大门

音乐教室

计算机教室

学生课外生活

藏文阅读比赛

当前位置: 首页 > 藏区教育 > ​བོད་སྐད་ཀྱི་རིག་ནུས་སྐད་གདངས་ཞིབ་འཇུག་གསར་སྤེལ།

​བོད་སྐད་ཀྱི་རིག་ནུས་སྐད་གདངས་ཞིབ་འཇུག་གསར་སྤེལ།

2019年12月27日 17:06:00 访问量:137


བོད་སྐད་ཀྱི་རིག་ནུས་སྐད་གདངས་ཞིབ་འཇུག་གསར་སྤེལ་ཉེར་སྤྱོད་ཚོད་ལྟ་ཁང་བོད་ལྗོངས་སློབ་ཆེན་དུ་བཙུགས་པ།


    བོད་ལྗོངས་ཀྱི་ས་གནས་སོ་སོ་ཕན་ཚུན་བར་འབྲེལ་གཏུགས་བྱེད་པ་དང་། བྱ་བ་སྒྲུབ་པ། འཚོ་བའི་དགོས་མཁོ་སྐོང་ཅི་ཐུབ་བྱ་ཆེད། གྲངས་ཉུང་མི་རིགས་ཀྱི་སྐད་ཡིག་དང་སྐད་གདངས།  དེང་རབས་ཆ་འཕྲིན་ལག་རྩལ་མཉམ་བསྲེས་འཕེལ་རྒྱས་བཀོལ་སྤྱོད་ཀྱི་ཞིབ་འཇུག་གསར་སྤེལ་སྟེགས་བུ་གལ་ཆེན་ཏེ། བོད་སྐད་ཀྱི་རིག་ནུས་སྐད་གདངས་ལག་རྩལ་ཞིབ་འཇུག་གསར་སྤེལ་ཉེར་སྤྱོད་ཚོད་ལྟ་ཁང་ཚེས24ཉིན་བོད་ལྗོངས་སློབ་གྲྭ་ཆེན་མོ་ནས་བཙུགས། 

    ཚོད་ལྟ་ཁང་འདི་ནི་བོད་ལྗོངས་ཀའོ་ཁྲེ་དང་བོད་ལྗོངས་སློབ་ཆེན། ཚན་རྩལ་སློབ་ཆེན་ཤུན་ཧྥེ་བོད་ལྗོངས་ཡན་ལག་ཀུང་སི་བཅས་ལས་ཁུངས་གསུམ་གྱིས་མཉམ་འབྲེལ་བྱས་ཏེ་བཙུགས་པ་ཡིན་ལ། མིག་སྔར་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཏེ“བོད་བསྒྱུར་ཀུན་ཁྱབ”ཞེས་པའི་ཐོན་རྫས་དངོས་སུ་ལེགས་གྲུབ་བྱུང་ཡོད།  

  “ང་ཚོས་བོད་ལྗོངས་སློབ་ཆེན་དང་མཉམ་འབྲེལ་བྱས་ནས་ལོ་བརྒྱད་དགུ་ཙམ་སོང་ཡོད་ལ། དུས་ཚོད་རིང་པོ་འདིའི་ནང་བོད་ཀྱི་སྐད་ཚན་ཁག་གི་རྒྱུ་ཆ་མང་པོ་བསགས་པ་དང་། དཔྱད་གཞིའི་མཛོད་དུ་ཚིག་རྐང་ཁྲི400ལྷག་ནང་འཇུག་བྱས་ཡོད།” ཅེས་ཚན་རྩལ་སློབ་ཆེན་ཤུན་ཧྥེ་བོད་ལྗོངས་ཡན་ལག་ཀུང་སིའི་སྤྱི་གཉེར་བ་དབྱང་ལིས་ངོ་སྤྲོད་བྱས།

