第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学生作品 > འཁྲེང་།༼​བཀྲ་ཤིས་ཡར་འགྲོ། (རྩེ་ཁོག)༽

འཁྲེང་།༼​བཀྲ་ཤིས་ཡར་འགྲོ། (རྩེ་ཁོག)༽

2023年06月08日 09:06:31 访问量:202 作者:扎西叶卓

བཀྲ་ཤིས་ཡར་འགྲོ། རྩེ་ཁོག

“གསོན་པ་དབྱར་གཞུང་གི་མེ་ཏོག་ལྟར་བཀྲག་མདངས་འཚེར་ཞིང་།འཆི་བ་སྟོན་མཇུག་གི་སྡོང་ལོ་བཞིན་མཛེས་སྡུག་ལྡན་པར་སྨོན།”ཐོག་མའི་སྔོན་འགྲོ།

དཔྱིད་ཀ་འདིར། ཁྱོད་དང་གནམ་སྔོན་པོ། ས་གཞི་དང་ཆུ་བོ། དུས་ཚིགས་འདི་དང་དད་སེམས་ཉེ་དྲགས་པས་སྐྱོ་བ་དང་དགའ་བ་གཉིས་མཉམ་དུ་འགྲོ་བཞིན་ཡོད་པ་འདྲ། དཔྱིད་རླུང་ལྡིང་དུས་སུ་ཐ་ན་མཚན་མོར་ལྷིང་འཇགས་ཀྱི་ས་ནས་ཡང་ཁྱོད་རང་བཙལ། བདག་གི་ཉེ་ས་རུ་དེ་དག་གི་ཁེབས་པས་ཁུ་བྱུག་ཞིག་གྲགས་ཀྱིན་འདུག

གལ་སྲིད་བརྩེ་བ་དང་འཁྲེང་ཞེན་འཁྱགས་མེད་ན། ཡིད་ཆེས་དང་ལས་འཕྲོ་ཞིག་ལྷག་ཡོད་ན་“ཁྱོད”ང་དང་མཉམ་དུ་ཤོག

འུ་གཉིས་དཔྱིད་ཀ་འདི་དང་དུས་ཚོད་འདི་ནས་བཟུང་དུས་ཆད་ཅིག་ཡོད།

ལས་དབང་དང་“ལས་དབང་”བར་ནས། ཁྱོད་བདག་ལ་ཅེར་དུས་བདག་ཁྱོད་ལ་འཁྲེང་། ཕན་ཚུན་འཁྲེང་སེམས་ཆེ་བས་བར་སྐོར་ཞིག་དུ་འཛོམས་བསམ་ཀྱང་། རྒྱུ་རྐྱེན་འཕྲོ་མ་ཞིག་གི་ཞལ་འཛོམས་དུས་ཚོད་ཀྱང་རྙེད་དཀའ། གང་ལྟར། དབྱར་ཁ་སླེབས་དུས་ཆེས་གཅེས་སྤྲས་བྱ་འོས་དགོས་པ་ཐམས་ཅད་གཅེས་སྤྲས་གྱིས་དང་། དགོང་གི་ཉི་མ་དང་ཟླ་བ་ཡང་བདག་གི་“སྙིང་ཉེ”ཡི་འོད་ཟེར་དུ་འདོད།

ད་ཆ་མི་ཚོགས་རྒོད་པའི་དུས་ཚིགས་ཞིག་ཡིན་ཡང་ཁོ་བོའི་མཛེས་སྡུག་གི་འཚོ་བ་དང་ལྷན་དུ་ད་ལྟ་འང་ཁོ་མོ་ལ་ཉིན་མཚན་ཀུན་དུ་སྙན་ངག་དང་འཕྲིན་ཡིག་བྲིས་པའི་དུས་ཚོད་དེ་དྲན་ན། ཐུག་བྲལ་ནི་ཉ་མོ་ཕན་ཚུན་ལ་ཞུ་གཏུག་དང་དྲན་རེས་བྱས་ཆོག་པའི་སེམས་གསོ་ཞིག་རེད།

 ༣

དེ་ལོས་ཡིན། མི་སེམས་དང་བྲལ་ན་སྟོན་ཉམས་ཆེ་འགྲོ།

དེ་དུས། ཉ་དང་ཉ་མོ་ནི་རྨི་ལམ་དང་འདྲ་བར་ཐ་ན་རྨི་ལམ་རྨིས་ནས་ཕན་ཚུན་ལ་ཐུག་པའང་ཇེ་མང་དང་ཇེ་ཉུང་ཡིན་ཡང་སྲིད། བསམ་ཚུལ་སྣ་ཚོགས་ཞིག་གྱེས་བྲལ་ལས་མངོན་ཞིང་གྱེས་བྲལ་ལས་ལོ་མ་ལྷུང་བའི་དུས་ཚིགས་ལ་ཐོན་པ་གཞི་ནས་རྟོགས་ཡོད་པ་འདི། ཁྱོད་དང་བདག་དྲན་པ་སྡུག་བསྔལ་ཡིན་པ་བདེན་ཉམས་འདུག སྟོན་ཉམས་སྟོན་པས་དུས་དེར། རི་རབ་དང་ས་གཞི་གསེར་གྱི་བརྒྱན་ཡོད་པས་བདག་གིས་ཁྱོད་རང་སྟོན་ལོའི་སྣང་བརྙན་བཞིན་དུ་དྲན།

ནམ་ཞིག་འདི་ལྟར་དྲན་དྲན་པའི་མཐར། དྲན་པ་སྡུག་བསྔལ་ཡིན་ཡང་“སྙིང་ཉེ”འུ་གཉིས་ཁེར་ཧྲང་ལ་མི་སྐྲག་པ་ཞིག་བྱེད་དགོས།

  ༤

འཁོན་འགྲས་ཀྱི་རྡུལ་རླུང་ཁྲོད་དུ། གཡའ་དག་གི་ནམ་མཁའ་ལ་ཕྱིར་དྲན་བྱས་ན། སྟོན་ཁའི་བདག་དང་ཁྱོད་ལ་སྐོར་བྲོ་ཞིག་འཁྲབ་ངེས་ལ་དབུགས་རྔུབ་ཞིག་བཏང་ན་དུས་ཡུན་ཐུང་ཐུང་ཞིག་མ་ཡིན་པས་ངེད་གཉིས་ལ་ཡིད་འོང་གི་སྐད་ཆ་ཞིག་བཤད།

དེ་མི་ཆོག མདོར་ན་ཕན་ཚུན་ལ་ཡིད་ཆེས་དང་བྲལ་བའི་མིག་ཆུའི་སྐད་ཆ་ཞིག་བཤད་མི་ཆོག བར་ཐག་དང་ལམ་ཐག་གི་ཁྲོད་ནས་ནམ་ཞིག་གང་ལ་ལ་སྡོང་ལོ་ལྷུང་བ་བཞིན་ལྷུང་སྲིད་ཡང་བདག་དང་ཁྱོད་ལ་ཡིད་ཆེས་གཅིག་པུ་དང་རྗེས་འགྱོད་དབེན་སྲིད་ན། དགའ་འོས་པ་ཞིག་ལ་སྟོན་ཉམས་འདིའི་རྗེས་ན་ང་དང་ཁྱོད་ལ་ད་དུང་ལྷག་བསམ་དཀར་བོའི་ཞིང་ཁམས་ཞིག་སྔ་མོ་ནས་ཆགས་ཡོད་པ་མི་བརྗེད་པར་ཞུ།



主 办:泽库县西部民族中学《青春足迹》编辑部
编 辑:扎西加
复 审:叶旦加
终 审:多杰项青


编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心