རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་རྨ་འགྲམ་བརྒྱུད་དེ་ལྷོ་ནུབ་ཕྱོགས་སུ་བསྐྱོད་ཅིང་དམེ་ཤུལ་རི་བོ་བརྒལ་བ་ན། ཁོད་ཡངས་པའི་རྩེ་ཆུའི་རྩྭ་ཐང་དུ་ཆགས་པའི་རྩེ་ཁོག་རྫོང་དུ་སླེབས་ཐུབ། ལོ་རེའི་ཟླ6པ་ནས་ཟླ7པར་མཐོ་སྒང་གི་རྩྭ་ཐང་དུ་ལྗང་ནེམ་ནེམ་གྱི་གོས་གསར་བགོ་བར་བྱེད་ལ། འབྲོག་པ་རྣམས་ཀྱིས་ནོར་ལུག་དབྱར་སར་དེད་ནས་དགུན་མ་སླེབས་བར་དུ་ཕྱིར་མི་ལོག
ད་ལྟ་རྩེ་ཁོག་རྫོང་གིས་རི་སྔོ་ཆུ་དྭངས་ལེགས་པོར་སྲུང་ཞིང་ཡུལ་བབ་དང་བསྟུན་ནས་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་གཏོང་བ་དང་། ཐོན་ལས་ཀྱི་གྲུབ་ཚུལ་ལེགས་བསྒྱུར་བྱས་ཏེ། རྒྱུན་ཆད་མེད་པར་ཐོན་ལས་སྦྲེལ་རྡང་རྒྱུན་སྲིང་དང་མཁོ་འདོན་སྦྲེལ་རྡང་བསྐྲུན་པ། རིན་ཐང་སྦྲེལ་རྡང་མཐོར་འདེགས་གཏོང་བ་བཅས་བྱས་ནས། ཁྱོན་ཡོངས་ནས་དར་སྤེལ་ལ་སྙེག་བཞིན་པའི་ལམ་ཁར་མི་སེམས་རྨང་ནས་སྐུལ་བར་བྱེད་པའི་དངོས་ཡོད་ཀྱི་རྣམ་པ་ཞིག་མངོན་ཡོད་ཅིང་། ཀུན་གྱིས་རྩེ་ཁོག་ལ་བཟུང་བའི་ངོས་ཟིན་དེའང་རྒྱུན་ཆད་མེད་པར་གསར་བསྒྱུར་བྱེད་བཞིན་ཡོད།
文章来源:@中国藏族网通 ཀྲུང་གོ་བོད་ཀྱི་དྲ་བ།
核 稿:叶旦加
编 辑:扎西加