第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་གཉིས་པའི་བྱ་དགའ་གནང་བའི་མཛད་སྒོ

བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་གཉིས་པའི་བྱ་དགའ་གནང་བའི་མཛད་སྒོ

2019年12月20日 22:06:07 访问量:562


རྩོམ་པའི་ཞིང་དུ་སྒྲུང་གི་ལོ་ལེགས་སྨིན།

—རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྤེལ་བའི་གནས་ཚུལ་རགས་བཀོད།

     སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་རིག་རྩལ་བྱ་བའི་བཞུགས་མོལ་ཚོགས་འདུའི་སྟེང་བཏོན་པའི་རྩོམ་རིག་གསར་རྩོམ་ཐད་ཀྱི་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད་པ། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་དང་།  མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་ངོ་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ། བོད་ཀྱི་སྒྲུང་ཐུང་གསར་རྩོམ་གྱི་རྩོམ་པ་པོའི་དཔུང་སྡེ་གསོ་སྐྱོང་དང་རྩོམ་པ་པོ་གསར་པ་སྐྱེད་སྲིང་བྱེད་པ། བོད་ཀྱི་རྩོམ་རིག་ལས་དོན་གོང་འཕེལ་དུ་གཏོང་བ། སྒྲུང་ཐུང་གསར་རྩོམ་ལ་མོས་པའི་རྩོམ་མཁན་ཀུན་ལ་འདྲ་མཉམ་གྱི་སྟེགས་བུ་ཞིག་བསྐྲུན་པ་བཅས་ལ་དམིགས་ནས། མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་དང་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས། མཚོ་སྔོན་ཞིང་ཆེན་མི་རིགས་རྩོམ་རིག་ལོ་ཙཱ་མཐུན་ཚོགས་བཅས་ཀྱིས་རྒྱལ་ཡོངས་བོད་ཀྱི་སྒྲུང་ཐུང་འགྲན་སྡུར་སྐབས་གཉིས་པ་སྤེལ། 

ཚོགས་རའི་ཡུལ་དངོས།

    ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་དེ2019ལོའི་ཟླ4པའི་ཚེས1ཉིན་ནས2019ལོའི་ཟླ11པའི་ཚེས30ཉིན་བར་ཏེ་བསྡོམས་པས་དུས་ཡུན་ཟླ་ངོ་བརྒྱད་ཀྱི་རིང་ལ་བོད་ལྗོངས་ཉིན་རེའི་ཚགས་པར་དང་། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། བདེ་ཆེན་བོད་ཡིག་སྨྱན་སྦྱོར། ཁམས་པའི་དྲ་བ། མཚོ་སྔོན་བོད་ཡིག་གསར་འགྱུར་སོགས་བོད་ཀྱི་སྨྱན་སྦྱོར་ཆེ་ཁག་དང་། དེ་མིན་སྐད་འཕྲིན་དང་ཟིན་ཕྲན་སོགས་ཀྱི་བར་སྟོང་དུ་བརྒྱུད་སྐུར་བྱས་ཏེ་ཀུན་ལ་རྩོམ་ཡིག་འགྲན་སྡུར་སྤེལ་བའི་གནས་ཚུལ་ཞིབ་ཕྲ་དག་དུས་ལྟར་ཞུས། ཟླ་ངོ་བརྒྱད་ཀྱི་རིང་དུ་ཀན་སུའུ་དང་། བོད་ལྗོངས། སི་ཁྲོན། མཚོ་སྔོན་སོགས་ཡུལ་གྲུ་སོ་སོ་ནས་སྒྲུང་ཐུང136ལྷག་འབྱོར་བྱུང་ལ། དེ་དག་རེ་རེ་བཞིན་རྩོམ་སྒྲིག་པས་ཞིབ་ཀྱིས་བཀླགས་ཤིང་ཞུས་ཐེངས་དང་པོ་དང་གཉིས་པ། མཐའ་ཞུས་སོགས་བརྒྱུད་དེ་རྩོམ་སྒྲིག་བྱས་ནས་སྤེལ་བ་ཡིན། 

མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་མཚོ་སྔོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི། མེ་སྒྲོན། 

