第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 藏区教育 > རེབ་གོང་བོད་གཏོ་མངོན་མིན་ཤུལ་བཞག་རིག་གནས

རེབ་གོང་བོད་གཏོ་མངོན་མིན་ཤུལ་བཞག་རིག་གནས

2019年12月17日 18:50:21 访问量:47


རྨ་ལྷོ་ཁུལ་གྱི་རེབ་གོང་བོད་གཏོ་མངོན་མིན་ཤུལ་བཞག་རིག་གནས་ཡུལ་སྐོར་དུས་ཆེན་འགོ་ཚུགས་པ།

སྔར་ལས་ལྷག་པར་རྨ་ལྷོ་ཁུལ་གྱི་དགུན་དཔྱིད་དུས་ཚིགས་ཀྱི་རིག་གནས་ཡུལ་སྐོར་ཁྲོམ་ར་གསོ་སྐྱོང་དང་། རེབ་གོང་བོད་གཏོ་དངོས་མིན་དམངས་སྲོལ་རིག་གནས་རྒྱུད་འཛིན་དང་དར་སྤེལ་དུ་གཏོང་བ། ཐུན་རིན་རྫོང་གི་ཁྱད་ཐོན་རིག་གནས་ཡུལ་སྐོར་ཟོང་རྟགས་དྲིལ་སྒྲོག་བཅས་བྱ་ཆེད། ཟླ12པའི་ཚེས15ཉིན། རྨ་ལྷོ་ཁུལ་གྱིས་ད་ལོའི་དགུན་ཁ་དང་སང་ལོའི་དཔྱིད་ཀའི་རིག་གནས་ཡུལ་སྐོར་བྱ་འགུལ་འགོ་རྩོམ་པའི་མཛད་སྒོ་དང་ཐུན་རིན་རྫོང 2019ལོའི་རེབ་གོང་བོད་གཏོ་དངོས་མིན་དམངས་སྲོལ་རིག་གནས་ཡུལ་སྐོར་དུས་ཆེན་ཐུན་རིན་རྫོང་གི་གཉན་ཐོག་སྡེ་བ་ནས་གཟབ་རྒྱས་ངང་སྤེལ།

རྨ་ལྷོ་ཁུལ་ཏང་ཨུའི་རྒྱུན་ལས་དང་ཁུལ་ཨུའི་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ལིས་ཞའོ་ཅིན་དང་། ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་གཡུ་སྒྲོན་འཚོ། མཚོ་སྔོན་ཞིང་ཆེན་ཕྱི་ཕྱོགས་རིག་གནས་སྤེལ་རེས་ལྟེ་གནས་ཀྱི་ཀྲུའུ་རེན་ལིག་ཧྲི་མིན། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡི་ཅུའུ་ཀྲང་དབང་གྲགས། ཐུན་རིན་རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་འབྲུག་རྩེ་རྒྱལ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་རིག་འཛིན་རྡོ་རྗེ། གཉན་ཐོག་ཤང་གི་ཤང་གཙོ་བསོད་ནམས་བཀྲ་ཤིས། ཞིང་ཆེན་ཕྱི་ནང་གི་གསར་འགྱུར་སྡེ་ཁག12། གནས་སྐོར་སྣེ་ལེན་ཁང30བཅས་ཀྱི་མི་སྣ800ལྷག་ཐེངས་འདིའི་འགོ་རྩོམ་མཛད་སྒོའི་སྟེང་ཞུགས།

ཉེ་བའི་ལོ་ཤས་རིང་། ཐུན་རིན་རྫོང་གིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི“ལེགས་གཅིག་མཐོ་གཉིས”ཀྱི་འཐབ་ཇུས་བཀོད་སྒྲིག་དང་རྨ་ལྷོ་ཁུལ་ཏང་ཨུས་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་གཏོད་པའི་འཛུགས་སྐྲུན་གྱི་བླང་བྱ་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ཁུངས་ཧུར་ཐག་སྒོས་ལེགས་སྒྲིག་བྱས་པ་དང་རེབ་གོང་རིག་གནས་ཡུལ་སྐོར་དུས་ཆེན་གྱི་ཁྱད་ཐོན་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་། ཐུན་རིན་རྫོང་གི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་དངོས་མིན+ཡུལ་སྐོར་བྱ་འགུལ་སྤེལ་བ་བརྒྱུད་དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་རྒྱུན་འཛིན་ལས་དོན་ཏན་ཏིག་ངང་བསྒྲུབས་པ་དང་། ཐུན་རིན་རྫོང་ལ་དྲིལ་སྒྲོག་བྱེད་པའི་འོས་སྦྱོར་ལས་སྟེགས་བཏོད་པ། རིག་གནས་ཡུལ་སྐོར་གྱི་ཟོང་རྟགས་གྲགས་ཅན་གཏོད་པ་བཅས་བྱས་ནས་ཐུན་རིན་རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།

རྨ་ལྷོ་ཁུལ་ཡུལ་སྐོར་ཅུའུ་ཡི་འགན་ཁུར་མི་སྣས་བཤད་པ་ལྟར་ན། རེབ་གོང་བོད་གཏོ་ནི་དམངས་ཁྲོད་ཀྱི་བྱ་འགུལ་ཞིག་ཡིན་ལ། དེ་སྔོན་རོང་བོ་དགུ་ཆུ་འགྲམ་རྒྱུད་ཀྱི་སྡེ་བ་ཁ་ཤས་སུ་དར་ཡོད་མོད། ད་སྐབས་གཉན་ཐོག་སྡེ་བ་ལས་གཞན་རྣམས་ཉམས་དམས་སུ་སོང་ཡོད། མིག་སྔར། གཉན་ཐོག་སྡེ་བའི་བོད་གཏོ་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས2006ལོར་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་གི་མིང་ཐོ་ནང་བཞག་པ་ཡོད་པ་རེད། 

བྱ་འགུལ་འདི་སྤེལ་བ་བརྒྱུད“རེབ་གོང་སྒྱུ་རྩལ་དང་། དམངས་ཁྲོད་དམངས་སྲོལ། གྲོང་གསེབ་ཡུལ་སྐོར”སོགས་རིག་གནས་ཡུལ་སྐོར་ཐོན་ཁུངས་ནུས་ལྡན་ངང་དྲིལ་བསྒྲགས་བྱས་ནས་ཐུན་རིན་རྫོང་གི་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་སྟེ། དུས་ཚོད་ཧྲིལ་པོ་དང་། དུས་ཚིགས་ཧྲིལ་པོ། ས་ཁོངས་ཧྲིལ་པོ་བཅས་ཀྱི་ཡུལ་སྐོར་མ་ལག་གཏོད་པར་རྨང་གཞི་བརྟན་པོ་བཏིང་ནས“རིག་གནས་ཡུལ་སྐོར་ལ་བརྟེན་ནས་རྫོང་དར་རྒྱས་སུ་གཏོང་བའི”འཐབ་ཇུས་འདོན་པར་འགན་སྲུང་ནུས་ལྡན་བྱས་ཡོད་པ་རེད། ། 


གསར་འགོད་པ། མཁའ་འགྲོ་ཚེ་བརྟན།

རྩོམ་སྒྲིག་པ། ཚེ་རིང་རྒྱ་མཚོ། ཚེ་རིང་དོན་གྲུབ།

རྩོམ་སྒྲིག་འགན་ཁུར་བ། རམས་ཚེ་བྷོ།

编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心