུམ་ཡིན།


     3.ཨེ་ཙི་འགོས་ནད་མི་འགོ་བའི་ཐབས་ལམ་གང་དག་ཡོད༌།


    གཤམ་གྱི་རྒྱུན་ལྡན་ལྟར་འཚོ་བ་རོལ་ན་ཨེ་ཙི་འགོས་ནད་འགོ་མི་ཐུབ།


   (1)བཟའ་ཆས་དང་འཐུང་ཆུ།མཁའ་རླུང་བཅས་བརྒྱུད་ནས་ཨེ་ཙི་འགོས་ནད་འགོ་མི་ཐུབ།


   (2)མི་མང་འདུ་ས་རུ་སྤྱིར་བཏང་གི་འཚོ་བ་རོལ་བ་དང་སློབ་ཁང་གཅིག་ནས་སློབ་ཁྲིད་བྱེད་པ་དང༌།སྤྱི་པའི་འགྲིམ་འགྲུལ་ཡོ་ཆས་ཀྱི་སྡོད་སྟེགས་དང་ལག་པ་འཇུ་པ།གཞུང་སྒྲུབ་ཁང་གི་གཞུང་སྒྲུབ་བཀོལ་རྫས།བཟོ་གྲྭའི་འཁོར་ཁང་གི་ལག་ཆ།དེ་མིན་ད་དུང་གློག་བརྙན་ཁང་དང་ཚོང་ཁང༌། ཆུ་རྐྱལ་རྫིང་བུ་བཅས་ནས་འགོ་མི་སྲིད།


   (3)གུས་སྲོལ་རང་བཞིན་གྱི་ཁ་སྐྱེལ་བ།


   (4)གུས་སྲོལ་རང་བཞིན་གྱི་འཐམ་པ།


   (5)ཕྱོགས་གཉིས་ཀྱི་ལག་པར་རྨས་སྐྱོན་མེད་པའི་སྐབས་སུ་ལག་འཇུ་བྱེད་པ།


  (6)སྤྱོད་ཁང་དང་ཁྲུས་གཞོང་མཉམ་སྤྱོད་བྱེད་པ།


  (7)དུག་སྦྲང་སོགས་ཀྱིས་སོ་བཏབ་པ།


  (8)ཤོག་སྒོར་དང་དངུལ་སྒོར། འཛིན་ཡིག་སོགས།


   4.ཨེ་ཙི་འགོས་ནད་ལ་ནད་ཐོག་གི་ནད་རྟགས་གང་དག་ཡོད་དམ། (འགྲེལ་བཤད་རགས་བསྡུས)


    ཨེ་ཙི་འགོས་ནད་ཀྱིས་མིའི་རིམས་འགོག་མ་ལག་མ་གཏོར་བརླག་བྱེད་པས།མིའི་རིམས་འགོག་ནུས་པ་ཇེ་ཞན་དུ་གྱུར་ནས་རྒྱུན་ལྡན་གྱི་མི་ལ་འགོ་མི་ཐུབ་པའི་ནད་རིགས་དེ་རིམས་འགོག་ཞན་པའི་མི་ལ་འགོ་སླ་བ་ཡིན།དེ་བས་ཨེ་ཙི་འགོས་ནད་བྱུང་བའི་མི་ལ་རིམས་ནད་སྣ་ཚོགས་འབྱུང་སླ་བ་ཡིན།དེ་མིན་དམིགས་བསལ་གྱི་ནད་རྟགས་མེད།གཙོ་བོ་ནི་སྣ་མང་ཅན་གྱི་ཕྱོགས་བསྡུས་ནད་རྟགས་ཡིན།དུས་རྒྱུན་གྱི་ནད་རྟགས་ནི།དུས་རྒྱུན་དུ་ཚ་དམའ་མོ་སྐྱེས་པ་དང་དུས་ཡུན་ཐུང་ཐུང་ནང་ལུས་པོའི་ལྗིད་ཚད་ཇེ་ཡང་དུ་གྱུར་བ་དང་ལུས་ཤེད་མེད་པ།རྔུལ་ཆུ་མང་པོ་བཞུར་བ།རྒྱུན་དུ་ཁོག་པ་བཤལ་བ།རྒྱུན་དུ་གློ་ལུ་བ།ལུས་པོ་ཡོངས་ཀྱི་རྨེན་བུ་སྐྲངས་པ།མགོ་ཡུ་འཁོར་བ།མགོ་ན་བ།བློ་རིག་ཞན་པ།རིག་པ་གསལ་བོ་མིན་པ་སོགས་ཡིན།


