第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > དཔའ་རིས་ས་ཆ་ནས་ཐུ་ལུ་ཧུན་རྒྱལ་རྒྱུད་ཀྱི་བང་སོ་རྙེད

དཔའ་རིས་ས་ཆ་ནས་ཐུ་ལུ་ཧུན་རྒྱལ་རྒྱུད་ཀྱི་བང་སོ་རྙེད

2019年12月17日 22:07:01 访问量:55

ཀན་སུའུ་ཡི་དཔའ་རིས་ས་ཆ་ནས་ཐུ་ལུ་ཧུན་རྒྱལ་རྒྱུད་ཀྱི་བང་སོ་རྙེད་པ།

      ཀྲུང་གོའི་གསར་འགྱུར་དྲ་བའི་ཟླ11པའི་ཚེས24ཉིན་གྱི་ལང་ཇུའི་གནས་འཕྲིན་ལྟར་ན། ཚེས24ཉིན་གསར་འགོད་པས་ཀན་སུའུ་ཞིང་ཆེན་རིག་དངོས་དང་གནའ་རྫས་རྟོག་དཔྱོད་ཞིབ་འཇུག་སུའོ་ནས་ཟླ་དགུ་པའི་ཟླ་མཇུག་ཙམ་ལ་དཔའ་རིས་རྫོང་ཁོངས་སུ་ཐང་གི་ཝུའུ་ཙི་ཐེན་སྐབས་ཀྱི་ཐུ་ལུ་ཧུན་གྱི་རྒྱལ་རྒྱུད་མུའུ་རུང་ཀྲི་ཚང་གི་བང་སོ་གསར་རྙེད་བྱུང་ཚུལ་རྒྱུས་ལོན་བྱུང་འདུག་ལ། འདི་ནི་ཐུ་ལུ་ཧུན་གྱི་རྒྱལ་རྒྱུད་དང་དེ་འབྲེལ་གྱི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་པའི་རྒྱུ་ཆ་གལ་ཆེན་ཞིག་རེད།

      བང་སོ་འདི་ཡོད་ས་ནི་དཔའ་རིས་རྫོང་སྲབ་མདའ་བརྒྱད་ཞང་གི་མཆན་རྒན་སྡེ་བའི་བྱང་རིའི་མགོ་ཡིན་ལ། ཡུལ་འདི་ནི་མདོ་ལའི་བྱང་རྒྱུད་ཀྱི་རི་ལུང་མང་པོ་བསྣོལ་མཚམས་ཤིག་རེད།

      བང་སོ་འདི་ནི་གྱོ་མོག་གིས་གྲུབ་ཅིང་དུར་གཙུག་དང་དུར་ཁུང་། དུར་སྒོ། གཡོལ་གྱང་། བར་ལམ་སོགས་ཆ་ཚང་ཡོད་པ་ཞིག་ཡིན་ལ། དེའི་ནང་ནས་རྫ་ཁྲ་དང་ལྕགས། ཟངས། རྡོ། གསེར། དངུལ། ཀོ་ཆས། དར་གོས་དང་སོ་མ་ལས་བྱས་པ་སོགས་ཅ་དངོས་རིགས་སྣ220རྙེད་ཡོད་འདུག

      ཤེས་གསལ་ལྟར་ན། མིག་སྔར་སྔོག་འདོན་གྱི་ལས་ཀ་བྱེད་མུས་སུ་ཡོད་ཅིང་། རོ་སྒམ་ཞིབ་འཇུག་ཁང་ལ་བསྐྱལ་ཟིན་པས་དེའི་ནང་དུ་ཅི་ཡོད་ད་དུང་ཤེས་གསལ་བྱུང་མི་འདུག

      དུར་བྱང་དུ“ཀྲོའུ་ཆེན་པོའི་མུའུ་རུང་ཕོ་བྲང་གི་དུར་བྱང”ཞེས་བྲིས་པ་ལས་ཝུའུ་ཙི་ཐེན་སྐབས་ཀྱི་མུའུ་རུང་ཀྲི་ཡི་བང་སོ་ཡིན་པ་ཤེས།

      ཁོའི་དུར་བྱང་དུ“ལོ་དེའི་ཟླ་དགུ་པའི་ཚེས་ལྔ་ལ་ཁུ་ཧན་གྱི་བང་སོ་ཆེན་པོར་སྦས”ཞེས་བྱུང་ལ། “ཁུ་ཧན་གྱི་བང་སོ་ཆེན་པོ”ཞེས་བྱུང་བ་འདི་ཐོག་དང་པོ་ཡིན། འདིའི་དུར་བྱང་ལ་བརྟགས་ན་ཉེ་འཁོར་ན་ཁུ་ཧན་གྱི་བང་སོ་ཆེན་པོ་ཡོད་དགོས་པ་འདྲ། ཀན་སུའུ་ཞིང་ཆེན་རིག་དངོས་དང་གནའ་རྫས་རྟོག་དཔྱོད་ཞིབ་འཇུག་སུའོ་ཡིས་བང་སོ་ལ་བརྟག་དཔྱད་ཞིབ་འཇུག་གི་ལས་ཀ་ནན་མོར་སྒྲུབ་མུས་སུ་ཡོད་ཚུལ་བསྟན།

      ཀན་སུའུ་ཞིང་ཆེན་རིག་དངོས་དང་གནའ་རྫས་རྟོག་དཔྱོད་ཞིབ་འཇུག་སུའོ་ཡིས་འདི་ནི་ལང་ཇུ་ས་ཁུལ་ནས་གསར་རྙེད་བྱུང་བའི་ཐུ་ལུ་ཧུན་གྱི་རྒྱལ་རྒྱུད་ཀྱི་བང་སོ་སྔ་ཤོས་དང་ཆ་ཚང་ཤོས་དེ་ཡིན་པ་དང་། ཐུ་ལུ་ཧུན་གྱི་བང་སོའི་ཞིབ་འཇུག་སྐོར་གྱི་གསར་རྙེད་གལ་ཆེན་ཞིག་ཡིན་པར་བཤད་ལ། འདི་ཐུ་ལུ་ཧུན་དང་ཐང་གི་འབྲེལ་བ་དང་། དར་གོས་ཚོང་ལམ་གྱི་ལོ་རྒྱུས་སོགས་ལ་ཞིབ་འཇུག་བྱེད་པའི་ཐད་རིན་ཐང་ཧ་ཅང་ཆེན་པོ་ལྡན་ཡོད།

      ཐུ་ལུ་ཧུན(སྤྱི་ལོ313ལོ་ནས་སྤྱི་ལོ663ལོའི་བར)ནི་ལུའོ་ཤར་གྱི་ཞན་པེ་རིགས་མུའུ་རུང་གི་རྒྱུད་པ་ཡིན་ཞིང་། ཕྱིས་སུ་ཀྲུང་གོའི་ནུབ་བྱང་རྒྱུད་དུ་གནས་སྤོས་ནས་ཐུ་ལུ་ཧུན་རྒྱལ་ཁབ་བཙུགས་ལ། ཅིན་ནུབ་མ་ནས་ཐང་གི་དུས་སུ་ཆི་ལེན་རི་བོ་དང་རྨ་ཆུའི་སྟོད་རྒྱུད་དུ་གནས་པ་རེད། །

ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་མཁར་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心