第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > ཟླ་འོད་འོག་གི་འབྲོག་སྡེ།༼​སྐལ་བཟང་སྒྲོལ་མ། ༢༨འཛིན་གྲྭ༽

ཟླ་འོད་འོག་གི་འབྲོག་སྡེ།༼​སྐལ་བཟང་སྒྲོལ་མ། ༢༨འཛིན་གྲྭ༽

2023年06月22日 10:48:47 访问量:65 作者:尕藏卓玛

​སྐལ་བཟང་སྒྲོལ་མ། དམའ་གཉིས་འཛིན་གྲྭ་བརྒྱད་པ།

སྣོད་བཅུད་ཀྱི་བཀོད་པ་ངོ་མཚར་ཞིང་འཛམ་གླིང་གི་ཏོག་ཏུ་འབོད་པའི་མདོ་དབུས་མཐོ་སྒང་ནི་གདོད་མ་ནས་ས་བབ་མཐོ་ཞིང་དྲོད་གྲང་སྙོམས་ལ། ཡན་ལག་བརྒྱད་ལྡན་གྱི་ཆུ་ཕྲན་དག་གངས་དཀར་རི་བོའི་ཁོང་གསེང་ནས་བརྡོལ་ཏེ་འཇིག་རྟེན་མི་ཡུལ་ལ་ལྷུང་ལྷུང་དུ་འབབ། སྐར་ཚོགས་ས་ལ་འཕོས་འདྲའི་མཚེའུ་དག་ནི་གནམ་སྔོན་ཞུན་མའི་ཁུ་བ་འཁྱིལ་བ་ལྟར་མ་ཡུམ་གངས་ལྗོངས་ཀྱི་ཕང་བ་ན་སྔོ་ལྟེམ་མེར་འཁྱིལ་ཡོད་པས་དངོས་གནས་དྲི་ཟའི་འཇིག་རྟེན་གྱི་ཞིང་ཁམས་མི་ཡུལ་དུ་འཕོས་པ་དང་གཉིས་སུ་མེད།

དོ་དགོང་གི་གནམ་ཟླ་ནི་སྔོ་ཞིང་བསངས་ལ་སྐར་ཚོགས་ཁྲ་ལམ་མེར་མཛེས་པའི་སྤང་ལྗོངས་འདིར་འོད་ཀྱི་དགོས་པ་སྟེར་བཞིན། དཀར་ཞིང་གོར་བའི་ཟླ་བའི་རྗེས་སུ་སུ་གསལ་སུ་ཡག་གི་འགྲན་སྡུར་སྤེལ་བཞིན་པའི་སྣང་བ་ཞིག་སྟེར།

ཟླ་འོད་ཀྱིས་མཛེས་ཤིང་ལྟ་ན་སྡུག་པའི་ས་གཞི་ཡོངས་ལ་གཞི་ནས་གྲུབ་ཐོབ་པའམ་སངས་རྒྱས་པ་ལྟ་བུའི་འོད་སྣང་ཞིག་བསྩལ་ལ་ཀུན་ནི་རང་གི་འདོད་པ་ལྟར་གཉིད་དང་ངལ་གསོའི་དུས་ལ་རོལ་བཞིན་བདོག ངས་ནི་ཁེར་རྐྱང་གིས་ཟླ་འོད་འོག་གི་འབྲོག་སྡེའི་སྣང་བརྙན་ལ་ཞོབ་མོར་ལྟ་ཞོར་རྒྱུན་བཞིན་དེ་རིང་གི་བྱ་བར་སྤྱི་བསྡོམས་ཐེངས་གཅིག་བྱས། སྐབས་འདིར་སྨན་ཤར་བུ་མོས་མགོ་ལ་ལག་ཕྱིས་བཀབ་ཏེ་སྟག་ཤར་ཚོའི་སྙིང་གཏམ་གྱི་ཀློང་ལ་ཚུད་པ་ནང་བཞིན་རྩྭ་རྩིའི་མགོ་ལ་བད་ཆགས་ཤིང་ཁོ་ཚོས་ངའི་ཡིད་ཀྱི་དྲན་པ་དག་ལ་འགྲིག་མིན་བརྡར་ཤ་གཅོད་པ་དང་གཉིས་སུ་མེད།སྐབས་འདི་ནི་ཧ་ཅང་ལྷིང་འཇགས་ཡིན་ལ་ཕལ་ཆེར་ཡོད་ཚད་སྙིང་གཏམ་དང་གཏི་མུག་གི་ལས་ལ་བགྲད་ཚར་བས་ཡིན་པ་འདྲ། ས་གཞི་ཡོངས་རྫོགས་ཁ་བ་ཆགས་པ་ལྟར་དཀར་སེང་ངེར་གནས་ཤིང་། སྒོ་ཁྱི་དང་སྒོ་ཟོག་གི་ལུས་ལའང་བད་ཆགས་ཏེ་དཀར་པོར་གྱུར་འདུག སྐབས་འདིར་ངའི་སྐྲ་དང་མིག་སྤུའི་ནང་ལའང་བད་ཆགས་ཡོད། ངས་མཐའ་འཁོར་གྱི་གནས་བབ་ལས་རང་གི་མགོར་བད་ཆགས་ཡོད་པ་གཞི་ནས་ཤེས་མེད། ཚོར་བ་ནི་གྲང་ཤུར་ཤུར། རང་གི་མཉམ་འགྲོ་མཉམ་འདུག་གི་གྲོགས་པོ་ལ་བལྟས་ཚེ་ད་གཟོད་རང་གི་ལུས་ན་ལྭ་བ་མཐུག་པོ་ཞིག་ཀྱང་མེད་དེ། སྐྲ་གཟེངས་ཤིང་འདྲུད་ལམ་ནང་ཡང་རློན་པར་གྱུར་འདུག་པས་འོད་ལམ་ལམ་དུ་འཚེར་ལ་ཐམས་ཅད་དགའ་བདེའི་གཉིད་ལ་རོལ་བཞིན་པའི་དྭངས་གསལ་གྱི་མཚན་ལྗོངས་འདིར་ཡང་ཡང་ལྟ་ཞོར། འདར་སུག་སུག་གིས་ཁྱིམ་གྱི་ཚ་ཐབ་སྟེང་ལོག་མ་ཐག་ཞི་བདེ་རྒྱ་མཚོའི་ཕ་མཐའ་རུ་ལོག་སོང་།

          

主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青
编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心