第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > ང་ཚོས་སུའི་ཆེད་དུ་སློབ་སྦྱོང་བྱེད།༼བསོད་ནམས་འཚོ། ༣༦འཛིན་གྲྭ༽

ང་ཚོས་སུའི་ཆེད་དུ་སློབ་སྦྱོང་བྱེད།༼བསོད་ནམས་འཚོ། ༣༦འཛིན་གྲྭ༽

2023年06月22日 10:37:58 访问量:70 作者:索南措

ང་ཚོས་སུའི་ཆེད་དུ་སློབ་སྦྱོང་བྱེད།

བསོད་ནམས་འཚོ། དམའ་གསུམ་འཛིན་གྲྭ་དྲུག་པ།

ང་ཚོས་སུའི་ཆེད་དུ་སློབ་སྦྱོང་བྱེད་པ་ཡིན།ཞེས་དྲིས་ཚེ།ལ་ལས་སློབ་སྦྱོང་ནི་དགེ་རྒན་དང་སློབ་གཙོ་ག་གེ་མོ་ཞིག ཡང་ན།འཛིན་གྲྭ་དང་འཛིན་བདག་གི་ཆེད་དུ་བྱེད་པ་ཡིན་པར་ལན་གདབ་སྲིད།ཡང་ལ་ལས།སློབ་སྦྱོང་བྱེད་པ་ནི་ཕ་མ་དང་རྒྱལ་ཁབ།སློབ་གྲྭ་དང་འཛིན་གྲྭའི་མཚན་ཉིད་ཀྱི་ཆེད་དུ་ཡིན་ཟེར་མཁན་ཡང་ཡོད་ངེས།ངས་བསམ་པར་དེ་ལྟར་འདོད་མཁན་ཚང་མ་ནི་ད་དུང་བསམ་མ་ཤེས་པ་ཡིན་པར་འདོད།

ང་ཚོ་སློབ་མ་ཞིག་ཡིན་ཚེ་སློབ་སྦྱོང་བྱེད་པ་ནི་ང་ཚོའི་ཕྲག་ཏུ་བབས་པའི་འོས་འགན་ཉག་གཅིག་པུ་དེ་ཡིན། འོས་འགན་འདི་ནི་མི་གཞན་ཞིག་གིས་ང་ཚོ་ལ་ལས་བཅོལ་བྱས་པ་མ་ཡིན་པར། མི་ཞིག་ཡིན་ཚེ་ཚང་མའི་འོས་འགན་འདི་བསྒྲུབ་དགོས།རྒྱུ་མཚན་འདི་ནི་གཞན་ཞིག་གི་ཆེད་དུ་མ་ཡིན་པར་ཡོད་ཚད་རང་ཉིད་ཀྱི་ཆེད་དུ་ཡིན།ཡོན་ཏན་སྦྱོང་བ་ནི་རང་གི་མ་འོངས་པའི་འཚོ་བར་བདེ་སྐྱིད་བསྐྲུན་པ་དང་རང་ཉིད་ཀྱི་འཇོན་ནུས་ཕྱོགས་ཡོངས་ནས་མཐོན་འདེགས་སུ་གཏོང་ཕྱིར་ཡིན།གལ་ཏེ།ད་ལྟ་ང་ཚོས་སྡུག་རུས་སྤྱད་དེ་སློབ་སྦྱོང་བྱས་ཚེ་ང་ཚོས་མ་འོངས་པའི་འཚོ་བ་ནི་བདེ་སྐྱིད་ལྡན་པ་ཞིག་ཡིན་སྲིད།ཡོན་ཏན་ནི་མི་ཞིག་གིས་མི་ཚེ་གང་བོར་སྦྱངས་ཀྱང་རྫོགས་མཐའ་མེད། གལ་ཏེ་ཁྱོད་རང་ཡོན་ཏན་གྱི་མཛོད་ཅིག་ཏུ་འགྱུར་འདོད་ན།ཁྱོད་ཀྱིས་རྣམ་ཀུན་རྒྱུན་ཆད་མེད་པར་སློབ་སྦྱོང་བྱེད་དགོས།

