第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 校园动态 > 【德育动态】泽库县西部民族中学开展第一届班主任工作经验交流会

【德育动态】泽库县西部民族中学开展第一届班主任工作经验交流会

2021年04月02日 15:01:56 访问量:206

རྩེ་ཁོག་རྫོང་ནུབ་ཁུལ་མི་རིགས་སློབ་འབྲིང་གི་བསྡུས་འཕྲིན

泽库县西部民族中学

简 报

སྤྱི་ཨང 8  པ།

རྩེ་ཁོག་རྫོང་ནུབ་ཁུལ་མི་རིགས་སློབ་འབྲིང་གི་ཀུན་སྤྱོད་ཁང་།                   2021ལོའི་ཟླ4པའི་ཚེས2ཉིན།

--------------------------------------------------------------------------------------------------------------------

རྩེ་ཁོག་རྫོངནུབ་ཁུལ་ི་རིགས་སློབ་འབྲིང་ནས་འཛིན་བདག་བྱ་བའི་ཉམས་མྱོང་བརྗེ་རེས་སམ་བསམ་ཚུལ་མཉམ་སྤྱོད་ཀྱི་ཚོགས་འདུ་བསྡུས

སྤྱི་ཟླ4པའི་ཚེས1ཉིན་གྱི་ཉིན་གུང་དུས་ཚོད་གཉིས་ང་ཕྱེད་ཀའི་སྟེང་། རྩེ་ཁོག་རྫོང་ནུབ་ཁུལ་མི་རིགས་སློབ་འབྲིང་གི་ཀུན་སྤྱོད་ཁང་གི་གཙོ་སྒྲུབ་བྱས་པའི་སྐབས་དང་པོའི་འཛིན་བདག་བྱ་བའི་ཉམས་མྱོང་བརྗེ་རེས་དང་བསམ་ཚུལ་མཉམ་སྤྱོད་ཀྱི་ཚོགས་འདུ་སློབ་གྲྭའི་རིག་གཞུང་སྙན་ཞུ་ཁང་ནས་བསྡུས

ཐེངས་འདིའི་ཚོགས་འདུའི་སྟེང་སློབ་གྲྭའི་འགོ་ཁྲིད་ཚན་ཁག་གཙོ་བྱས་འཛིན་བདག་ཡོངས་ཞུགས་པ་དང་། ཀུན་སྤྱོད་ཁང་གི་ཀྲུའུ་རིན་རྒན་པདྨ་རིན་ཆེན་གྱིས་ཚོགས་འདུར་འགོ་འཛིན་བྱས་པ་དང་། ཚོགས་འདུའི་སྟེང་འཛིན་གྲྭ་སོ་སོའི་འཛིན་བདག་དག་གིས་དགེ་རྒན་གྱི་ལས་རྐང་འདིར་འཐམས་ནས་འཛིན་བདག་གི་བྱ་བ་གཉེར་བའི་གོ་རིམ་ཁྲོད་རང་རང་གི་ངོས་ནས་ཐབས་ལམ་གང་འདྲ་ཞིག་ལ་བརྟེན་ནས་འཛིན་གྲྭར་དོ་དམ་བདག་གཉེར་གནང་སྟངས་ཐད་ནས་ཉམས་མྱོང་དང་བསམ་ཚུལ་སྦ་གསང་མེད་པར་མཉམ་སྤྱོད་བྱས།

   ཚོགས་འདུའི་སྟེང་གཙོ་བོ་འཛིན་བདག་ཞིག་ལ་ལྡན་དགོས་པའམ་མེད་དུ་མི་རུང་བའི་བསམ་བློ་དང་རང་འཛིན་གྲྭར་ཚད་ལྡན་གྱི་སྒྲིག་ལམ་བཟོ་སྟངས། སློབ་མ་དང་ཉེ་བར་བཅར་ནས་སློབ་མའི་ཕྱོགས་ཡོངས་ལ་རྒྱུས་ལོན་བྱ་སྟངས་དང་སློབ་སྦྱོང་གི་འདུན་པ་ཇེ་དྲག་ཏུ་གཏོང་སྟངས། འཛིན་བདག་སློབ་མའི་མིག་དཔེར་རུང་བ་ཞིག་ཇི་ལྟར་བྱ་ཚུལ། གཞན་ཡང་སློབ་མའི་མས་ཁམས་དང་འབྲེལ་ནས་ཁྱིམ་ཚང་དང་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱེད་པ འཛིན་གྲྭའི་སྐྱོར་དཔོན་ལེགས་པོ་ཞིག་བདམས་ཤེས་རྒྱུ་གལ་ཆེ་བ། འཛིན་བདག་ལ་ཐབས་ཤེས་དང་སྡུག་རུས་གཉིས་ཀ་ཡོད་དགོས་པ་སོགས་ཀྱི་ཐད་ནས་རང་རང་འཕྲད་པའི་གནད་དོན་དང་ཐག་གཅོད་གནང་སྟངས་སོགས་དེར་འདུས་ཀྱི་དགེ་གྲོགས་ཡོངས་ལ་མཉམ་སྤྱོད་བྱས་པས་བློ་བསྐྱེད་མི་དམན་པ་ཞིག་ཐོབ།

མཇུག་མཐར། སློབ་གཙོ་གཞོན་པ་རྡོ་རྗེ་དབང་རྒྱལ་གྱིས་འཛིན་བདག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་དང་བཅས་མུ་མཐུད་རང་རང་གི་ལས་རྐང་ནས་འབད་བརྩོན་ལྷུར་ལེན་གནང་བའི་རེ་སྨོན་དང་བཅས་ཚོགས་འདུའི་མུག་བསྡུས།

 

 

 

 

 

 

 

 

 

 

 

 

 

------------------------------------------------------------

འབུལ་ཡུལ། རྫོང་སློབ་གསོའི་ཏང་ཨུ། རྫོང་སློབ་གསོ་ཅུའུ། ཡུལ་ཚོ་ཏང་ཨུ། ཡུལ་ཚོ་སྲིད་གཞུང་།

སྐྱེལ་ཡུལ།    སློབ་གྲྭའི་གཞུང་སྒྲུབ་ཁང་སོ་སོ།

ཚགས་ཡིག1ཚར10དཔར།

------------------------------------------------------------

编辑:完么仁青
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心