ཀྲུང་གུང་རྩེ་ཁོག་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་ཏོག་དབྱིབས་རིམས་ནད་སྐོར་ལ་བཏོན་པའི་གྲོས་གཞི་ཡི་གེ
རྒྱ་ཆེའི་ལས་བྱེད་མང་ཚོགས་ཡོངས་ཀྱི་སྤྱན་སྔར།
ཉེ་ལམ། ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་སོགས་ས་ཁུལ་འགའ་ཤས་སུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་ཀྱི་རིམས་ནད་བྱུང་དང་འབྱུང་བཞིན་ཡོད་པས། ཁྱེད་དང་བཟའ་མི་ཡོངས་ཀྱི་བདེ་ཐང་གི་ཆེད་དུ་རྫོང་ཨུའི་དྲིལ་སྒྲོག་པུའུ་ཡིས་རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་གསལ་འདེབས་དྲོན་མོ་ཞིག་ཞུ་བར་བྱ།
གཅིག གལ་ཏེ་དམིགས་བསལ་གྱི་གནས་ཚུལ་མེད་ན། འགོག་བཅོས་ཀྱིས་མཚམས་འདིར་ཁྱེད་ཉིད་ཧུའུ་པེ་ཝུའུ་ཧན་སོགས་ས་ཁུལ་གཞན་དུ་མི་འགྲོ་བར་ཞུ།
གཉིས། མི་སྒེར་གྱི་འགོག་སྲུང་ལ་མཉམ་འཇོག་བྱས་ནས། ལག་པ་གཙང་བཀྲུ་དང་མཁའ་དབུགས་རྒྱུ་རུ་འཇུག་དགོས་ལ། སྲོག་ཆགས་དང་རི་དྭགས་སོགས་ལ་མི་རེག་པ། གང་ནུས་ཅི་ཐུབ་ཀྱིས་སྤྱི་བའི་ཁོར་ཡུག་དང་མི་མང་སར་མ་འགྲོ་བ། མི་མང་འདུ་རུབ་ཀྱི་བྱ་འགུལ་གང་རུང་མི་སྤེལ་བ།
གསུམ། ཉེ་ཆར་ཝུའུ་ཧན་གྲོང་ཁྱེར་ནས་མཚོ་སྔོན་དུ་ཡོང་བ་དང་། ཕྱིར་འགྲོ་བ་དག་གིས་རང་འགུལ་གྱིས་སྡོད་སའི་གཞིས་ཁུལ་དང་གཏན་འཁེལ་གྱི་སྨན་ཁང་དུ་ཕྱིན་ནས་ཐོ་འགོད་བརྟག་དཔྱད་བྱ་དགོས།
བཞི། གལ་ཏེ་ཚ་རྒྱས་པ་དང་མིད་པ་འགག་པ་སོགས་ཀྱི་ནད་རྟགས་ཡོད་ཚེ། ཁྱེད་ཉིད་དུས་ཐོག་ཏུ་སྨན་བཅོས་ལས་ཁུངས་ཀྱི་སྒོ་བསྟེན་སྨན་ཁང་དུ་ཕྱིན་ནས་སྨན་པ་སྟོན་དགོས། ཉེན་ཆེའི་གནས་ཚུལ་ལ་ཐུག་ཚེ་སྐུ་ཉིད་ཀྱིས་ས་གནས་འཕྲོད་བསྟེན་བདེ་ཐང་ལས་ཁུངས་ལ་འབྲེལ་གཏུག་བྱ་རོགས།
ལྔ། ལོ་སར་གྱི་སྐབས་སུ་གྲོགས་པོ་དང་ཉེ་བོར་འཚམ་འདྲིར་འགྲོ་བ་དང་། མཉམ་དུ་གསོལ་སྟོན་ལ་རོལ་བ། འདུ་ཚོགས་རྒྱག་པ། ཡུལ་སྐོར་ལྗོངས་རྒྱུར་འགྲོ་བ་སོགས་ཇེ་ཉུང་དུ་བཏང་སྟེ། བྱ་སྤྱོད་དངོས་ཀྱི་སྟེང་ནས་ཏང་ཨུ་དང་སྲིད་གཞུང་གི་བྱ་བར་རྒྱབ་སྐྱོར་བྱས་ནས། ཚང་མས་མཉམ་དུ་ཚན་རིག་དང་མཐུན་པར་རིམས་ནད་འགོག་བཅོས་དང་ཧུར་ཐག་གིས་ཟློག་སེལ་བགྱིད་པའི་སྤྱི་ཚོགས་ངང་ཚུལ་ལེགས་པོ་བསྐྲུན་ནས། མངོན་ལྐོག་གཉིས་ཀྱི་ཉེན་ཁ་སྣ་ཚོགས་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་དགོས།
བློ་སེམས་གཅིག་ཏུ་མཐུན་ན་བརྒལ་མི་ནུས་པའི་རི་བོ་མེད་ལ། དཔུང་ལག་མཉམ་དུ་སྦྲེལ་ན་བཟློག་མི་ནུས་པའི་བར་ཆད་མེད། ང་ཚོར་ཡིད་ཆེས་བརྟན་པོ་ཡོད་དེ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགོ་ཁྲིད་སྟོབས་དང་ལྡན་པའི་འོག་ཏུ། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་རང་རྟོགས་སྒོས་འགུལ་སྐྱོད་བྱས་ཏེ། མི་བརྒྱ་སེམས་གཅིག་གིས་ཕྱར་བ་གྲུ་འདེགས་བྱས་ན། རིམས་ནད་འགོག་བཅོས་དང་ཚོད་འཛིན་གྱི་འགོག་རྒོལ་གཡུལ་འཐབ་འདི་ལ་རྒྱལ་ཁ་ལེན་ཐུབ་ངེས་ཡིན།
རྩེ་ཁོག་རྫོང་ཏོག་དབྱིབས་ནད་དུག་གློ་ཚད་རིམས་ནད་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ།
2020ལོའི་ཟླ1པོའི་ཚེས26ཉིན
全县广大干部群众:
近期,湖北省武汉市等多个地区发生新型冠状病毒感染的肺炎疫情。疫情发生后,党中央、国务院高度重视,各级党委政府已制定周密方案,采取有力措施,进行有效防控,遏制疫情蔓延。为切实保障人民群众身体健康和生命安全,确保全县广大干部群众度过一个健康平安幸福祥和的新春佳节,群策群力打赢疫情防控战,中共泽库县委宣传部特向全县广大干部群众发出如下倡议:
一、提倡平安过年,人人参与疫情防控。 防控疫情,人人有责,每个人都可以为防控出力:出门戴口罩,勤洗手,勤换衣,多锻炼,常通风,不随地吐痰,不乱扔乱倒;不去海鲜、活禽市场,少去人多的地方,没有要紧的事不外出旅行;有从湖北(武汉)返乡人员请自觉报告当地政府,在家观察,不要外出。如果感觉不适,有咳嗽发烧症状,要及时去医院就诊。
二、提倡文明过年,减少人员非必要聚集和接触。避免到封闭、空气不流通的公众场所和人员密集场所活动,必要时请佩戴口罩。不与外地特别是武汉返乡人员过密接触,有出游计划的尽量改变行程,不要到武汉等地旅游。与人交往不握手、不拥抱,面对面交谈保持一定距离。通过打电话、发微信等形式,给亲朋好友拜年。
三、提倡清洁过年,注意个人和公共场所卫生。不随地吐痰,咳嗽、打喷嚏时使用纸巾或弯曲手肘掩盖口鼻。使用流动的水、肥皂洗手,或含有酒精成分的手消毒剂。注意在餐前、便后、接触动物、咳嗽或打喷嚏后及时洗手。要积极开展清洁大扫除,铲除病毒滋生和传播土壤。要适量运动、规律作息,增强体质和免疫力。同时各单位、县域内各集贸市场等要积极开展卫生整治行动。
四、提倡健康过年,保持良好安全饮食习惯。不要购买和食用野味,制作各种肉类和蛋类要确保煮熟,处理生食和熟食的切菜板及刀具要分开。尽量避免在未加防护的情况下接触野生或养殖动物。不酗酒、不赌博、不搞封建迷信,积极参与“文明餐桌”行动,做到健康饮食,理性消费。
让我们共同携起手来,不随意传播非官方渠道发布的与疫情相关的信息,不信谣、不造谣、不传谣,齐心协力,坚决打赢防控新型冠状病毒肺炎疫情战役!
