第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > གླེགས་བམ་གླང་རྒྱབ་མ་ནག་ཆུའི་ཟབ་མོ་དགོན་དུ་གདན་དྲངས་པ།

གླེགས་བམ་གླང་རྒྱབ་མ་ནག་ཆུའི་ཟབ་མོ་དགོན་དུ་གདན་དྲངས་པ།

2020年06月09日 13:25:52 访问量:705

མཚོ་སྔོན་ཞིང་ཆེན་གཅན་ཚ་རྫོང་བཀའ་བསྟན་གསེར་བྲིས་གླིང་ནས་འབྲི་བཞེངས་བྱས་པའི་ཕོན་ཆེའི་གླེགས་བམ་སྟེ། སློབ་དཔོན་རིན་པོ་ཆེའི་རྣམ་ཐར་གསེར་གྱི་ཕྲེང་བ་གླང་རྒྱབ་མ་བཞེངས་ཤིང་ཡོངས་སུ་གྲུབ་རྗེས་བོད་ལྗོངས་ནག་ཆུའི་ཟབ་མོ་དགོན་དུ་གདན་དྲངས་པ།

དགོན་པའི་མཆོག་སྤྲུལ་འཇིགས་མེད་ཐེག་མཆོག་བསྟན་འཛིན་མཆོག་དང་མཁན་པོ་རྣམ་གཉིས་ཀྱིས་གཙོས་པའི་གྲྭ་མང་གིས་སེར་སྦྲེངས་དང་། དད་ལྡན་མཇལ་བ་ཁྲི་སྟོང་གིས་ལག་ཏུ་ལྷ་དར་དཀར་བོ་ཐོགས་ཏེ་ཐུགས་དགྱེས་བསུ་མ་གཟབ་རྒྱས་ཀྱི་ངང་དགོན་པར་གདན་དྲངས་རྗེས། དགོན་གཞུང་གི་བཀོད་སྒྲིག་ལྟར་གླེགས་བམ་རིན་པོ་ཆེའི་ཕན་ཡོན་དང་སྦྲགས་ཏེ་གསེར་བྲིས་བགྱི་དགོས་པའི་རྒྱུ་མཚན་དང་། གསེར་བྲིས་ཇི་ལྟར་བགྱི་བ། ཡུལ་གང་ནས་བགྱིས་པའི་སྐོར་སོགས་གལ་ཆེའི་གསུང་བཤད་གནང་བར་མ་ཟད། གླེགས་བམ་གྱི་འགྲོ་གྲོན་དང་། དད་ལྡན་མང་ཚོགས་ཀྱི་དད་སེམས་ཁོ་ནར་བརྟེན་ཏེ་ཕོན་ཆེ་བའི་གླེགས་བམ་གླང་རྒྱབ་མ་ཡོངས་སུ་ལེགས་གྲུབ་བྱུང་སྟེ་རང་རེའི་དགོན་པར་གདན་དྲངས་ནས་བཞུགས་ཐུབ་པ་འདི་ཡང་སྐྱ་སེར་ཡོངས་སུ་རྫོགས་པའི་བསོད་ནམས་ཀྱི་མཐུ་ཁོ་ནས་ཡིན་ལ། འདིས་ནི་ཡུལ་ཁམས་འདི་ལ་བཀྲ་ཤིས་དགེ་ལེགས་འབྱུང་བའི་རྟེན་འབྲེལ་ཟམ་མི་ཆད་པ་འབྱུང་བའི་མཚན་རྟགས་ཀྱང་ཡོད་ཅེས་སོགས་གཟབ་རྒྱས་ངང་གནང་། དེ་མིན་གླེགས་བམ་གྱི་འགྲོ་གྲོན་དང་། འབྲི་བཞེངས་བྱེད་པའི་སྐབས་ཀྱི་དཀའ་ངལ། ཡིག་གཟུགས་ཚུན་གྱི་ཁྱད་ཆོས་སོགས་ཀྱང་ཚོགས་མང་ལ་ཡོངས་སུ་བསྒྲགས་རྗེས་མཇལ་ཁ་ཞུས་ཤིང་། དེའི་རྗེས་གླུ་གར་རོལ་མོའི་དགའ་སྟོན་ལ་མངོན་པར་རོལ་ཞིང་ཐུགས་ཡིད་ཚིམ་པའི་མཛད་འཕྲིན་གྱི་མེ་ཏོག་རབ་ཏུ་བཞད་པའི་སྐབས་དང་བསྟུན་ཏེ་དགོན་པའི་རྟེན་མཛོད་ཁང་ནས་གླེགས་བམ་ཞལ་ཕྱེས་ཏེ་གཟིགས་ཞིབ་གནང་བ་སོགས་དང་འབྲེལ་བཀའ་བསྟན་གསེར་བྲིས་གླིང་ལ་བཀའ་དྲིན་མཚོན་པའི་བདག་རྐྱེན་གྱ་ནོམ་པ་གནང་། 

