大门

音乐教室

计算机教室

学生课外生活

藏文阅读比赛

当前位置: 首页 > 藏区教育 > འཕེལ་རྒྱས་ཁྲོད་ཀྱི་རྐང་ཚ་རྫོང་མི་རིགས་སློབ་འབྲིང་།

འཕེལ་རྒྱས་ཁྲོད་ཀྱི་རྐང་ཚ་རྫོང་མི་རིགས་སློབ་འབྲིང་།

2019年12月27日 22:13:15 访问量:156

འཕེལ་རྒྱས་ཀྱི་ལམ་བུའི་སྟེང་ན་མདུན་སྐྱོད་ཀྱི་གོམ་ཁ་མ་ལྷོད་པའི་རྐང་ཚ་རྫོང་མི་རིགས་སློབ་འབྲིང་།


ང་ཚོས་ཕྱི་མིག་གི་མདའ་མོ་རྐང་ཚ་རྫོང་མི་རིགས་སློབ་འབྲིང་དུ་འཕངས་ན།   ལོ་ངོ་བཞི་བཅུ་ལྷག་གི་འཕེལ་རྒྱས་ཀྱི་ལོ་ཟླའི་ཁྲོད་བརྗོད་དཀའ་བའི་དཀའ་ངལ་མང་བོ་ཞིག་ལྡན་སྲིད་མོད།  འོན་ཀྱང་དཀའ་བ་མཐའ་དག་གདོང་གིས་བསུས་ཤིང་དཔའ་ངར་ཞུམ་མེད་ཀྱིས་མདུན་དུ་བསྐྱོད་པས། ད་ལྟའི་རྫོགས་ལྡན་གྱི་དུས་བཟང་འདིར་མི་རིགས་སློབ་གསོ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཞིང་འབྲས་བུ་གཡུར་དུ་ཟ་བ་བླངས་འདུག་པ་མིག་མཐོང་ལག་ཟིན་རེད།

རྐང་ཚ་རྫོང་མི་རིགས་སློབ་འབྲིང་ནི་སྔོན་ཆད་ཀྱི་སློབ་ཁྲིད་ཐོག་ཁང་དང་ཉལ་ཁང་། ཟ་ཁང་ཚང་མ་ཐོག་ཁང་གཉིས་ལས་གྲུབ་པའི་སློབ་གྲྭ་ཞིག་ནས་ད་ལྟའི་ཐོག་ཁང་བཅུ་གཉིས་ཀྱི་བདག་ཉིད་ཅན་དུ་གྱུར་ཡོད་པའི་སློབ་གླིང་འདིར་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་ཞིག་མངོན་ཡོད།

ཉེ་སྔོན། གསར་འགོད་པ་རྐང་ཚ་རྫོང་མི་རིགས་སློབ་འབྲིང་དུ་བཅར་འདྲིར་བསྐྱོད་སྐབས། སྤུས་གཙང་གྲལ་དག་གི་སློབ་རའི་ཁོར་ཡུག་ལ་དེང་རབས་སློབ་ཁྲིད་ཀྱི་སྒྲིག་བཀོད་ཀྱིས་ཡོངས་སུ་བཀང་ཞིང་།  ལྷང་ལྷང་དཔེ་ཀློག་གི་དབྱངས་རྟ་སྙན་མོ་སློབ་རའི་ཁོར་ཡུག་ཀུན་ལ་ཁྱབ་འདུག

