མཚོ་སྔོན་དགེ་འོས་སློབ་གྲྭ་ཆེན་མོའི་རྒྱལ་ཁབ་རིམ་པའི་བོད་ཡིག་ཆ་འཕྲིན་དངོས་བཤེར་ཁང་པཎྜི་ཏ་མཉེན་ཆས་འགྲེམས་སྤེལ་ཚོགས་འདུ2024ལོའི་ཟླ5པའི་ཚེས26ཉིན་གྱི་སྔ་དྲོར་ཟི་ལིང་དུ་འཚོགས།
ཐེངས་འདིར་འགྲེམས་སྤེལ་བྱས་པའི་མཉེན་ཆས་ལ་བྱ་རིམ་ཆུང་བ་དང་མཉེན་ཆས་རིགས་གཉིས་ཡོད་ཅིང་། ཁྱོན་རིག་ཚན་མི་འདྲ་བ་ཁག་དྲུག་གི་མཉེན་ཆས་ལས་གྲུབ་ཅིང་། མཉེན་ཆས་རེ་རེའི་ཚོང་རྟགས ཀ ཁ ག ང ཅ ཆ བཅས་ཀྱིས་གྲུབ་པར་བྱས་པ་དང་། པཎྜི་ཏའི་མཉེན་ཆས་འདིའི་བྱེད་ནུས་ཀྱི་ཁྱབ་ཁོངས་སུ་ཡིག་སྒྱུར་མཉེན་ཆས་དང་། བོད་སྨན་མཉེན་ཆས། མིང་མཛོད་མཉེན་ཆས། བཤེར་འབེབས་མཉེན་ཆས། འདྲ་པར་ཡིག་སྒྱུར་གྱི་མཉེན་ཆས་བཅས་ཁག་དྲུག་གིས་གྲུབ་ཡོད།👇བྱ་རིམ་ཆུང་བའི་ནང་གི་རྣམ་པ།👇
བཤེར་རིས་རེ་རེ་བཤེར་ནས་ནང་འཇུག་ཆོགའོག་གི་རི་མོའི་ཐོག་མནན་ནས་པཎྡི་ཏ་ལོ་ཙཱ།
པཎྡི་ཏ་ཚིག་མཛོད།
ཁ་པར་ནང་ནང་འཇུག་ཚར་བའི་བྱ་རིམ་དྲུག་གི་རྣམ་པ།
སྤྱིའི་ལྟ་སྐུལ་པ། རྡོ་རྗེ་ཚེ་བརྟན། ལྟ་སྐུལ་པ། བན་དེ་སྒོམ་པ། སྒྲིག་སྦྱོར་པ། ལྷ་མོ་རྒྱལསྤྱིའི་ལྟ་སྐུལ་པ། རྡོ་རྗེ་ཚེ་བརྟན། ལྟ་སྐུལ་པ། བན་དེ་སྒོམ་པ། སྒྲིག་སྦྱོར་པ། ཡུམ་མཚོ་དཔལ་མོ།