ང་ཚོས་ཡོན་ཏན་སྦྱང་དགོས་ན་ཐོག་མར་རང་གི་ཕ་སྐད་ནས་མགོ་བརྩམས་དགོས།རྒྱུ་མཚན་ཕ་སྐད་ནི་ཕ་མེས་ཡང་མེས་ནས་བརྒྱུད་ཡོང་བའི་ཁྱད་ནོར་ཆེས་རྩ་ཆེན་དེ་ཡིན་ལ།རང་མི་རིགས་ལ་མེད་དུ་མི་རུང་བའི་བླ་སྲོག་ལྟ་བུ་དང་གཞན་ལ་ངོ་གནོངས་མི་དགོས་པར་མངོམ་ཆོག་པའི་ཁྱད་ཆོས་ཕུན་སུམ་ཚོགས་པའི་གཞལ་མེད་ཀྱི་ཁྱད་ནོར་དེ་ཡིན། པཎ་ཆེན་མཆོག་ནས་རང་སྐད་སྲོག་དང་གཞན་སྐད་རྒྱན་ཡིན་ཟེར་བ་ནང་བཞིན། རང་གི་ཕ་སྐད་ལེགས་པོ་ཞིག་སྦྱངས་པའི་རྨང་གཞིའི་ཐོག་ནས་སྐད་རིགས་གཞན་སྦྱང་དགོས།

སློབ་སྦྱོང་གི་སྡུག་བསྔལ་ནི་གནས་སྐབས་ཙམ་དང་།སློབ་སྦྱོང་མ་བྱས་པའི་སྡུག་བསྔལ་ནི་ཚེ་གང་བོར་ཡིན་པའི་གནས་ལུགས་དེ་ང་ཚོས་གསལ་རྟོགས་འབྱུང་དགོས།མི་ལ་བརྩོན་འགྲུས་ལྡན་གྱུར་ན།། འཇིག་རྟེན་འདི་ན་དཀའ་བ་མེད།།ཅེས་པ་ལྟར་བརྩོན་པ་ཆུ་བོའི་རྒྱུན་བཞིན་རིང་བར་བྱས་ན་རང་ཡོན་ཏན་ཅིས་ཀྱང་འབྱོར་སྲིད།

བླུན་པོ་ལོངས་སྤྱོད་ནོར་གྱི་མཛོད་ལ་སྲེད།།
མཁས་པ་ལེགས་བཤད་ནོར་གྱི་རྗེས་སུ་ཆགས།།
བསགས་པའི་དངོས་པོ་འཛད་པའི་རང་གཤིས་ཏེ།།
མང་ཐོས་ནོར་གྱིས་འཕྲལ་ཡུན་ཀུན་ཏུ་བདེ།།

ཡོན་ཏན་ལ་རྒྱུ་ལོངས་སྤྱོད་གཞན་དང་མི་འདྲ་བའི་ཁྱད་ཆོས་ལྡན་ཏེ།དེ་མི་བཙན་པོའི་དབང་གིས་འཕྲོག་མི་ཐུབ།མི་ཆོམ་པས་འཇབ་ནས་བརྐུ་མི་ཐུབ།མཐོ་ལ་མགོར་འགྲོ་དུས་ཁུར་མི་དགོས།དམའ་ཤུར་ལ་འབབ་དུས་འདྲུད་མི་དགོས། གནས་གང་ཐོན་དེ་ནས་བཀོལ་ན་ཆོག

སློབ་གྲོགས་ཚོ། ཡོན་ཏན་སྦྱོང་བ་ནི་ཁ་གསོ་བ་དང་རྒྱབ་ཁེབས་པ་སོགས་འཚོ་ཚིས་ཁོ་ན་ཙམ་གྱི་ཆེད་དུ་མ་ཡིན་པར། དད་འབྱོར་གྱི་མི་ལུས་རིན་ཆེན་ཞིག་ཐོབ་པ་འདི་དོན་སྙིང་ལྡན་པ་ཞིག་དང་། རང་ཉིད་ནི་རྒྱལ་ཁབ་དང་སྤྱི་ཚོགས། མི་རིགས་དང་ཕ་ཡུལ་སོགས་ལ་ཕན་ཐོགས་པའི་མི་འཇོན་ཐང་ཅན་ཞིག་ཏུ་འགྱུར་བའི་ཆེད་དུ་ཡིན་པའང་ཤེས་དགོས་སོ།།

            

主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青
编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心