དུས་རབས་གསར་བའི་སློབ་གསོའི་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྡོངས་ནས། རྐང་ཚ་རྫོང་མི་རིགས་སློབ་འབྲིང་གིས་དེང་རབས་ཀྱི་སློབ་གསོའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཤིང་རྒྱུན་ཆད་མེད་པར་སློབ་གསོའི་བྱེད་ཐབས་གསར་བ་འཚོལ་ཞིབ་བྱས་པ་བརྒྱུད། རང་འགུལ་གྱིས་རིག་གནས་ཐོན་ཁུངས་སྡེབ་སྒྲིག་དང་འཆམ་མཐུན་གྱི་སློབ་གླིང་ཞིག་བསྐྲུན་པར་ཧུར་ལེན་བྱེད་པ། རྒྱུན་ཆད་མེད་པར་འཇོན་མིའི་ཁོར་ཡུག་ལེགས་བསྒྱུར་བྱས་ཏེ། སློབ་ཕྲུག་མང་པོའི་ཕུགས་བསམ་མངོན་འགྱུར་བྱ་རྒྱུར་འབད་པ་དང་། ཕུགས་འདུན་འཚོལ་སྙེག་བྱེད་པའི་ལམ་བུ་འདིའི་སྟེང་སློབ་ཕྲུག་མང་པོ་གོམ་སྟབས་བརྟན་པོའི་ངང་མདུན་དུ་སྐྱོད་བཞིན་སློབ་གླིང་གི་གྲུ་ཟུར་རེ་རེ་ན་རང་ཉིད་ལ་དབང་བའི་ལམ་བུ་དང་ཕུགས་འདུན་དེར་བརྩོན་བཞིན་མཆིས།

ཤེས་རིག་གི་གཤོག་ཟུང་སློབ་གྲྭ་འདི་ནས་རྒྱས་ཤིང་ལྷག་བསམ་གྱི་འོད་སྣང་ཕྱིར་སློབ་གྲྭ་འདིར་བསྩལ་བའི་ད་ལྟའི་སློབ་གཙོ་གཞོན་པ་ཚེ་ཕྱུག་རྒྱལ་ནི་སློབ་གསོའི་ལས་དོན་ལ་གོམ་ཁ་བསྒྱུར་ནས་མི་ལོ15འགོར་འདུག ཁོང་ནི་སློབ་གྲྭ་འདིའི་འཕེལ་རྒྱས་ལ་བདེན་དབང་བྱེད་མཁན་རེད་ཅེས་བཤད་ཆོག་ལ། ས་གནས་འདི་ནས་ནར་སོན་ཞིང་ས་གནས་འདིའི་སློབ་གསོའི་ལས་དོན་ལ་ཤ་འཐམ་རུས་འཐམ་བྱེད་མཁན་གྱི་འབྲོག་ཕྲུག་ངོ་མ་ཞིག་ཀྱང་ཡིན།  ཁོང་གིས་ང་ཚོའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། ང་ཚོས་ཆེན་པོ་ཞིག་གླེང་མི་དགོས། ང་ཚོའི་ཕྲག་ལ་བབས་པ་ནི་ས་གནས་སློབ་གསོ་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་ལ། རྒྱལ་ཁབ་དང་མི་རིགས་ཤིག་འཕེལ་རྒྱས་འགྲོ་དགོས་ན་སྤྱི་དམངས་ཀྱི་སློབ་གསོའི་ཆུ་ཚད་འཕེལ་རྒྱས་འགྲོ་དགོས་པ་ཆོས་ཉིད་དུ་གྲུབ་ཡོད་ཅིང་དེ་ཐུན་མོང་ཐོག་ཁས་ལེན་བྱེད་པའི་གནས་ལུགས་ཤིག་ཀྱང་ཡིན་པས། རང་ཉིད་ལ་མཚོན་ན་རྐང་ཚ་ས་གནས་ཀྱི་སློབ་གསོ་སྒྲུབ་མཁན་ཞིག་ཡིན་པའི་ཆ་ནས། ནམ་རྒྱུན་སློབ་གླིང་འདིའི་སློབ་མ་ཚོའི་མདུན་ལམ་གྱི་ཆེད་དུ། གོང་རིམ་སྡེ་ཁག་དང་སློབ་གྲྭའི་མགོ་ཁྲིད། ཆེད་མཁས་དགེ་རྒན་དག་གིས་མཐུན་པའི་ལག་ཟུང་སྦྲེལ་ཏེ་ལོ་མང་གི་ཉམས་མྱོང་སྤྱི་བསྡོམས་བྱས་ཏེ། ང་ཚོའི་སློབ་གྲྭའི་དགེ་སློབ་ཡོངས་ནས་སྔོན་ཐོན་གྱི་སློབ་ཁྲིད་བྱེད་ཐབས་ལ་ཞིབ་འཇུག་དང་སློབ་གསོའི་ཐབས་ལམ་གསར་བར་འཚོལ་ཞིབ་བྱས་ནས། ད་ལྟ་སློབ་གླིང་འདིའི་ཕྱིའི་འཛུགས་སྐྲུན་དང་ནང་གི་སློབ་སྦྱོང་གི་གནས་ཚུལ་སྤྱིའི་ཆ་ནས་གོང་འཕེལ་དང་ཇེ་ལེགས་སུ་འགྲོ་བའི་དུས་རིམ་ཞིག་ཏུ་སླེབས་ཡོད།