    འདིར་འབྱོར་བའི་རྩོམ་ཡིག་ཁག་ཅིག་རྗོད་བྱེད་སོགས་ཀྱི་ཐད་ནས་འབུར་དུ་ཐོན་ཡང་། 《མཚོ་སྔོན་བོད་ཡིག་གསར་འགྱུར》གྱི་རྩོམ་ཡིག་འགྲན་སྡུར་གྱི་བླང་བྱ་དང་མི་མཐུན་པས། རྩོམ་སྒྲིག་པས་ཁ་པར་དང་གློག་རྡུལ་ཡིག་ཟམ་གྱི་ལམ་ནས་ཕ་རོལ་པོར་དུས་ཐོག་ཏུ་གསལ་བཤད་བྱས་ཏེ་རྩོམ་ཡིག་བསྐྱར་དུ་བྲིས་ནས་བསྐུར་བའི་རེ་བ་བཏོན། ཐེངས་འདིའི་སྒྲུང་ཐུང་མང་ཆེ་བ་བརྗོད་བྱ་དང་རྗོད་བྱེད་གང་ཐད་ནས་དུས་རབས་ཀྱི་དབྱངས་འགྲོས་དང་མཐུན་ལ་སྒྱུ་རྩལ་གྱི་ཁྱད་ཆོས་མངོན་པར་དོད་པའི་དགེ་མཚན་དུ་མས་ཕྱུག 

མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་ཏང་ཙུའུ་ཁོངས་མིའམ་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ། ཚེ་མགོན། 

    《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་རྩོམ་ཡིག་འབྱོར་བའི་སྔ་གཞུག་ལྟར་བསྡོམས་པས་རྩོམ་ཡིག41སྤེལ་ཞིང་། འགྲན་སྡུར་དུས་ཡུན་རྫོགས་རྗེས་རྩོམ་སྒྲིག་པ་དག་གིས་ཡང་ཡང་གྲོས་མོལ་བྱས་མཐར། རྩོམ་རིག་ལས་གནས་སུ་མིང་དུ་གྲགས་པའི་རྩོམ་པ་པོ་དང་དཔྱད་བརྗོད་པ། རྩོམ་སྒྲིག་པ་སོགས་མི་ལྔ་སྟེ་མཚོ་སྔོན་མི་རིགས་དགེ་ཐོན་སློབ་གྲྭ་ཆེན་མོའི་དགེ་རྒན་རྨོག་རུ་དོན་གྲུབ་ཚེ་རིང་དང་། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་འགྱུར་མེད། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་རྡོ་དཀར་ཚེ་དཔལ་སྟོབས་ལྡན། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭའི་དགེ་རྒན་འབྲོང་བུ་རྡོ་རྗེ་རིན་ཆེན། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང《སྦྲང་ཆར》རྩོམ་སྒྲིག་ཁང་གི་རྩམ་སྒྲག་པ་རྡོ་སྦིས་ཆོས་སྐྱོང་བཅས་ཀྱིས་གྲུབ་པའི་དཔྱད་འདེམ་ཚན་ཆུང་རྩ་འཛུགས་བྱས་ཤིང་།《མཚོ་སྔོན་བོད་ཡིག་གསར་འགྱུར》སྟེང་བཀོད་ཟིན་པའི་རྩོམ་ཡིག་རྣམས་དཔྱད་འདེམ་པ་ལྔ་བོའི་ལག་ཏུ་བཞག་སྟེ་ཟླ་ངོ་གཅིག་གི་རིང་ལ་ཁོ་ཚོས་རང་རང་ས་ནས་ཞིབ་ཀློག་བྱས་པ་རེད།

མཚོ་སྔོན་ཞིང་ཆེན“གེ་སར་སྒྲུང་ཞིབ་འཇུག་ཁང”གི་མགོ་གཙོའམ་མཚོ་སྔོན་ཞིང་ཆེན་མི་རིགས་རྩོམ་རིག་ལོ་ཙཱ་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་འགྱུར་མེད་རྡོ་རྗེ་དང་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ། བླ་མ་ལྷ། 

མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་དགེ་རྒན་རྡོ་དཀར་ཚེ་དཔལ་སྟོབས་ལྡན་དང་མཚོ་སྔོན་བོད་ཡིག་གསར་འགྱུར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་བན་དེ་ཚེ་རིང་། 

