第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > མཐར་ཕྱིན་སྐབས་ཀྱི་སྨོན་ཚིག༼ལྷ་མོ་ཚེ་རིང་། ༣༦འཛིན་གྲྭ༽

མཐར་ཕྱིན་སྐབས་ཀྱི་སྨོན་ཚིག༼ལྷ་མོ་ཚེ་རིང་། ༣༦འཛིན་གྲྭ༽

2023年06月22日 10:27:58 访问量:51 作者:拉毛才让

​ལྷ་མོ་ཚེ་རིང་།དམའ་གསུམ་འཛིན་གྲྭ་དྲུག་པ།

འདི་ནས་ཡར་ལ་བརྩིས་པའི་ལོ་ངོ་གསུམ་གྱི་སྔོན་ང་ཚོས་ཕུགས་འདུན་དང་རེ་སྨོན་རུམ་གང་བསྣམས་ནས་སློབ་གླིང་འདིར་འཛོམས་པ་དང་། གནས་འདི་ནས་ལྷན་དུ་མ་འོངས་པར་རྒྱང་བལྟ་དང་འདས་ཟིན་པར་ཕྱིར་མིག་འཕེན་ཞོར་ཤེས་རིག་གི་རྒུམ་བུ་གྲངས་མེད་ཅིག་འཐུས་མྱོང་ལ་ཐོབ་ཤོར་གྱི་མིག་ཆུའང་གང་མང་ཞིག་གཏོར་མྱོང་བས།མི་འགྱངས་པར་ང་ཚོས་དགའ་སྐྱོ་ཟུང་གི་མི་ལོ་གསུམ་ལ་རྫོགས་ཚིག་འབྲི་བའི་ཉིན་མོར་ཐོན་ལ་ཉེ།དེ་ནི་ཡིད་ཆེས་དང་ལ་རྒྱ་གདོང་ལ་བཏེགས་ནས་རྩལ་དྲུག་གི་ཁོ་ལག་རྫོགས་པའི་རྩེ་གཞུང་རྩྭ་ཐང་གི་མི་རབས་གསར་བ་ཞིག་མ་འོངས་མདུན་ལྗོངས་གསེར་གྱིས་འབྲི་བའི་ལམ་སྣེ་གསར་བ་ཞིག་ལ་རྡོག་པས་གནོན་པའི་ཉིན་མོ་ཡིན།ད་དུང་གངས་རིའི་ལྗོངས་ཀྱི་གངས་ཕྲུག་སྐོར་ཞིག་ཕ་ས་ཕ་ཡུལ་ནས་ལམ་ལ་ཆས་ཏེ་རྒྱང་རིང་གི་ཤེས་བྱའི་ཐང་ཆེན་འགྲིམས་པར་སྟ་གོན་བགྱི་བའི་ཉིན་མོའང་ཡིན།