ཁྱིམ་བདག་དང་སློབ་གྲོགས་ཚོས་སློབ་གླིང་འདི་གླེང་དུས། ནམ་རྒྱུན་ཁོ་ཚོའི་ཕྱིར་དྲན་ཁྲོད་འཆར་ཐེངས་མང་བ་ནི་སློབ་གླིང་གི་གྲུ་ཟུར་རེ་རེ་དང་ཕ་ཡུལ་གྱི་རྩྭ་ཐང་སྟེང་ན་འདུར་རྒྱུག་བྱེད་པའི་དགེ་བཟོ་བ་ཚང་མའི་གཟུགས་བརྙན་ཡིན་ལ། དེ་མིན་དུས་རྒྱུན་གྱི་དབྱར་དགུན་གནང་གི་སྐབས་སུའང་དགེ་རྒན་རྣམས་ཀྱིས་ལ་ལུང་གི་ཁུགས་པ་རེ་རེ་བརྒྱུད་ནས་སློབ་མ་རེ་རེའི་ཁྱིམ་དུ་སོང་ནས་སོ་སོའི་གནང་བའི་དུས་ཀྱི་སློབ་སྦྱོང་གི་གནས་ཚུལ་རྒྱུས་ལོན་དང་འབྲེལ་ཡོད་སློབ་སྦྱོང་སྐོར་གྱི་དཀའ་གནད་སེལ་རོགས་བྱས་ཤིང་། ཁྱིམ་བདག་དང་ཉེ་བར་བཅར་ནས་ཁ་གསལ་གོ་བདེ་ཡི་སྒོ་ནས་ཁ་ཏ་སློབ་གསོ་བཏང་སྟེ། སློབ་གསོའི་གལ་ཆེན་རང་བཞིན་དང་སློབ་མའི་སློབ་སྦྱོང་གི་གནས་ཚུལ་ཡིད་ལ་གསལ་བོར་བཞག་ཡོད།

ཡོད་ཚད་དུས་རབས་ཀྱི་འགྱུར་ལྡོག་དང་བསྟུན་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། རྐང་ཚ་རྫོང་མི་རིགས་སློབ་འབྲིང་གི་འཛུགས་སྐྲུན་གྱི་རྒྱ་ཁྱོན་ཆེ་ལ།  སྨྱན་མང་གཟུགས་སློབ་ཁང་དང་ཁོད་ཡངས་པའི་རྩལ་སྦྱོང་ར་བ། དཔེ་མཛོད་ཁང་། ཇ་ཁང་སོགས་གསར་དུ་འཛུགས་སྐྲུན་བྱས་པས་སློབ་རའི་རྨང་གཞིའི་སྒྲིག་བཀོད་སོགས་ཕྱོགས་གང་ཅིའི་ཐད་ནས་འཕེལ་རྒྱས་བྱུང་ཡོད། དེ་མིན་སློབ་མར་རིན་མེད་ཀྱི་འཚོ་བཅུད་ལྡན་པའི་གུང་ཟས་ཡོད་པ་དང་ཁྱིམ་དང་ཐག་རིང་བས་ཉིན་གུང་ལྟོགས་བསྲན་བྱེད་དགོས་པའི་དཀའ་ཁག་གི་འཚོ་བ་དེ་མེད་པར་གྲོང་ཁྱེར་གྱི་བྱིས་པ་དང་འདྲ་མཚུངས་ཀྱི་འཚོ་བ་རོལ་ཆོག སློབ་ར་ཡོངས་རྫོགས་མ་ལག་ཅན་དང་ལྗང་མདོག་ཅན། དཔལ་ཡོན་ཅན་དུ་བསྐྲུན་ནས་ཤེས་རིག་གི་སྐྱེད་ཚལ་ཞིག་ཏུ་གྲུབ་ཡོད།

