第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ།

བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ།

2019年12月18日 11:55:21 访问量:42


བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ་པེ་ཅིང་དུ་འཚོགས་པ།

འདི་ནི་ཚོགས་ཞུགས་ཆེད་མཁས་པ་དང་མཁས་དབང་དག་གི་མཉམ་པར་ཡིན། 
ཟླ11པའི་ཚེས16ཉིན། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་ཁང་གིས་གཙོ་གཉེར་བྱས་པའི“བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་གཉིས་པ”འཚོགས་ཤིང་། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་ཆེད་མཁས་པ་དང་མཁས་དབང50ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག“ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་དང་བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག”དང་། “རྒྱུད་གཅིག་ལམ་གཅིག་དང་ཉེ་རབས་ཀྱི་བོད་ལྗོངས་ས་གནས་དང་ཨེ་ཤེ་ཡ་ལྷོ་མའི་འབྲེལ་བར་ཞིབ་འཇུག”“ཉེ་རབས་བོད་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་མི་སྣ་དང་ལོ་རྒྱུས་ཀྱི་དོན་རྐྱེན་ཞིབ་འཇུག” “ཉེ་རབས་བོད་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཡིག་ཚགས་ཚད་ལྡན་ཡིག་ཆ་ཞིབ་འཇུག”བཅས་ཀྱི་བརྗོད་དོན་གཙོ་བོ4ལ་དམིགས་ནས་སྤུས་ཚད་མཐོ་བ་དང་འདུས་ཚད་མཐོ་བའི་དཔྱད་བསྡུར་བྱས་པ་རེད། ཆེད་མཁས་པ་ཞུགས་ཚད་ཀྱི་སྟོབས་ཤུགས་ཆེ་བ་དང་གཏམ་བཤད་བརྗོད་དོན་གྱི་ནང་དོན་ཕུན་སུམ་ཚོགས་པས་ད་ཐེངས་ཀྱི་ཚོགས་འདུ་ཚད་ངེས་ཅན་ཞིག་གི་ཐོག་ནས་རྒྱལ་ནང་གི་བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་གི་ཕྱོགས་བསྡུས་ཀྱི་ཆུ་ཚད་མངོན་ཡོད་ཅེས་བརྗོད་ཆོག
འདི་ནི་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་ཡིན། 
ཚོགས་ཞུགས་མི་སྣའི་གྲུབ་ཆའི་ཐད། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས། ཀྲུང་གོ་སྤྱི་ཚོགས་ཚན་རིག་གླིང་སོགས་ཚན་ཞིབ་སྒྲིག་གཞིའི་ལས་ཁུངས་ནས་ཡོང་བའི་ཆེད་ལས་ཚན་ཞིབ་མི་སྣ་ཡོད་པ་མ་ཟད། ཀྲི་ཅེང་སློབ་ཆེན་དང་། བོད་ལྗོངས་སློབ་ཆེན། པེ་ཅིང་དགེ་འོས་སློབ་ཆེན། ཧྲང་ཧའེ་དགེ་འོས་སློབ་ཆེན། བོད་ལྗོངས་མི་རིགས་སློབ་ཆེན། ཧྲའན་ཤིས་དགེ་འོས་སློབ་ཆེན། ཡུན་ནན་དགེ་འོས་སློབ་ཆེན། སི་ཁྲོན་དགེ་འོས་སློབ་ཆེན། ཡུན་ནན་མི་རིགས་སློབ་ཆེན་སོགས་སློབ་ཆེན་གྱི་ཆེད་ལས་དགེ་རྒན་ཡང་ཡོད་ལ། དེ་མིན་ད་དུང་ཀྲུང་དབྱང་མི་རིགས་སློབ་ཆེན་དང་། བོད་ལྗོངས་སློབ་ཆེན་དུ་ཡོད་པའི་རབ་འབྱམས་པའི་སློབ་མ། འབུམ་རམས་པའི་སློབ་མ་སོགས་ཡོད་པས། བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁྱབ་ཁོངས་ཀྱི་མཁས་དབང་གི་ཁྱབ་རྒྱ་ཆེ་བ་དང་། གྲངས་འབོར་མང་བ། གྲུབ་ཆ་ལུགས་མཐུན་ཡིན་པ་བཅས་ཀྱི་ཐོག་ནས་བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཐད་ཞིབ་འཇུག་གི་ཉམས་མྱོང་ཕུན་སུམ་ཚོགས་པའི་གྲུབ་འབྲས་བསགས་ཡོད་པའི་ཁར་རྒྱུན་འཛིན་མཁན་མང་ལ་འཕེལ་རྒྱས་ཀྱི་མདུན་ལྗོངས་ཡངས་པ་མཚོན་གྱི་ཡོད།
ཚོགས་འདུའི་བརྗོད་དོན་གཙོ་བོའི་ཐད་བརྗོད་དོན་ཁྱབ་རྒྱ་ཆེ་ཞིང་དབྱེ་ཞིབ་བྱེད་ཕྱོགས་སྣ་མང་ཡིན། སློབ་སྦྱོང་དང་བསམ་གཞིག་གི་རིན་ཐང་ལྡན་པ། ཁ་ཕྱོགས་རང་བཞིན་གྱི་དཔྱད་བསྡུར་དཔེར་ན། ཀྲུང་དབྱང་མི་རིགས་སློབ་ཆེན་ལོ་རྒྱུས་རིག་གནས་སློབ་གླིང་གི་དགེ་རྒན་ཆེན་མོ་ཤེས་རབ་ཉི་མའི“བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ཁྱབ་ཁོངས་ཀྱིས་ཀྱང་ལོ་རྒྱུས་ཀྱི་དོན་སྟོང་རིང་ལུགས་ཀྱི་སྣང་ཚུལ་ལ་དོགས་ཟོན་བྱེད་དགོས”ཞེས་པའི་གཏམ་བཤད་དེས་བོད་ཀྱི་ཉེ་རབས་་ལོ་རྒྱུས་ཞིབ་འཇུག་ལ་ཉེན་བརྡའི་ནུས་པ་གལ་ཆེན་བཏང་ཡོད་ལ། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ལོ་རྒྱུས་སུའོ་ཡི་ཞིབ་འཇུག་པ་ཀྲང་ཡོན་གྱིས“དུས་རབས20པའི་ལོ་རབས40པར་དབྱིན་ཇིའི་བོད་ལ་བཙན་འཛུལ་བྱས་པའི་བྱེད་སྒོའི་དོན་རྐྱེན་འགའ”དང་། ཀྲི་ཅེང་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཁྲིན་ཙའོ་ཞ་ཡི་ཨ་རིའི་གསར་འགོད་པ་ཐའོ་མཱ་སི་ཡི་བོད་ཀྱི་ལྟ་བ་བརྒྱུད་བསྒྲགས་ནོར་འཛོལ་གྱི་ཞིབ་དཔྱད་པ་སོགས་ཀྱི་གཏམ་བཤད་ནི་ཉེ་རབས་སུ་ཕྱི་རྒྱལ་སྟོབས་ཤུགས་ཀྱིས་བོད་ལྗོངས་ས་གནས་ཀྱི་ལོ་རྒྱུས་ལ་ཐེ་གཏོགས་གཏིང་ཟབ་བྱེད་པའི་གྱོད་གཞིའི་ཞིབ་འཇུག་ཅིག་ཡིན་པ་དང་། དཔལ་འབྱོར་ལ་བརྟེན་ནས་ཞིབ་འཇུག་བྱེད་པ་དཔེར་ན། སི་ཁྲོན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སོན་ཡུང་གི“བོད་ཀྱི་ཉེ་རབས་དགོན་སྡེའི་གཞིས་ཀའི་དཔལ་འབྱོར་བཙན་ཤེད་ཚད་ལས་བརྒལ་བ་དང་དེའི་ངན་འབྲས་འཚོལ་ཞིབ”སོགས་ཀྱི་གཏམ་བཤད་སྤེལ། “ཀྲུང་གོ་གུང་ཁྲན་ཏང་གི་བོད་ལྗོངས་ཀྱི་སྲིད་ཇུས་ཞིབ་འཇུག”ཅེས་པ་ནི་ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དགེ་རྒན་ཆེན་མོ་ཧུའུ་ཡན་དང་ཝང་ཞའོ་པིན་གྱི་གཏམ་བཤད་ཀྱི་བརྗོད་བྱ་གཙོ་བོ་ཡིན་པས་མཛུབ་ཁྲིད་རང་བཞིན་གྱི་ནུས་པ་ཆེན་པོ་ལྡན་ཡོད། “རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་བོད་ས་གནས་དང་མཐའ་འཁོར་ས་ཁོངས་ཀྱི་འབྲེལ་བའི་ལོ་རྒྱུས་ཞིབ་འཇུག་དེའང་ད་ཐེངས་ཀྱི་ཚོགས་འདུའི་གཏམ་བཤད་ཀྱི་བརྗོད་དོན་གཙོ་བོའི་གྲས་ཀྱི་གཅིག་ཡིན་པས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་བཀྲ་ལོའི“འབྲུག་ཡུལ་ལོ་རྒྱུས་ཀྱི་དོན་བརྗོད་དང་དེའི་རིམ་འགྱུར།” བོད་ལྗོངས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་སྨོན་ལམ་བརྩོན་འགྲུས་ཀྱི“བོད་ལྗོངས་ས་གནས་དང་ཨེ་ཤེ་ཡ་ལྷོ་མའི་ཚོང་དོན་འབྲེལ་བ།” ཡུན་ནན་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཀྲིག་ཀྲི་ཧྲིན་གྱི“ཀྲུང་གོ་དང་། འབར་མ། རྒྱ་གར་བཅས་ཀྱི་མཐའ་མཚམས་ས་ཁུལ་གྱི་ཚོང་དོན་སྤེལ་རེས་འཕེལ་རྒྱས་ཀྱི་ལོ་རྒྱུས་ཞིབ་འཇུག”སོགས་སྐོར་གྱི་གཏམ་བཤད་སྤེལ་བ་དེས་རྒྱ་ཆེ་བའི་ས་ཁོངས་འབྲེལ་བ་དྲ་རྒྱའི་ཁྲོད་ཉེ་རབས་བོད་ལྗོངས་དང་དེ་བཞིན་མཐའ་འཁོར་ས་གནས་ཀྱི་ལོ་རྒྱུས་ལ་གྲོས་བསྡུར་བྱས། ཉེ་རབས་བོད་དང་འབྲེལ་བ་ཡོད་པའི་ལོ་རྒྱུས་ཀྱི་དོན་རྐྱེན་དང་ལོ་རྒྱུས་མི་སྣའི་ཞིབ་འཇུག་དེའང་ཚོགས་ཞུགས་མཁས་དབང་ཚོས་དོ་ཁུར་བྱེད་པའི་ཁྱབ་ཁོངས་གཙོ་བོ་ཞིག་ཡིན་ལ། དཔེར་ན་ཧྲང་ཧའེ་དགེ་འོས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ལིའུ་ཡུང་ཝུན་གྱི“སྨྱན་སྦྱོར་གྱི་མཐོང་ལམ་ནང་གི་སྔ་རྗེས་གཉིས་ཀྱི་བོད་དང་འཐབ་རྩོད་བྱེད་པའི”སྐོར་གྱི་གཏམ་བཤད་སྤེལ།  “ལོ་རྒྱུས་ཀྱི་དཔྱད་གཞི་མེད་ན།” ལོ་རྒྱུས་ཞེས་པ་མེད།” བོད་དང་འབྲེལ་བ་ཡོད་པའི་ཉེ་རབས་ལོ་རྒྱུས་ཀྱི་ཚད་ལྡན་ཡིག་ཆར་ཞིབ་འཇུག་བྱ་རྒྱུ་དེའང་ཚོགས་ཞུགས་མཁས་དབང་མི་ཉུང་བ་ཞིག་གི་གཏམ་བཤད་ཀྱི་བརྗོད་བྱ་གཙོ་བོ་ཡིན་ལ། དཔེར་ན། ཕོ་བྲང་པོ་ཏ་ལའི་ཞིབ་འཇུག་པ་གཞོན་པ་བཀྲ་ཤིས་ཚེ་བརྟན་གྱི“ལྷ་སའི་པར་གཞིའི་《བཀའ་འགྱུར》གྱི་དཀར་ཆག་ཞིབ་འཇུག”སོགས་ཀྱིས་ཉེ་རབས་ལོ་རྒྱུས་ཀྱི་ཞིབ་འཇུག་ཁྲོད་ལོ་རྒྱུས་ཚད་ལྡན་ཡིག་ཆ་དང་ཡིག་ཚགས་དཔྱད་ཡིག་གི་ནུས་པ་གལ་ཆེན་ནན་བཤད་བྱས་ཡོད།
འདི་ནི་བགྲོ་གླེང་ཚོགས་འདུའི་ཡུལ་དངོས་ཡིན། 
ཚོགས་འདུའི་འགོ་ཚུགས་མཛད་སྒོའི་སྟེང་། ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་ཁང་གི་དགེ་རྒན་ཆེན་མོ་གཞོན་པ་དབྱངས་སྒྲོན་གྱིས་གཙོ་སྐྱོང་གནང་བ་དང་། བོད་རིག་པ་ཞིབ་འཇུག་ཁང་གི་ཡོན་ཀྲང་དགེ་རྒན་ཆེན་མོ་སུའུ་ཧྥ་ཞང་གིས་འགོ་ཚུགས་མཛད་སྒོའི་ཐོག་གཏམ་བཤད་གནང་། སུའུ་ཧྥ་ཞང་གིས་ཉེ་རབས་བོད་རིགས་ཀྱི་ལོ་རྒྱུས་ཞིབ་འཇུག་ལ་ཐོབ་པའི་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དང་། བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་གི་དོན་སྙིང་གལ་ཆེན་ལ་ཁས་ལེན་བྱས་པ་མ་ཟད། འབྱུང་འགྱུར་གྱི་ཞིབ་འཇུག་ཁ་ཕྱོགས་ལ་ཞིབ་ཕྲའི་གྲོས་འགོ་བཏོན་པ་རེད།
ཁོང་གིས་ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་རིག་གཞུང་བགྲོ་གླེང་ཚོགས་འདུ་སྐབས་དང་པོ་དེ2018ལོའི་ཟླ9པའི་ཚེས22ཉིན་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པ་ཞིབ་འཇུག་གླིང་དང་ཀྲུང་གོ་གོའི་སྤྱི་ཚོགས་ཚན་རིག་གླིང་ཉེ་རབས་ལོ་རྒྱུས་ཞིབ་འཇུག་སུའོ་གཉིས་ཀྱིས་མཉམ་དུ་གཉེར་བ་རེད། བོད་ཀྱི་ཉེ་རབས་ལོ་རྒྱུས་ཞིབ་འཇུག་ནི་བོད་རིག་པ་ཞིབ་འཇུག་ཁང་གིས་ནུས་ཤུགས་ཡོད་རྒུ་བཏོན་པའི་རིག་གཞུང་བགྲོ་གླེང་ཚོགས་འདུའི་བརྗོད་དོན་གཙོ་བོའི་གྲས་ཤིག་ཡིན་ཞིང་། མུ་མཐུད་དུ་རྒྱལ་ནང་གི་ཉེ་་བོད་ཀྱི་རབས་ལོ་རྒྱུས་ཞིབ་འཇུག་ཁྱབ་ཁོངས་ཀྱི་རིག་གཞུང་སྟེགས་བུ་གལ་ཆེན་ཞིག་ཏུ་འགྱུར་བར་དམིགས་སུ་བཟུང་ཡོད་པ་རེད། །

ཡིག་སྒྱུར། ཀླུ་འབུམ་ཚེ་རིང་། 

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་རིང་དོན་གྲུབ། ཀླུ་འབུམ་ཚེ་རིང་། 
རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心