第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > མཚོ་ནུབ་ཁུལ་སློབ་གྲྭ་ཆུང་འབྲིང་གི་སྙན་ངག་གྱེར་འདོན་འགྲན་ཚོགས།

མཚོ་ནུབ་ཁུལ་སློབ་གྲྭ་ཆུང་འབྲིང་གི་སྙན་ངག་གྱེར་འདོན་འགྲན་ཚོགས།

2019年12月18日 11:44:13 访问量:25

   མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བཅུ་བ་དང་བོད་ཡིག་ཡིག་གཟུགས་འགྲན་སྡུར་སྐབས་དང་པོ་གཏེར་ལེན་ཁ་ནས་བསྡུས།   

     ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པའི་དུས་འདིར།ཀྲུང་གུང་མཚོ་ནུབ་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་།མཚོ་ནུབ་ཁུལ་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས།མཚོ་ནུབ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།མཚོ་ནུབ་ཁུལ་སློབ་གསོ་ཅུའུ།མཚོ་ནུབ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་བཅས་ཀྱིས་མཉམ་དུ་གཙོ་སྒྲུབ་གནང་བའི༼ང་རང་ང་ཡི་མེས་རྒྱལ་ལ་དགའ༽ཞེས་པའི་བརྗོད་དོན་བྱ་འགུལ་ཏེ༼མཚོ་ནུབ་ཁུལ་བོད་ཀྱི་སློབ་གྲྭ་ཆུང་འབྲིང་གི་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་སྐབས་བཅུ་བ་དང་བོད་ཡིག་ཡིག་གཟུགས་འགྲན་སྡུར་སྐབས་དང་པོ༽ཚེས27ཉིན་ཐེམ་ཆེན་རྫོང་མི་རིགས་སློབ་འབྲིང་གཉིས་པ་ནས་བདེ་བླག་ངང་བསྡུས། 

    བྱ་འགུལ་གྱིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་མཚོ་སྔོན་བཅིངས་འགྲོལ་བྱས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བ་དང་།༼ཐོག་མའི་བསམ་འདུན་མི་བརྗེད་པར།འགན་འཁྲི་ཡིད་ལ་དམ་པོར་བཅངས་༽ཞེས་པའི་བརྗོད་དོན་སློབ་གསོར་ཟུང་འབྲེལ་བྱས་ཏེ།༼ང་རང་ང་ཡི་མེས་རྒྱལ་ལ་དགའ༽ཞེས་པའི་བརྗོད་དོན་འདི་དམ་པོར་བཟུང་ནས།ཏང་དང་མེས་རྒྱལ་ལ་བསྟོད་གླུ་དང་མཚོ་ནུབ་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་གསར་གཏོད་བྱེད་པའི་ཕན་འབྲས་ཁྱོན་ཡོངས་ནས་སྲ་བརྟན་དང་མཐོར་འདེགས་སུ་གཏོང་ཆེད།མཚོ་ནུབ་ཁུལ་གྱིས་མི་རིགས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་བཞི་བཅུ་ལྷག་རྩ་འཛུགས་བྱས་ཏེ་ཐེངས་འདིའི་འགྲན་ཚོགས་འདི་སྤེལ་བ་ཡིན།འགྲན་ཚོགས་ཁྲོད་སློབ་མ་རྣམས་ཀྱིས་དུས་རབས་ཀྱི་འབོད་པ་ངག་ལ་གྱེར་ནས་མེས་རྒྱལ་ལ་དགའ་བའི་སྦྱོར་བ་ཡིས་མཚོ་ནུབ་ཁུལ་གྱི་མི་རིགས་སློབ་གསོའི་འཕེལ་རྒྱས་དང་ཏང་གི་མི་རིགས་སློབ་གསོའི་སྲིད་ཇུས་ཀྱི་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པར་མཚོན་ཡོད། 