རྒྱུས་ལོན་པ་ལྟར་ན། ཉེ་བའི་ལོ་འདི་འགར་སློབ་གྲྭ་འདིས་ནང་ལོག་སློབ་གསོའི་སྤུས་ཚད་མཐོ་བའི་སློབ་གྲྭ་དང་འབྲེལ་འདྲིས་བྱས་ཏེ་ཤར་ཕྱོགས་དྲ་བའི་སློབ་གྲྭ་བརྒྱུད་ནས། རིགས་འདྲ་མིན་སྣ་ཚོགས་ཀྱི་སློབ་ཁྲིད་ཐོན་ཁུངས་མཉམ་སྤྱོད་མངོན་འགྱུར་བྱུང་བ་དང་། དྲ་རྒྱའི་འཛིན་གྲྭའི་དགེ་རྒན་ཁག་བགོས་བྱས་ཏེ་སློབ་མའི་དོ་དམ་དང་དྲ་རྒྱའི་འཛིན་གྲྭའི་སློབ་ཁྲིད་ཞིབ་འཇུག བགྲོ་གླེང་ཚོགས་འདུ། གསོ་སྦྱོང་དང་སློབ་སྦྱོང་སོགས་དྲ་ཐོག་ནས་སློབ་ཁྲིད་བྱེད་པའི་སྤུས་ཚད་མཐོ་རུ་བཏང་ཡོད།

སློབ་ཁྲིད་ཆ་རྐྱེན་དང་སློབ་ཁྲིད་རྣམ་པ། སློབ་ཁྲིད་བྱ་ཐབས་སོགས་ཟམ་མི་ཆད་པར་གསར་སྒྱུར་བྱས་པའི་དུས་མཚུངས་སུ། སློབ་གྲྭས་སློབ་མའི་སྤུས་ཚད་སློབ་གསོ་སྔར་ལས་མཐོང་ཆེན་བྱས་ནས། སློབ་གྲྭའི་སློབ་གཉེར་ཁྱད་ཆོས་ལྡན་པ་དང་། རིག་ཚན་སློབ་ཁྲིད་ཁྱད་ཆོས་ལྡན་པ། སློབ་མའི་འཇོན་ནུས་འཕེལ་རྒྱས་གཏོང་བའི་སློབ་གཉེར་ལམ་ཕྱོགས་ལྟར། འབག་དཀར་དང་། གླུ་དབྱངས།ལུས་རྩལ། མཛེས་རྩལ་སོགས་ཀྱི་སློབ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། སློབ་གྲྭའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། སློབ་མའི་སྤྲོ་བ་འཕེལ་བ། ཁྱིམ་བདག་གི་བློ་ཡིད་ཚིམ་པའི་སློབ་གྲྭ་བསྐྲུན་ནས། དྲག་རྩལ་དང་།  ཡིག་གཟུགས་འབྲི་རྩལ། ཀེ་ཐར། ཐང་ག  སྐྱ་ཐིག རྐང་རྩེད་སྤོ་ལོ། ལག་རྩེད་སྤོ་ལོ་སོགས་སྤྲོ་སྣང་ཚོགས་པ་མང་བོ་བཙུགས་ཡོད་པ་དང་། སློབ་མའི་ཚོགས་པའི་ལུས་རྩལ་སྙིང་སྟོབས་དང་ཐུན་མོང་གི་གཟི་བརྗིད་ལ་ཤུགས་སྣོན་བྱས་ནས། སློབ་མའི་སློབ་སྦྱོང་གི་རང་རྟོགས་རང་བཞིན་དང་ཧུར་བརྩོན་རང་བཞིན་ཇེ་མཐོར་གཏོང་བ་དང་། སློབ་མའི་གཤིས་ཀ་སྲ་བརྟན། ཤེས་བྱ་གཏིང་ཟབ། སློབ་ཕྱིའི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས། སློབ་མའི་མཛེས་དཔྱོད་ཀྱི་བསམ་འདུན་ཆེ་རུ་བཏང་ཡོད།