     “མིག་སྔར་ང་ཚོས་ཨ་སྐད་དང་། ཁམས་སྐད། དབུས་གཙང་སྐད་བཅས་ཀྱི་སྒྲ་གདངས་ཀྱི་རྒྱུ་ཆ་ཕལ་ཆེར་ཆུ་ཚོད་སྟོང་ལྷག་དང་། སྐད་ཆའི་མཛོད་གསར་སྒྱུར་ཐད་དྲ་རྒྱའི་ཐ་སྙད་གསར་པ་དག་རྒྱུན་ཆད་མེད་པར་བསྡུ་ལེན་བྱེད་ཀྱིན་པའི་དུས་མཚུངས་སུ། སྐད་ཆའི་མཛོད་ཀྱི་ཐག་གཅོད་ཐད་སློབ་གླིང་གིས་སློབ་མ་རྣམས་ཞུགས་རྒྱུར་སྐུལ་འདེད་བྱས་པ་རེད།  སྐད་ཆའི་རྒྱུ་ཆ་ཐག་གཅོད་དང་དུས་མཇུག་གི་དཔྱད་དཔོག་ཐད་སློབ་གྲོགས་ཚོས་ནུས་པ་ཧ་ཅང་ཆེན་པོ་ཕུལ་ཡོད་ལ་སློབ་མའི་ཆེད་ལས་ནུས་རྩལ་གྱི་སྦྱོང་བརྡར་ལའང་ཕན་ཐོགས་མི་དམན་པ་ཐོབ་ཡོད། ཅེས་བོད་ལྗོངས་སློབ་ཆེན་ཆ་འཕྲིན་ཚན་རིག་ལག་རྩལ་སློབ་གླིང་གི་ཡོན་ཀྲང་གཞོན་པ་ཀྲའོ་ཆི་ཅུན་གྱིས་དེ་ལྟར་བཤད།

    བོད་ལྗོངས་ཀའོ་ཁྲེ་ནི“བོད་བསྒྱུར་ཀུན་ཁྱབ”ཀྱི་ཐོན་རྫས་ལས་གཉེར་བྱེད་མཁན་ཡིན་པ་དང་། འགན་འཁུར་བ་ལི་ཡུན་ཚུང་གིས“‘བོད་བསྒྱུར་ཀུན་ཁྱབ’སྒོར་ཐོན་པ་ནས་བཟུང་ཕབ་ལེན་བྱས་ཚད་ཐེངས་ཁྲི8ལས་བརྒལ་བ་དང་ནང་དོན་གྱི་ཐད་ལ་ཆབ་སྲིད་དང་། འགྲིམ་འགྲུལ། སྨན་བཅོས། རིག་གནས་སོགས་ཁྱབ་ཁོངས་ཀྱི་རྒྱུན་སྤྱོད་ཐ་སྙད་སོགས་འདུས་ཡོད། མིག་སྔར་ཡི་གེ་དབྱེ་འབྱེད་ཐད་གནད་ལ་འཁེལ་ཚད90%ཟིན་པ་དང་སྐད་གདངས་དབྱེ་འབྱེད་བྱས་ནས་ཡི་གེར་སྒྱུར་སྤོ་བྱེད་ཚད70%ནས80%བར་ཟིན་ཡོད། །

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་རིང་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
搜索框
中国现代教育网 教育部 不良信息
垃圾信息 网警110
泽库县西部民族中学版权所有中华人民共和国电信经营许可证 京ICP备13002626号-8
联系地址:宁秀乡
联系电话:17397039994
京公网安备11010502032087
现代教育网 提供技术支持 违法和不良信息举报中心
Copyright 2006-2020 xbmz.30edu.com.cn , All Rights Reserved
江苏省泰兴市老叶小学 安陆市雷公镇初级中学 普兰店区丰荣中心小学 保德县实验小学 庄河市塔岭镇中心小学 黑龙江省八五八农场子弟校 安陆市实验小学 山东省东平县佛山中学 神木市第四中学 普兰店区墨盘乡中心小学 泽库县西部民族中学 鄄城县第一中学 太康县城关镇建南小学 五寨县孙家坪中心小学 五寨县教育科技局 五寨县前所中心小学 五寨县第四中学 连南县民族高级中学 本溪县草河掌镇中心学校 惠安县教师进修学校