དཔྱད་འདེམས་པའི་འཐུས་མི།

      ཐེངས་འདིའི་རྩོམ་ཡིག་འགྲན་སྡུར་དེ་བསམ་བློའི་རང་བཞིན་དང་སྒྱུ་རྩལ་རང་བཞིན་ཟུང་དུ་འབྲེལ་བ་དཔྱད་འདེམ་གྱི་ཚད་གཞི་དང་། འདྲ་མཉམ་དང་དྲང་བདེན་སྲོག་ཏུ་འཛིན་པའི་བླང་བྱ་བཏོན་པ་དང་། 2019ལོའི་ཟླ12པའི་ཚེས13ཉིན་དཔྱད་འདེམ་པ་རྣམས་གནས་གཅིག་ཏུ་བཀོད་ནས་འདེམ་ཤོག་འཕངས་ཤིང་། རང་རང་གི་དཔྱད་འདེམ་གོ་རིམ་ཁྲོད་འགྲན་ཞུགས་རྩོམ་ཡིག་དག་ལ་བལྟས་པའི་མྱོང་ཚོར་དང་སྦྲགས་ནས་དཔྱད་བསྡུར་བྱས་པ་དང་། མཇུག་མཐར་དཔྱད་འདེམ་ཚན་ཆུང་གིས་རྩོམ་ཡིག་འགྲན་སྡུར་གྱི་ཐོག་མའི་བླང་བྱ་ལྟར་བྱ་དགའ་ཨང་དང་པོ་གཅིག་དང་། ཨང་གཉིས་པ་གཉིས། ཨང་གསུམ་པ་གསུམ་བཅས་བདམས་ཐོན་བྱུང་། དེ་དག་ལས་ཀརྨ་སྒྲོལ་མ་ཡི་བརྩམས་ཆོས《སྐྱེ་ཟུག》ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་། རྡོ་སྲས་ཀྱི་བརྩམས་ཆོས《རླུང》དང་། བུ་ཁྱུང་གི་བརྩམས་ཆོས《རྨོ་བོ》ལ་བྱ་དགའ་ཨང་གཉིས་པ་ཐོབ། འཕགས་པ་སྐྱབས་ཀྱི་བརྩམས་ཆོས《ཁུང་བུ》དང་ཁེར་བུའི་བརྩམས་ཆོས《སྨྲ་བ་མེད་པའི་འཇིག་རྟེན》རང་སྐྱེས་ཀྱི་བརྩམས་ཆོས《སྲི》 གསུམ་ལ་བྱ་དགའ་ཨང་གསུམ་པ་ཐོབ་བོ།


བྱ་དགའ་ཨང་དང་པོ་ཐོབ་མཁན་ཀརྨ་སྒྲོལ་མ།

བྱ་དགའ་ཨང་གཉིས་པ་ཐོབ་མཁན་རྡོ་སྲས་དང་བུ་ཁྱུང་།

བྱ་དགའ་ཨང་གསུམ་པ་ཐོབ་མཁན་འཕགས་པ་སྐྱབས་དང་

ཁེར་བུ། རང་སྐྱེས།

    དཔྱད་འདེམ་གནང་སྐབས་དཔྱད་འདེམ་ཚན་ཆུང་གི་ཚན་གཙོ་རྡོ་དཀར་ཚེ་དཔལ་སྟོབས་ལྡན་ལགས་ཀྱིས་ཐེངས་འདིའི་བྱ་དགའ་ལ་གདེང་འཇོག་མཐོན་པོ་གནང་ཞིང་། ཁོས་བྱ་འགུལ་འདི་ནི་བོད་ཀྱི་སྒྲུང་ཐུང་གསར་རྩོམ་གྱི་མ་འོངས་འཕེལ་རྒྱས་ཐད་ལ་ཕན་ཐོགས་ཆེན་པོ་ཡོད་པ་དང་། ཕྱིས་སུ་བྱ་འགུལ་འདི་འདྲ་སྤེལ་བའི་རེ་བ་བཏོན་ལ། དཔྱད་འདེམ་པ་གཞན་རྣམས་ཀྱིས་ཀྱང་དེར་མཐུན་གྱི་བསམ་ཚུལ་བཏོན།

    ཐེངས་འདིའི་བྱ་དགའ་ཐོབ་མཁན་ཨང་དང་པོར་དམངས་སྒོར10000དང་། ཨང་གཉིས་པར་སོ་སོར་དམངས་སྒོར8000དང་། ཨང་གསུམ་པར་སོ་སོར་དམངས་སྒོར6000བཅས་གནང་།

དཔྱད་འདེམ་ཚན་ཆུང་གི་ཚན་གཙོ་རྡོ་དཀར་ཚེ་དཔལ་སྟོབས་ལྡན་

ལགས་ཀྱིས་གཏམ་བཤད་གནང་བ།

བྱ་དགའ་ཐོབ་པའི་འཐུས་མིས་གཏམ་བཤད་གནང་བ།

HI

མཛད་སྒོའི་རྗེས་ཀྱི་མཉམ་པར།

གསར་འགོད་པ། ཚེ་རིང་བཀྲ་ཤིས། བསམ་འཕེལ་ནོར་བུ། བསོད་ནམས་རྒྱལ།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། བསོད་ནམས་རྒྱལ།
རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心