ད་ལྟ་ཚང་མས་སློབ་གསོར་གཙིགས་ཆེན་དང་། དགེ་བཀུར་ལུགས་བརྩི་བྱེད་པ། དགེ་རྒན་གྱིས་ཏང་གི་སློབ་གསོའི་བྱ་གཞག་ལ་བློ་དཀར་བའི་ཐོག་མའི་བསམ་འདུན་ནམ་ཡང་འགྱུར་མ་མྱོང་བར། དཀའ་ཚེགས་ཇི་ལྟར་ཆེ་རུང་དགེ་རྒན་གྱི་དཔུང་ཁག་དག་གིས་སྡུག་གི་ཁུར་བོ་འཁུར་ནས་སྐྱིད་སྣང་འཚོལ་བ། དགེ་རྒན་རྣམས་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་བསྐྱོད་རྒྱུ་དང་། བདེ་སྐྱིད་ཀྱི་འཚོ་བ་ནི་འབད་འཐབ་བྱས་པ་ལས་བྱུང་བས། གཞི་རིམ་དགེ་རྒན་དག་གིས་དུས་རབས་ཀྱི་རྗེས་སུ་དམ་པོར་བསྙེགས་རྒྱུ་དང་། བདེ་སྐྱིད་འཚོལ་བའི་ལམ་བུར་བསྙེགས་ཏེ་ཁ་སང་གི་ལོ་ཟླ་རྟ་ཐོག་ནས་བསྐྱལ་ཞིང་དེ་རིང་གི་གླུ་སྐད་སློབ་གླིང་ན་ཡོད་ཅེས་སློབ་གཙོ་གཞོན་པ་ཚེ་ཕྱུག་རྒྱལ་གྱིས་སློབ་གྲྭ་ལ་དགའ་འོས་པའི་འཕོ་འགྱུར་བྱུང་ལུགས་སྐོར་ནས་དེ་ལྟར་བཤད།
གསར་འགོད་པ། གཡང་འབུམ་ཚེ་རིང་།

ཚ་ཤོས།

【བརྙན】མདའ་བཞི་ས་ཆའི་ལོ་སར་རོལ་སྟངས་སྐོར་གྱི་ཁ་བརྡ།

《མཚོ་བྱང་སྨྱན་གསར》འཕྲིན་སྟེགས་མིང《ཨ་མདོ་སྨྱན་གསར》དུ་བསྒྱུར།

ཉི་མ་སྒྲོལ་མས་མཚོ་བྱང་རྩྭ་ཐང་སྔར་ལས་མཛེས་པར་གྱུར་དགོས་ཟེར།(བརྙན)

བོད་མིའི་འདུ་ཤེས་ལས་འཕྲོས་པའི་ཁོར་ཡུག་སྲུང་སྐྱོབ་བྱེད་ཚུལ།

རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

སྤྱི་ཁྱབ་ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
搜索框
中国现代教育网 教育部 不良信息
垃圾信息 网警110
泽库县西部民族中学版权所有中华人民共和国电信经营许可证 京ICP备13002626号-8
联系地址:宁秀乡
联系电话:17397039994
京公网安备11010502032087
现代教育网 提供技术支持 违法和不良信息举报中心
Copyright 2006-2020 xbmz.30edu.com.cn , All Rights Reserved
江苏省泰兴市老叶小学 安陆市雷公镇初级中学 普兰店区丰荣中心小学 保德县实验小学 庄河市塔岭镇中心小学 黑龙江省八五八农场子弟校 安陆市实验小学 山东省东平县佛山中学 神木市第四中学 普兰店区墨盘乡中心小学 泽库县西部民族中学 鄄城县第一中学 太康县城关镇建南小学 五寨县孙家坪中心小学 五寨县教育科技局 五寨县前所中心小学 五寨县第四中学 连南县民族高级中学 本溪县草河掌镇中心学校 惠安县教师进修学校