གླེགས་བམ་གླང་རྒྱབ་མའི་མཚམས་སྦྱོར་མདོར་བསྡུས། 

༄༅།།སློབ་དཔོན་པད་མ་འབྱུང་གནས་ཀྱི་རྣམ་ཐར་གསེར་གྱི་ཕྲེང་བ་འདི་སློབ་དཔོན་རིན་པོ་ཆེའི་རྣམ་ཐར་གཞན་དང་བསྡུར་ན་ཐུན་མོང་མ་ཡིན་པའི་ཁྱད་ཆོས་གསུམ་ཡོད་དེ། གཅིག་ནི་སློབ་དཔོན་རིན་པོ་ཆེའི་སྐྱེས་རབས་གསལ་བོར་གསུངས་ཤིང་། གཉིས་ནི་བོད་ཡུལ་དུ་བྱོན་ནས་ལྷ་སྲིན་མི་སྲིན་སོགས་བཏུལ་ཏེ་གསང་སྔགས་རྙིང་མའི་བསྟན་པ་རྒྱ་ཆེར་སྤེལ་བའི་སྐོར་ཕྲ་ཞིང་ཞིབ་པའི་ལམ་ནས་གསུངས་ཡོད། གསུམ་ནི་སྐབས་དེའི་བོད་ཀྱི་སྤྱི་ཚོགས་དང་བན་བོན་བར་གྱི་ཛ་དྲག་གི་གནས་ཚུལ། ཕྱིས་འབྱུང་མ་འོངས་ལུང་བསྟན་སོགས་རྒྱས་པར་གསུང་འདུག་པ་བཅས་ཀྱི་དགེ་མཚན་དུ་མ་དང་ལྡན། གསེར་བྲིས་གླེགས་བམ་འདིའི་མིང་ལ་གླང་རྒྱབ་མ་ཟེར་དོན་ཡང་བོད་ཀྱི་ཆོས་འབྱུང་རྣམས་སུ་གླེགས་བམ་ཆེས་ཆེ་བ་ལ་དྲེལ་རྒྱབ་མ་དང་། ཆེས་ཆུང་བ་ལ་བྱེའུ་རྒྱབ་མར་གྲགས་པ་བཞིན་དུ་སྲིད་ན་དཀོན་པའི་གླེགས་བམ་འདི་ཡང་གླང་ཆེན་རྒྱབ་ཁལ་ཏུ་ལོངས་པས་ཆ་ནས་གླང་རྒྱབ་མ་ཞེས་བཏགས་སོ།། 
དེ་ཡང་གླེགས་བམ་འདིའི་ཆེ་ཆུང་གི་ཚད་ནི138cmX61cmཡིན་པ་དང་། གླེགས་བུ་རེ་རེའི་སྟེང་དུ་ཐིག་ཕྲེང་བཅུ་གཉིས་བྱས་ཡོད་ལ། ཐིག་ཕྲེང་རེ་རེའི་བར་ཚད3cmཡིན། འབྲི་བྱེད་གསེར་ནི་ལྷད་མེད་གསེར་རྒོད་ཡིན་ཞིང་། གླེགས་བུ་རེར་གསེར་ཁེ7.5དང་། གླེགས་བུ319ལ་གསེར་ཁེ(2392.5)    ཁེ་རེར་སྒོར521     ཁྱོན་བསྡོམས་སྒོར(1246492.5)ཡིན། གསེར་བྲིས་གླེགས་བུ་རེར་སྒོར(480) གླེགས་བུ319ལ་སྒོར(153120) འབྲི་བཞེངས་བྱས་པའི་གླ་ཆར་གླེགས་བུ་རེར་སྒོར400བྱས་པས་གླེགས་བུ319ལ་སྒོར(127600) གླེགས་བམ་གྱི་ནང་དུ་ལྷ་སྐུ131བཞེངས་ཡོད་ཅིང་། ལྷ་སྐུ་རེར་སྒོར(2000)བྱས་པས་ཁྱོན་བསྡོམས་སྒོར(262000) གླེགས་བམ་འདི་མི་བཅུས་ཟླ་བ་བརྒྱད་ལ་འབྲི་བཞེངས་དང་ཞུ་དག་པ་གྲྭ་བ་གཉིས་ཀྱིས་ཞུ་དག་ཐེངས་གསུམ་ལ་བྱས་ཡོད།

ཉེ་བའི་ཆ་འཕྲིན།


“ཨ་མདོ་སྨྱན་གསར”གྱི་མིང“གངས་ལྗོངས་འཕྲིན་གསར”དུ་བསྒྱུར།

བོད་རྒྱ་སྐད་གཉིས་ལེགས་ཆར་བརྟེན། དམངས་འདོད་གསར་འགྱུར་དུས་ལྟར་སྒྲོག

མཚོ་སྔོན་དུ་ཁྱིམ་རྒྱུད་ཀྱི་ངན་ཤུགས་ཚོགས་པ་ཞིག་རྩ་གཏོར་བྱས།

འབྲོང་གསོད་མཁན་གྱི་ཉེས་ཅན་ཞིག་འཚོལ་བཞིན་འདུག

ནོར་ལུག་ལ་ཐོབ་ཐང་དཔང་ཡིག་སྤྲོད་རྒྱུ་རེད།

ཡོང་ཁུངས། བཀའ་བསྟན་གསེར་བྲིས།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  སྤྱི་ཁྱབ་ལྟ་སྐུལ་བ། ལིག་ཙུན་ཁོས།

原文来源大藏经金书文化

责编:项吉当知

监制:杨本才让   总监制:刘增奎




编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心