ད་ནི་འབྲིང་རྒྱུགས་ལའང་ཉིན་མང་པོ་མི་འདུག་པས།ང་ཚོས་མི་རང་ཉིད་ནས།དུས་ད་ལྟ་ནས་བཟུང་སྟེ།དོན་ཆུང་ངུ་ནས་མགོ་བརྩམས་ཏེ་དམིགས་འབེན་གྱི་ཆེད་དུ་ཧུར་བརྩོན་བྱེད་དགོས།དེ་ལས་ཀྱང་མ་འོངས་པར་བདེ་སྐྱིད་ཀྱི་འཚོ་བ་ཞིག་རོལ་བའི་ཆེད་དུའང་ཡིན།དེ་ཡང་ཇི་སྐད་དུ་གྲོག་མ་མིག་མེད་བདེ་བའི་ཕྱོགས་སུ་རྒྱུགས།།ས་འབུ་རྐང་མེད་བདེ་བའི་ཕྱོགས་སུ་རྒྱུགས།། མདོར་ན་འཇིག་རྟེན་ཐམས་ཅད་བང་འགྲན་ནས།།གཅིག་ལས་གཅིག་མགྱོགས་བདེ་བའི་ཕྱོགས་སུ་རྒྱུགས།།ཞེས་མཁས་པའི་དབང་བོ་དགེ་འདུན་ཆོས་འཕེལ་ལགས་ཀྱིས་གསུངས་པ་ནང་བཞིན་ང་ཚོ་འཇིག་རྟེན་གྱི་སྐྱེ་འགྲོ་སུ་ཡིན་ཡང་བདེ་སྐྱིད་ཀྱི་འཚོ་བ་ཞིག་མི་འདོད་པ་ནི་གཅིག་ཀྱང་མེད་སྙམ་མོ།དེ་དང་ཆབས་ཅིག་ཏུ་ང་ཚོ་ནི་རིག་གནས་ལ་དགའ་ཞིང་ལྷག་བསམ་རྣམ་དག་ཅན་ཞིག་བྱེད་དགོས།ནམ་རྒྱུན་རྒན་དམ་པ་ལགས་ཀྱིས་ཀྱང་ང་ཚོ་ལ་སློབ་སྦྱོང་མ་བྱས་གོང་ལ།ཐོག་མར་མི་གཤིས་ཡག་པོ་ཞིག་དགོས་པ་རེད།ཅེས་གསུངས་པ་ནང་བཞིན།ང་ཚོས་གངས་རི་ལྟ་བུའི་ལྷག་བསམ་དཀར་པོ་བཅངས་ན།རང་གི་ཁ་ལས་དབང་ཐང་རྒྱས་ལ་ཚེ་བསོད་རླུང་རྟ་དར་བ་ནི།ཚང་མའི་རང་བློ་རང་ལ་ལྐོག་ཏུ་མ་གྱུར་པ་ཞིག་ཡིན།ལྷན་སྐྱེས་ཡོན་ཏན་མེད་གྱུར་ན།།ཕྱི་ཚུལ་བཅོས་པའི་ཅི་ལ་ཕན།།ཡལ་འདབས་མེད་པའི་ཤིང་སྐམ་དེར།།ཅོད་པན་བཏགས་ཀྱང་ག་ལ་མཛེས།།ཞེས་པ་ལྟར།ང་ཚོས་ཀྱང་ལྷག་བསམ་དཀར་པོ་བཅངས་ནས་འབྲིང་རྒྱུགས་ལ་ཉེ་བའི་དུས་སྐབས་འདིར་དུས་ཚོད་སྐད་ཆ་རེ་རེ་དམ་འཛིན་བྱས་ནས།སློབ་གྲོགས་ཕན་ཚུན་ལ་སློབ་སྦྱོང་གི་ཕྱོགས་ནས་རོགས་རེས་གང་ལེགས་བྱེད་དགོས།དུས་རྟག་པར་སེམས་སུ་རྡོ་བརྐོས་རི་མོ་བཞིན་བཅངས་ཡོད་པ་ནི་ང་ཚོ་འཛིན་གྲྭའི་ཁ་གཡང་སྟེ།སྐྱིད་སྡུག་མཉམ་མྱོང་།མཐུན་སྒྲིལ་རོགས་རེས་བྱེད་པ་དེ་ཡིན།སློབ་གྲོགས་ཕན་ཚུན་བར་མཐུན་སྒྲིལ་དང་རོགས་རེས།ནངས་སྔ་ལངས་དང་དགོང་འཕྱི་ཉལ་གྱིས་ཉིན་མཚན་དུས་དྲུག་ཏུ་སློབ་སྦྱོང་ལ་ཧུར་བརྩོན་བྱས་ནས་དཀའ་ངལ་ཁྱད་གསོད་དང་བརྩོན་པ་ལྷོད་མེད་བྱས་ནས་ད་ལོའི་འབྲིང་རྒྱུགས་ཁྲོད་དུ་འབྲས་བུ་གཡུར་དུ་ཟ་བ་ཞིག་ལེན་པར་ཡིད་ཆེས་དང་ཆོད་སེམས་ལྡན་དགོས།

མཇུག་མཐར་རྗེས་རབས་ཁྲི་སྟོང་གི་རྟེན་གྱི་ཕུང་པོར་སྣ་མང་ཤེས་བྱ་ཡི་གཟུངས་གཞུག་འབུལ་བར་སྤོབས་པའི་དཔའ་མ་ཞུམ་པར།ཁྱིམ་བཟའ་ཚང་དང་ནང་ཕུ་ནུ་རྒྱབ་ལ་བསྐྱུར་ནས་ངེད་ཅག་གི་མི་ཚེའི་ལང་ཚོ་ལ་གཟི་འོད་སྣོན་ཕྱིར་ལང་ཚོ་ཁྲིད་སྟེགས་སྟེང་དུ་ས་སྨྱུག་དང་མཉམ་ཟད་བྱེད་བཞིན་པའི་དྲིན་ཆེན་དགེ་རྒན་རྣམ་པ་ལགས།ཁྱེད་རྣམས་ཀྱི་སྐུ་ལུས་རི་རྒྱལ་བཞིན་བརྟན་ཅིང་བསམ་དོན་ཆོས་བཞིན་འགྲུབ་པའི་བཀྲ་ཤིས་སྨོན་འདུན་ཞུ།ད་དུང་སྣ་མང་ཤེས་བྱའི་ཐང་ཆེན་ན་བརྩོན་འགྲུས་ཀྱི་གོམ་ཁ་གློག་ལྟར་མྱུར་བའི་སྙིང་གི་སློབ་གྲོགས་རྣམ་པ།ཁྱེད་རྣམས་ཀྱི་བསླབ་འབྲས་ཉིན་རེ་ནས་ཉིན་རེར་ཡར་ངོ་ཟླ་བཞིན་གོང་འཕེལ་སོང་སྟེ་འབྲིང་རྒྱུགས་ཀྱི་གཡུལ་ས་ལས་རྣམ་པར་རྒྱལ་ནས་འབྲས་བུ་གཡུར་ཟ་ལོན་པར་བཀྲ་ཤིས་སྨོན་འདུན་ཞུའོ།།


主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青
编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心