    ཨེ་ཙི་འགོས་ནད་བྱུང་བའི་ནད་པར་མཚོན་ན་རྒྱུན་མཐོང་གི་འབྲས་སྐྲན་འབྱུང་བ་ནི་ཁ་པའོ་ཞི་ཧྲི་ཤ་སྐྲན་ཆེས་མང་བ།དེའི་ནད་རྟགས་ནི་སྔོ་ནག་གམ་རྒྱ་སྨུག་གི་པགས་འབྲུམ་འབུད་པ།ཁ་པའོ་ཞི་ཧྲི་ཤ་སྐྲན་མ་གཏོགས།གཞན་པའི་རྨེན་སྐྲན་དང་མཆིན་པའི་འབྲས་སྐྲན།མཁལ་མའི་འབྲས་སྐྲན་ཡང་མང་པོ་འབྱུང༌།


    5.ཨེ་ཙི་འགོས་ནད་བྱུང་རྗེས་དུས་ཡུན་རིང་ཐུང་གང་ཞིག་ཡོད་པ།


    ཨེ་ཙི་འགོས་ནད་བྱུང་བའི་ནད་པར་མཚོན་ན། ཨེ་ཙོ་འགོས་ནད་བྱུང་བ་ནས་འཆི་བའི་བར་སྤྱིར་བཏང་དུ་དུས་རིམ3ཡོད།


   (1)འགོ་ཡུན་དྲག་པོ།


   སྤྱིར་བཏང་དུ་ཨེ་ཙི་འགོས་ནད་བྱུང་རྗེས་གཟའ་འཁོར2ནས6བར་དུ་ནད་རྟགས་མངོན་པ་ཡིན།ནད་རྟགས་གཙོ་བོ་ནི་ཆམས་ནད་དང་འདྲ་ཞིང་མི་འགྱངས་པར་རང་བཞིན་གྱིས་དྲག་ངེས། སྐབས་འདིར་ཨེ་ཙི་འགོས་ནད་ཀྱི་ནད་དུག་ཞིབ་བཤེར་ཚད་ལེན་བྱེད་ཐུབ་མོད། འོན་ཀྱང་ཨེ་ཙི་འགོས་ནད་ཀྱི་ནད་དུག་གི་དུག་སྲིན་འགོག་རྫས་ཞིབ་བཤེར་ཚད་ལེན་བྱེད་དཀའ།


   (2)ནད་རྟགས་མེད་པའི་འགོ་ཡུན(ནད་རྟགས་མི་མངོན་པའི་དུས)


    ཨེ་ཙི་འགོས་ནད་ཀྱི་ནད་དུག་འགོས་པ་ནས་ཨེ་ཙི་འགོས་ནད་བྱུང་བའི་ནད་པར་གྱུར་པའི་སྐབས་འདིར་ནད་རྟགས་མི་མངོན་པའི་དུས་ཟེར།ནད་རྟགས་མི་མངོན་པའི་དུས་ཡུན་གྱི་རིང་ཐུང་ལ་མི་འདྲ།ཐུང་ན་ལོ་གཅིག་དང་རིང་ན་ལོ15ཡན་ཆད་དུ་བསླེབས།ཆ་སྙོམས་བྱས་ན་ལོ5ནས་ལོ7བར་ཡིན།


   (3)ཨེ་ཙི་འགོས་ནད་བྱུང་བའི་དུས་སྐབས།


     ཨེ་ཙི་འགོས་ནད་བྱུང་བའི་ནད་པའི་ལུས་པོའི་རིམས་འགོག་མ་ལག་ལ་གཏོར་བརླག་བྱས་ཡོད་པས་ཆེས་དམའ་མོའི་རིམས་འགོག་ནུས་པའང་མེད་པས།དྲག་ཏུ་འཇུག་དཀའ་བའི་ནད་རྟགས་མང་པོ་བྱུང་བས་ཨེ་ཙི་འགོས་ནད་བྱུང་བའི་ནད་པར་གྱུར་པ་ཡིན།ཨེ་ཙི་འགོས་ནད་བྱུང་བའི་ནད་པར་གྱུར་རྗེས་ལོ་ཕྱེད་ནས་ལོ་གཉིས་ནང་འཆི་ངེས།


ཨེ་ཙི་འགོས་ནད་ཀྱི་འགོག་བཅོས་ཤེས་བྱ།

    6.ཅི་ཞིག་ལ་སྒེའུ་ཁུང་དུས་རིམ་ཟེར། དུས་རིམ་དེའི་རིང་ཐུང་ག་ཙམ་ཡོད། (འགྲེལ་བཤད་རགས་བསྡུས།)

