第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > མདོ་ཁམས་ཡུལ་གྲུའི་ས་གནས་ལོ་རྒྱུས་སྐོར་གྱི་བགྲོ་གླེང་ཚོགས་འདུ།

མདོ་ཁམས་ཡུལ་གྲུའི་ས་གནས་ལོ་རྒྱུས་སྐོར་གྱི་བགྲོ་གླེང་ཚོགས་འདུ།

2019年12月18日 11:54:55 访问量:41

རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གནད་ཆེའི་ལས་གཞི་སྟེ“མདོ་ཁམས་ཡུལ་གྲུའི་ས་གནས་ལོ་རྒྱུས་ཡིག་ཚང་འཚོལ་སྡུད་དག་སྒྲིག་དང《མདོ་ཁམས་བོད་ཀྱི་ལོ་རྒྱུས་ཆེན་མོ》རྩོམ་འབྲི”ཡི་བར་སྐབས་ཞིབ་བཤེར་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས།

       སྤྱི་ལོ2019ལོའི་ཟླ11པའི་ཚེས14ཉིན།  རྒྱལ་ཁབ་སྤྱི་ཚོགས་ཚན་རིག་ཐེབས་རྩའི་གནད་ཆེའི་ལས་གཞི་སྟེ“མདོ་ཁམས་ཡུལ་གྲུའི་ས་གནས་ལོ་རྒྱུས་ཡིག་ཚང་འཚོལ་སྡུད་དག་སྒྲིག་དང《མདོ་ཁམས་བོད་ཀྱི་ལོ་རྒྱུས་ཆེན་མོ》རྩོམ་འབྲི”ཡི་བར་སྐབས་ཞིབ་བཤེར་བགྲོ་གླེང་ཚོགས་འདུ་ཟི་ལིང་དུ་བསྡུས། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་མི་རིགས་རིག་པ་དང་སྤྱི་ཚོགས་རིག་པའི་སློབ་གླིང་གི་དགེ་རྒན་ཆེན་མོ་རྨེ་རུ་ཡུལ་ལྷ་ཐར་གྱིས་དབུ་འཛིན་གཙོ་སྐྱོང་གནང་ཞིང་།   ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གླིང་གི་གླིང་གཙོ་དགེ་རྒན་ཆེན་མོ་ཚེ་རིང་ལགས་དང་མཐའ་བ་བཀྲ་ཤིས་བཀྲ་ཤིས་དོན་གྲུབ་ལགས་གཉིས་གདན་ཞུའི་ཆེད་མཁས་ཀྱི་ཚབ་ཏུ་ཚོགས་འདུར་ཞུགས་ཤིང་།  མཚོ་སྔོན་མི་རིགས་སློབ་ཆེན་ཚན་ཞིབ་དོ་དམ་ཁང་གི་འགོ་ཁྲིད་དང་འབྲེལ་ཡོད་སློབ་གླིང་གི་དགེ་སློབ།  སྤྱི་ཚོགས་ལས་རིགས་སོ་སོའི་འབྲེལ་ཡོད་མི་སྣ།  གསར་འགྱུར་སྨྱན་བྱད་ཁག་གི་གསར་འགོད་པ་སོགས་མི་སྣ30ཙམ་ཚོགས་འདུར་མཉམ་ཞུགས་གནང་། 

       ཚོགས་འདུའི་སྟེང་།  ཐོག་མར་གནད་ཆེའི་ལས་གཞི་འདིའི་དབུ་འཛིན་གཙོ་སྐྱོང་བ་རྨེ་རུ་ཡུལ་ལྷ་ཐར་ལགས་ནས་ཞིབ་འཇུག་ལས་ཀ་ཧྲིལ་བོའི་ངོས་ནས་ལོ་ངོ་གཉིས་རིང་གི་བྱ་བར་སྤྱི་སྡོམ་དང་བར་སྐབས་དཔྱད་འབྲས་རྩིས་སྤྲོད།  ཞིབ་འཇུག་ལས་རིམ་ནང་འཕྲད་པའི་གནད་དོན།  མ་འོངས་པའི་འཆར་གཞི་དང་ཞིབ་འཇུག་གི་རིགས་ལམ་སོགས་ངོ་སྤྲོད་གནང་བ་དང་།  དེར་མཐུད་ནས།  ཡན་ལག་ལས་གཞི་དང་པོ་སྟེ་མདོ་ཁམས་ཡུལ་གྲུའི་ས་གནས་ལོ་རྒྱུས་ཡིག་ཚང་འཚོལ་སྡུད་དག་སྒྲིག་གི་གཙོ་སྐྱོང་བ་དགེ་རྒན་ཆེན་མོ་ཆ་རིས་སྐལ་བཟང་ཐོགས་མེད་ལགས་དང་།  ཡན་ལག་ལས་གཞི་གཉིས་པ་སྟེ《མདོ་ཁམས་བོད་ཀྱི་ལོ་རྒྱུས་ཆེན་མོའི》པོད་དང་པོ་ཡི་འགན་འཛིན་དགེ་རྒན་ཆེ་གཞོན་ཀ་རིང་རིན་ཆེན་ལགས།  ཡན་ལག་ལས་གཞི་གསུམ་པ་སྟེ《མདོ་ཁམས་བོད་ཀྱི་ལོ་རྒྱུས་ཆེན་མོའི》པོད་གཉིས་པའི་གཙོ་སྐྱོང་བ་དགེ་རྒན་ཆེན་མོ་ཁྲིན་པའེ་ཕིན་ལགས།  ཡན་ལག་ལས་གཞི་བཞི་བ་སྟེ《མདོ་ཁམས་བོད་ཀྱི་ལོ་རྒྱུས་ཆེན་མོའི》པོད་གསུམ་པའི་འགན་འཛིན་དགེ་རྒན་ཆེ་གཞོན་ཏིང་འཛིན་སྐྱིད་ལགས་བཅས་ཀྱིས་སོ་སོར་ཡན་ལག་ལས་གཞི་ཁག་གི་གྲུབ་ཟིན་པའི་ནང་དོན་མཚམས་སྦྱོར་སྙན་ཞུ་བགྱིས།  

