第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > བོད་ལྗོངས་ཀྱིས་ཐང་གའི་རྒྱུད་འཛིན་པར་གསོ་སྦྱོང་བྱས།

བོད་ལྗོངས་ཀྱིས་ཐང་གའི་རྒྱུད་འཛིན་པར་གསོ་སྦྱོང་བྱས།

2019年12月17日 22:03:45 访问量:45

ཐང་ག

བོད་ལྗོངས་ཀྱིས་ཐང་གའི་རྒྱུད་འཛིན་པར་གསོ་སྦྱོང་བྱས་ཏེ་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་བྱེད་པར་སྐུལ་འདེད་བཏང་། 

སློབ་མར་སློབ་མཇུག་སྒྲིལ་བའི་ལག་ཁྱེར་གནང་བཞིན་པ།


    ཚེས3ཉིན། བོད་ལྗོངས་སློབ་གྲྭ་ཆེན་མོའི་སྐབས་ལྔ་བའི་བོད་ཀྱི་ཐང་གའི་རྒྱུད་འཛིན་པའི་གསོ་སྦྱོང་འཛིན་གྲྭ་ལྷ་ས་ནས་བསྡུས་པ་དང་། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་རུ་བསྡོམས་པས་སློབ་མ60ཞུགས་ཡོད་ལ། སོ་སོ་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་གནས་ས་སོའི་ཐང་གའི་ལས་གཉེར་བ་དག་ཡིན། 

    བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་ཞིབ་འཇུག་སློབ་མའི་མཛུབ་སྟོན་དགེ་རྒན། སློབ་དཔོན་ཆེན་མོ་གཞོན་པ་སྟག་ལྷ་ཚེ་བརྟན་གྱིས་གསར་འགོད་པར་བཤད་རྒྱུར། ཐེངས་འདིའི་གསོ་སྦྱོང་ནི་རིག་གནས་དང་གནས་སྐོར་པུའུ། སློབ་གསོ་པུའུ་བཅས་ཀྱིས་གཙོ་སྒྲུབ་མཛད་པའི་རིག་གནས་བཟོ་འགོད་ཆེན་མོ“ཀྲུང་གོའི་དངོས་མིན་ཤུལ་བཞག་རིག་གནས་རྒྱུད་འཛིན་པའི་གསོ་སྦྱོང་འཆར་འགོད”ཁྲོད་ཀྱི་བྱ་བ་ཅིག་རེད། 


     སློབ་མ་པ་སངས་ཚེ་རིང་གིས་མཚམས་སྦྱོར་བྱས་པ་ལྟར་ན། 2013ལོར་ཁོ་རང་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྒྱུ་རྩལ་སློབ་གླིང་ནས་སློབ་མཐར་ཕྱིན་རྗེས། ཕ་ཡུལ་ཟངས་རི་རྫོང་ནས་སློབ་འབྲིང་དགེ་རྒན་གྱི་བྱ་བ་གཉེར་བ་མ་ཟད། སློབ་ཆེན་དུ་སྦྱངས་བའི་ཐང་གའི་འབྲི་རྩལ་སློབ་འབྲིང་གི་ཁྲིད་བྱ་རུ་བཞག


   པ་སངས་ཚེ་རིང་གིས་སློབ་གྲྭ་ནས་ཐང་གའི་ཤེས་བྱ་སློབ་ཁྲིད་བྱེད་པའི་རྒྱུད་རིམ་ཁྲོད། སློབ་ཁྲིད་ཀྱི་ནང་དོན་གང་ནས་འགོ་བརྩམས་དགོས་པའང་མི་ཤེས། ཐེངས་འདིའི་གསོ་སྦྱོང་འཛིན་གྲྭ་བསྡུས་པ་འདིས་བོད་ལྗོངས་ཀྱི་ལོ་རྒྱུས་དང་རིག་གནས། སྒྱུ་རྩལ་དང་ཐང་གའི་འབྲི་རྩལ། དགོན་པའི་ལྡེབས་རིས་སོགས་བཀོད་སྒྲིག་བྱས་ཡོད་པས། རྗེས་མ་རང་གི་སློབ་ཁྲིད་བྱེད་པར་མཛུབ་སྟོན་གྱི་ནུས་པ་གལ་ཆེན་ལྡན་ཟེར། 


    བོད་རང་སྐྱོང་ལྗོངས་རིག་གནས་ཐིན་གྱི་ཐིན་ཀྲང་གཞོན་པའམ། སྐོར་ཞིབ་པ་བཟང་པོས་བཤད་རྒྱུར། ཐང་ག་ནི་བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རི་མོའི་འབྲི་རྩལ་ཞིག་ཡིན་ལ། བོད་མི་རིགས་ཀྱི“རིག་གནས་ཀུན་འདུས་དཔེ་མཛོད”ཞེས་པའི་མཚན་སྙན་ལྡན། སྲོལ་རྒྱུན་རིག་གནས་ཀྱི་ཕུལ་བྱུང་འཐུས་ཚབ་སོགས་ཡིན་པས་སྒྱུ་རྩལ་གྱི་རིན་ཐང་དང་གཞུང་ལུགས་ཀྱི་རིན་ཐང་གལ་ཆེན་ལྡན། ད་ལྟའི་བར་ལོ་ངོ1300ལྷག་གི་ལོ་རྒྱུས་ལྡན་པས། བོད་ལྗོངས་ཀྱི་དངོས་མིན་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་གཙོ་གནད་ཡིན། 


རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་མཁར་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心