   ཨེ་ཙི་འགོས་ནད་ཀྱི་ནད་དུག་གི་དུག་སྲིན་འགོག་རྫས་བྱུང་བའི་དུས་རིམ་འདིར་སྒེའུ་ཁུང་དུས་རིམ་ཟེར།སྒེའུ་ཁུང་དུས་རིམ་དུ།ཨེ་ཙི་འགོས་ནད་ཀྱི་ནད་དུག་འགོས་ཡོད་པའི་ཁྲག་ལ་ཞིབ་བཤེར་ཚད་ལེན་བྱས་ན་ཨེ་ཙི་འགོས་ནད་ཀྱི་ནད་དུག་གི་དུག་སྲིན་འགོག་རྫས་ཞིབ་བཤེར་ཚད་ལེན་བྱེད་མི་ཐུབ།མཇུག་འབྲས་ནི་མོའི་རང་བཞིན་ཡིན།སྒེའུ་ཁུང་དུས་རིམ་གྱི་རིང་ཐུང་དེ་མི་རེ་རེ་མི་འདྲ་བ་ཡིན། སྤྱིར་བཏང་དུ་གཟའ་འཁོར6ནས་ཟླ6བར་ཡིན། ཆ་སྙོམས་བྱས་ན་ཟླ་བ3ཡིན།


    7.ཨེ་ཙི་འགོས་ནད་སྔོན་འགོག་བྱེད་ཐུབ་ཟེར་དོན་ཅི་ཡིན།


   ཐོག་མར་ཨེ་ཙི་འགོས་ནད་ཀྱི་ནད་དུག་ཁྱབ་པའི་ཐབས་ལམ་ཧ་ཅང་གསལ་བོ་ཡིན་ཏེ།ཁྲག་ལམ་དང་ལུས་འབྲེལ།མ་བུ་བཅས་སུ་བརྒྱུད་ནས་འགོ་བ་ཡིན།དེ་མིན་ཨེ་ཙི་འགོས་ནད་ཀྱི་ནད་དུག་དེ་ལུས་ཕྱི་ནས་གསོན་དཀའ་མོ་ཡིན།དེ་བས་ཨེ་ཙི་འགོས་ནད་ཀྱི་ནད་དུག་དེ་མཁའ་དབུགས་དང་བཟའ་ཆས།ཆུ་སོགས་སྤྱིར་བཏང་རང་བཞིན་གྱི་འཚོ་བ་བརྒྱུད་ནས་འགོ་མི་ཐུབ།དེ་མིན་ཨེ་ཙི་འགོས་ནད་ཀྱི་ནད་དུག་དེ་འབུ་རིགས་ཀྱི་ལུས་པོ་ནང་ནས་འཚོ་གནས་བྱེད་མི་ཐུབ་པས་འབུ་རིགས་ཀྱི་སྟེང་ནས་འགོ་མི་ཐུབ།དེ་བས་ཨེ་ཙི་འགོས་ནད་འགོ་བ་དེ་མིའི་རིགས་ཀྱི་སྤྱི་ཚོགས་བྱ་སྤྱོད་དང་འབྲེལ་བ་དམ་པོ་ཡོད་པས།མི་རྣམས་ཀྱི་སྤྱི་ཚོགས་བྱ་སྤྱོད་ཚད་ལྡན་དུ་བཏང་ནས་འགོ་ལམ་གཅོད་ཐུབ་པ་དང་སྔོན་འགོག་བྱེད་ཐུབ་པ་ཡིན།


   8.མིག་སྔར་ཨེ་ཙི་འགོས་ནད་དྲག་ཏུ་འཇུག་ཐུབ་པའི་སྨན་རྫས་ཡོད་དམ།


   མིག་སྔར་ད་དུང་ཨེ་ཙི་འགོས་ནད་རྩ་བ་ནས་དྲག་ཏུ་འཇུག་ཐུབ་པའི་སྨན་རྫས་མེད་མོད།འོན་ཀྱང་སྨན་རྫས་འགའ་དང་སྨན་བཅོས་བྱེད་ཐབས་འགའ་ཡོད་དེ།དཔེར་ན།“ཅི་ཝེ་ཆང”སྨན་བཅོས་བརྒྱུད་ནས་ཨེ་ཙི་འགོས་ནད་བྱུང་བའི་ནད་པའི་ལུས་སྟེང་གི་ནད་དུག་འཕར་བ་ཚོད་འཛིན་བྱེད་ཐུབ།ཡིན་ནའང་སྨན་རྫས་འདི་དག་གིས་ནད་དུག་མེད་པར་གཏོང་མི་ཐུབ་པ་དང་ཨེ་ཙི་འགོས་ནད་རྩ་བ་ནས་དྲག་ཏུ་འཇུག་མི་ཐུབ།ནད་པའི་ནད་བྱུང་ཚད་ཕྱིར་སྣུར་བྱེད་ཐུབ་པ་དང་ནད་པའི་ཚེ་ཐག་ཇེ་རིང་དུ་གཏོང་ཐུབ།


    9.མི་གང་དག་གིས་ཨེ་ཙི་འགོས་ནད་ཀྱི་ནད་དུག་གི་དུག་སྲིན་འགོག་རྫས་ཡོད་མེད་ལ་ཞིབ་བཤེར་ཚད་ལེན་བྱེད་དགོས།