       ཤེས་རྟོགས་བྱུང་གསལ་ལ།  ལས་གཞིའི་ཞིབ་འཇུག་ཚོགས་པ་འདིས་སློབ་གྲྭ་ཕྱི་ནང་གི་ཞིབ་འཇུག་མི་སྣ་བཅུ་ཕྲག་ཙམ་རྩ་འཛུགས་ཀྱིས།  རྒྱུན་ཆད་མེད་པར་མདོ་ཁམས་བོད་ཀྱི་ལོ་རྒྱུས་དང་ཡིག་ཚང་ཞིབ་འཇུག་ཐད་ནས་གསར་གཏོད་ཞིབ་འཇུག་གནང་ཞིང་།  ད་ལྟའི་བར་འབྲེལ་ཡོད་ཡིག་ཚང་བཞི་བཅུ་ལྷག་འཚོལ་སྡུད་བྱས་པ་དང་།  མདོ་ཁམས་བོད་ཀྱི་ལོ་རྒྱུས་ལ་འབྲེལ་བའི་དཔྱད་རྩོམ་ཉེར་བཞི་ཙམ་བོད་རྒྱ་ཡིག་རིགས་གཉིས་ཀྱི་ལམ་ནས་འགྲེམ་སྤེལ་བྱས་པར་མ་ཟད།  རྒྱལ་སྤྱིའི་བོད་རིག་པའི་རིག་གཞུང་ཞིབ་འཇུག་ཚོགས་འདུ་སོགས་རྒྱལ་སྤྱི་དང་རྒྱལ་ནང་གི་ཚོགས་འདུ་ཆེ་ཁག་ཉི་ཤུ་ཙམ་ལ་ཞུགས་ཏེ་རིག་གཞུང་བགྲོ་གླེང་དང་མཉམ་ལས་བརྗེ་རེས་གནང་།  དེ་བཞིན།  ཞིབ་འཇུག་ཚོགས་པ་འདིས་མདོ་ཁམས་ས་ཆའི་ཡུལ་དངོས་རྟོག་དཔྱོད་ཞིབ་འཇུག་ལའང་དོ་སྣང་བྱས་ཏེ།  ཐེངས་དུ་མར་སི་ཁྲོན་དང་ཡན་ནན།  ཀན་སུའུ།  མཚོ་སྔོན་སོགས་ཞིང་ཆེན་གྱི་བོད་ཁུལ་ཁག་ལ་དངོས་བསྐྱོད་བརྟག་དཔྱད་ཀྱིས།  རྒྱུ་ཆ་འཚོལ་སྡུད་དང་རིག་གཞུང་ཞིབ་འཇུག  བརྟག་དཔྱད་སྙན་ཞུ་འབྲི་བ་སོགས་ཀྱི་ལས་ཀར་གཞོལ་ཞིང་།  ས་ཁམས་ལོ་རྒྱུས་ཐད་ཀྱི་རྒྱུ་ཆ་ཕུན་སུམ་ཚོགས་པ་གསོག་ཉར་བྱས་ཡོད།  མ་འོངས་པར།  གནད་ཆེའི་ལས་གཞི་ཞིབ་འཇུག་ཚོགས་པ་འདིས་ཡིག་ཚང་འཚོལ་སྡུད་དང་དཔྱད་འཇོག་དག་སྒྲིག  ཡུལ་ཁོངས་ལོ་རྒྱུས་ཞིབ་འཇུག་བཅས་སྦྲགས་མའི་སྒོ་ནས་ལས་ཀ་གཉེར་རྩིས་འདུག་ལ།  《མདོ་ཁམས་བོད་མིའི་བྱུང་བ་དང་འབྲེལ་ནས་བོད་ཡུལ་དབུས་དང་མདོ་ཁམས་ཡུལ་གྲུའི་འབྲེལ་བའི་ལོ་རྒྱུས་སྐོར་གྱི་ཞིབ་འཇུག》ཅེས་པ་དང《མདོ་སྨད་ལྷོ་རྒྱུད་ཀྱི་ཡུལ་ཁོངས་ལོ་རྒྱུས་ཞིབ་འཇུག》ཅེས་པའི་ཞིབ་འཇུག་གི་ཆེད་དེབ་ཁག་ཀྱང་བར་སྐབས་ཞིབ་འཇུག་གི་ཚུལ་གྱིས་འདོན་འཆར་འདུག  ལས་གཞི་འདི་ལོ་ལྔའི་འཆར་གཞི་ཡིན་པ་ལྟར་སྤྱི་ལོ2022ལོའི་ལོ་མཇུག་ཏུ་མཇུག་སྡུད་རྩིས་ཡིན་པ་ལ།  ད་ལྟ་ནི་གནད་འགག་གི་ཞིབ་འཇུག་ལས་རིམ་ཞིག་ཏུ་གནས་ཡོད་པ་སྟེ།  ལས་གཞིའི་ཞིབ་འཇུག་ཚོགས་པས་འབད་འབུངས་ལྷོད་མེད་བྱེད་བཞིན་པའི་སྟབས་ལས།  མདོ་ཁམས་བོད་ཀྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་ཚ་རླབས་གསར་བ་ཞིག་སློང་ངེས་སོ། །
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་མཁར་རྒྱལ། 

རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心