泽库县新型冠状病毒感染的肺炎疫情处置工作指挥部
2020年1月27日
ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་སྔོན་འགོག་དང་བཅོས་ཐབས་ཡོད། དེ་འགོག་ཐབས་སུ་ཁྱེད་ཀྱིས་དོགས་ཟོན་བྱེད་ཐབས་འདི་དག་སེམས་ལ་འཛིན་རོགས།
新型冠状病毒感染的肺炎可防可治。为防患于未然,请您加强防范措施。
ཏོག་དབྱིབས་ནད་དུག་གློ་ཚད་རིམས་ནད་སྔོན་འགོག་དྲན་སྐུལ།
预防冠状病毒肺炎温馨提示:
འོས་འཚམ་སྒོས་སྒོ་དང་དྲ་མ་ཕྱེ་སྟེ་མཁའ་དབུགས་བརྒྱུད་སྤྲོད་བྱ་རུ་འཇུག་དགོས།
1.适当开窗通风,加强空气流通;
སྒོ་ཕྱི་རུ་འགྲོ་དུས་ཁ་བཏུམ་རྒྱག་པ་དང་། གློ་ལུ་བའམ་ཧབ་སྦྲིད་རྒྱག་དུས་ཁ་སྣ་བཏུམ་དགོས།
2.出门戴口罩,咳嗽或打喷嚏时捂住口鼻;
འཕྲོད་བསྟེན་ལ་དང་དོད་སྒོས་དུས་དང་རྣམ་པ་ཀུན་ཏུ་ལག་པ་བཀྲུ་དགོས།
3.讲究卫生,勤洗手;
ཟས་རིགས་སྣ་ཚོགས་པ་ཚོས་ཐག་ཆོད་པར་བྱེད་དགོས།
4.将各种食物彻底做熟;
ཆམ་ནད་ཕོག་མཁན་དང་འབྲེལ་འདྲིས་བྱེད་པར་གཟབ་དགོས།
5.避免与呼吸道感染患者密切接触;
གང་སར་ཅི་འདོད་དུ་ཁ་ལུད་འཕེན་མི་རུང་།
6.不要随地吐痰;
རི་སྐྱེས་སྲོག་ཆགས་དང་སྒོ་ཟོག་གསོན་པོའི་ཉེ་སར་བཏུད་མི་རུང་།
7.避免近距离接触野生动物或活牲畜;
བཀག་སྡོམ་གྱི་གནས་དང་མཁའ་དབུགས་བརྒྱུད་སྤྲོད་བྱེད་དཀའ་བའི་འདུ་ར་དང་མི་མང་ཚོགས་ས་རུ་འགྲོ་མི་རུང་།
8.避免到封闭、空气不流通的公共场所和人多聚集的地方。
དུས་ལྟར་སྨན་པར་སྟོན་དགོས། གལ་ཏེ་ཚ་བརྒྱབ་པ་དང་ལྷག་པར་དུ་ཚ་རྒྱས་ནས་ཕྱིར་མི་འབུད་པ། གློ་ལུ་བ་དང་དབུགས་འཚང་བ་སོགས་དབུགས་ལམ་གྱི་ནད་རྟགས་ཐོན་པ་ཡིན་ན་མྱུར་དུ་སྨན་པར་སྟོན་དགོས།
9.及时观察就医,如果出现发热,特别是高热不退,咳嗽气促等呼吸道感染症状,及时就医。
全县病例日报告、零报告专职人员信息表
རྫོང་མི་དམངས་སྨན་ཁང་། 县人民医院 | ཡེ་ཤེས་སྒྲོལ་མ། 叶西卓玛 | 153****3900 |
རྫོང་བོད་སྨན་ཁང་། 县藏医院 | ཆོས་སྒྲོན་མཚོ། 曲忠措 | 157****9559 |
རྫོང་ནད་ཡམས་སྔོན་འགོག་ལྟེ་གནས། 县疾控中心 | ཞེ་བིན་ཡོན། 谢文元 | 182****2818 |
རྫོང་མ་བུ་བདེ་སྲུང་ཁང་། 县妇计中心 | སྐལ་བཟང་མཚོ། 尕藏措 | 158****9333 |
ཧོར་གྲོང་རྡལ་འཕྲོད་བསྟེན་ཁང་།和日镇中心卫生院 | མྰ་བེ་ལོང་། 马维龙 | 183****9024 |
བོན་བརྒྱ་ཞང་་འཕྲོད་བསྟེན་ཁང་། 王家乡卫生院 | ཞན་བེའུ། 鲜伟 | 136****0223 |
ཉིན་ཤུག་གྲོང་གྲོང་རྡལ་འཕྲོད་བསྟེན་ཁང་།宁秀镇卫生院 | ཕུར་བ་སྐྱབས། 普拉吉布 | 176****5658 |
རྩེ་གཞུང་་འཕྲོད་བསྟེན་ཁང་། 泽雄卫生院 | ཚེ་རིང་དོན་འགྲུབ། 才让当周 | 151****9666 |
ཆ་སྐོར་འཕྲོད་བསྟེན་ཁང་། 恰科日卫生院 | བཀྲ་རྡོ། 扎多 | 153****1234 |
རྡོ་དཀར་མོ་ཞང་འཕྲོད་བསྟེན་ཁང་། 多和茂卫生院 | མགོན་པོ་ཚེ་རིང་། 公保才旦 | 138****9558 |
དཔྭི་ས་ཞང་འཕྲོད་བསྟེན་ཁང་། 西卜沙卫生院 | གཡུ་སྒྲོན་མཚོ། 叶忠措 | 178****9558 |
དམེ་ཤུལ་གྲོང་རྡལ་འཕྲོད་བསྟེན་ཁང་།麦秀镇中心卫生院 | ཨོ་རྒྱན་རྒྱལ། 吾金加 | 156****9088 |