     གཤམ་གྱི་གནས་ཚུལ་ཡོད་ན་ཨེ་ཙི་འགོས་ནད་ཀྱི་ནད་དུག་གི་དུག་སྲིན་འགོག་རྫས་ཡོད་མེད་ལ་ཞིབ་བཤེར་ཚད་བྱེད་དགོས་པ་སྟེ།


    (1)སྔོན་ཆད་ཉེན་ཁ་མཐོ་བའི་བྱ་སྤྱོད་ཡོད་པའི་མིས་ཨེ་ཙི་འགོས་ནད་ཀྱི་ནད་དུག་གི་དུག་སྲིན་འགོག་རྫས་ཡོད་མེད་ཞིབ་བཤེར་ཚད་ལེན་བྱེད་དགོས།དཔེར་ན།ལུས་འབྲེལ་བྱ་ཡུལ་མང་བ་དང༌།སྐྱེས་པ་དང་སྐྱེས་པ་བར་ནས་ལུས་འབྲེལ་བྱེད་པ་ཅན།སྨད་འཚོང་དང་འཆལ་རྒྱུག་ཅན།དུག་རྫས་རྒྱག་པའི་ཁབ་མཉམ་སྤྱོད་བྱེད་མཁན་དང་ཁོ་ཚོའི་ལུས་འབྲེལ་བྱ་ཡུལ་སོགས་ལྟ་བུ།


    (2)ཨེ་ཙི་འགོས་ནད་ཀྱི་ནད་བྱུང་བའི་ནད་པ་མང་བའི་ས་ཁུལ་དང་ཡང་ན་ཁྲག་ལ་བདེ་འཇགས་ཀྱི་འགན་སྲུང་མེད་པའི་ཆ་རྐྱེན་འོག་ཏུ་ཁྲག་བརྒྱབ་པའི་མི།


    (3)ཨེ་ཙི་འགོས་ནད་ཀྱི་ནད་དུག་གི་དུག་སྲིན་འགོག་རྫས་ཕོའི་རང་བཞིན་ཡིན་པའི་བུད་མེད་དང་དེའི་སྐྱེས་པའི་བུ་ཕྲུག


    (4)ཨེ་ཙི་འགོས་ནད་ཀྱི་ནད་དུག་གི་དུག་སྲིན་འགོག་རྫས་ཕོའི་རང་བཞིན་ཡིན་པའི་བཟའ་ཟླ།


     10.ཨེ་ཙི་འགོས་ནད་ཀྱི་ནད་དུག་གི་དུག་སྲིན་འགོག་རྫས་ཡོད་མེད་ཞིབ་བཤེར་ཚད་ལེན་བྱེད་པའི་རྩ་དོན་ཅི་ཞིག་ཡིན།


    (1)རང་འདོད་ཅན། ཨེ་ཙི་འགོས་ནད་ཀྱི་ནད་དུག་གི་དུག་སྲིན་འགོག་རྫས་ཡོད་མེད་ཞིབ་བཤེར་ཚད་ལེན་བྱེད་མིན་དེ་རང་ཉིད་ཀྱིས་ཐག་གཅོད་པ་ལས་མི་གཞན་པས་ཐེ་གཏོགས་བྱེད་མི་ཆོག


    (2)མིང་གསང་ཆོག ཨེ་ཙི་འགོས་ནད་ཀྱི་ནད་དུག་གི་དུག་སྲིན་འགོག་རྫས་ཡོད་མེད་ཞིབ་བཤེར་ཚད་ལེན་བྱེད་སྐབས་རང་གི་མིང་ངོ་མ་དང་ལས་བྱེད་སྡེ་ཚན་སོགས་རང་ཉིད་ཀྱི་གནས་ཚུལ་གསང་ཆོག


   (3)གསང་བ་དམ་སྲུང༌། ཞིབ་བཤེར་ཚད་ལེན་བྱས་པའི་མཇུག་འབྲས་དང་འབྲེལ་ཡོད་ཀྱི་གནས་ཚུལ་ཚང་མ་གསང་བ་དམ་སྲུང་བྱེད་དགོས།ཞིབ་བཤེར་ཚད་ལེན་ནད་པ་འཐད་པ་བྱུང་ན་མ་གཏོགས་ཕ་མ་དང་བཟའ་ཟླ།ལུས་འབྲེལ་ཡོད་པ་ཅན།གྲོགས་པོ།སྡེ་ཚན་གྱི་མགོ་ཁྲིད་པ་བཅས་ལ་ཞིབ་བཤེར་ཚད་ལེན་བྱས་པའི་མཐའ་འབྲས་བཤད་མི་ཆོག།


རྩོམ་ཁུངས། ཡོངས་འཛིན་འཚོལ་བཤེར།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་མཁར་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心