    བྱ་འགུལ་འདིའི་དམིགས་ཡུལ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོ་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློ་དང་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་ནན་ཏན་གྱིས་ལག་ལེན་དོན་འཁྱོལ་བྱེད་པའི་སྐབས་འདིར།རང་ཁུལ་གྱི་རྒྱ་ཆེའི་སློབ་གྲྭ་ཆུང་འབྲིང་གི་སློབ་མ་རྣམས་ལ་ཆུང་དུས་ནས་རླབས་ཆེ་བའི་མེས་རྒྱལ་དང་།ཀྲུང་ཧྭ་མི་རིགས།ཀྲུང་གོ་གུང་ཁྲན་ཏང་།ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་དགའ་བའི་འདུ་ཤེས་སྐྱེད་སྲིང་དང་།མི་རིགས་ཀྱི་སྐད་ཡིག་དང་སྲོལ་རྒྱུན་རིག་གནས་ལ་སློབ་སྦྱོང་བྱས་ནས་མི་རིགས་སྐད་ཡིག་གི་བཀོལ་སྤྱོད་དང་རྩོམ་རིག་འབྲི་སྦྱོང་ཐད་ཀྱི་ནུས་པ་མཐོར་འདེགས།སློབ་རའི་རིག་རྩལ་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་ཀྱི་ཆེད་དུ་མི་རིགས་སྐད་ཡིག་སྙན་ངག་གྱེར་འདོན་འགྲན་ཚོགས་དང་ཡིག་གཟུགས་འགྲན་སྡུར་འདི་སྤེལ་པ་ཡིན་ལ།འགྲན་ཚོགས་འདི་ལྟ་བུ་བརྒྱུད་ནས་མཚོ་ནུབ་ཁུལ་གྱིས་ན་ཆུང་སློབ་བུ་མང་པོའི་བློ་གྲོས་ཀྱི་གཤིན་སར་མི་རིགས་སྐད་ཡིག་དང་རྩོམ་རིག་གསར་རྩོམ་གྱི་ས་བོན་གྲངས་མེད་གཏོར་ཏེ་མ་འོངས་པའི་མཚོ་ནུབ་ས་ཁུལ་གྱི་མི་རིགས་སྐད་ཡིག་འཕེལ་རྒྱས་དང་སློབ་གསོ་ཡར་སྐུལ།རྩོམ་རིག་གསར་རྩོམ་སོགས་ཀྱི་ཐད་འཇོན་མི་མང་པོ་སྐྱེད་སྲིང་བྱེད་པར་རྨང་གཞི་བརྟན་པོ་བཏིངས།


   རྒྱུས་ལོན་བྱུང་བ་ལྟར་ན།ད་ལོའི་འགྲན་སྡུར་ལ་དམིགས་གསལ་གྱི་ཁྱད་ཆོས་གསུམ་ལྡན།བོད་ཡིག་ཡིག་གཟུགས་འབྲི་རྩལ་འགྲན་བསྡུར་རྣམ་གྲངས་ཁ་སྣོན་བྱས་ལ་སྙན་ངག་གྱེར་འདོན་འགྲན་བསྡུར་དང་བྱ་དགའ་གནང་བའི་དགོང་ཚོགས་ཁ་ཁ་ཕྱེས་བ།དེ་མ་ཟད་མཚོ་སྔོན་བོད་སྐད་དྲ་ལམ་དང་མཚོ་ནུབ་རྒྱང་སྒྲོག་བརྙན་འཕྲིན་ཁང་གཉིས་ཀྱི་ཐད་གཏོང་བརྒྱུད་དེ་འགྲན་སྡུར་གོ་རིམ་སོ་སོ་དུས་ཐོག་ཏུ་གཟིགས་མོ་བ་ལྷན་རྒྱས་ཡོངས་ཀྱི་སྤྱན་སྔར་ཕུལ་ཤིང་མི་གྲངས་ཁྲི་བདུན་ལྷག་ལ་བུད།འདི་ནི་སྐབས་དང་བོ་ནས་ད་ལྟའི་བར་ཐོད་བརྒལ་དང་གསར་བཏོད་ཀྱི་བྱ་གཞག་གལ་ཆེན་ཞིག་ཀྱང་ཡིན་པ་རེད།།

མཚོ་སྔོན་བོད་ཡིག་གསར་འགྱུར་ཀློག་འདོད་ན། 

གཤམ་གྱི་བྱ་རིམ་ཆུང་བར་དོ་སྣང་བྱེད་རྒྱུ་མ་བརྗེད། 

གསར་འགོད་པ། དོན་ཚེ།བདེ་སྐྱིད། ལྕགས་འབུམ་རྒྱལ།
རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་མཁར་རྒྱལ།

རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心