第二届运动会(2023)

校园景色

校园夜景

首届运动会-校长发言

当前位置: 首页 > 学校简介 > སློབ་གྲྭའི་ངོ་སྤྲོད་མདོར་བསྡུས།

སློབ་གྲྭའི་ངོ་སྤྲོད་མདོར་བསྡུས།

2020年04月03日 14:29:44 访问量:641


    རྩེ་ཁོག་རྫོང་ནུབ་ཁུལ་མི་རིགས་སློབ་འབྲིང་ནི་རྩེ་ཁོག་རྫོང་གི་ནུབ་རྒྱུད་ས་ཁུལ་གྱི་ཉིན་ཤུག་གྲོང་རྡལ་དུ་ཡོད་ལ། རྫོང་ཐོག་དང་བར་ཐག་སྤྱི་ལེ85ཙམ་ཡོད་པ་དང་ཆ་སྙོམས་ས་བབ་གྱི་མཐོ་ཚད་ལ་སྨི3500 ཡོད། སློབ་གྲྭ་འདི་ནི་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིསལོ་ལྔ་ཚན་བཅུ་གསུམ་པའིའཕེལ་རྒྱས་འཆར་འགོད་ཁྱོན་ཡོངས་ནས་ལག་བསྟར་དོན་འཁྱོལ་དང་། གནད་སྨིན་དབུལ་སྐྱོར་འགག་སྒྲོལ་ལས་འགན་ལག་བསྟར། སློབ་གསོའི་སྒྲིག་བཀོད་དང་སློབ་གཉེར་ཆ་རྐྱེན་ཇེ་ལེགས་སུ་གཏོང་བ་བཅས་ཀྱི་རྨང་གཞིའི་ཐོག་བཙུགས་པའི་སློབ་གྲྭ་གསར་པ་ཞིག་ཡིན།

སློབ་གྲྭ་འདི་ནི2017ལོའི་ཟླ་བདུན་པར་གསར་དུ་བཙུགས་པ་དང་སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ89343ཟིན་པ་དང་སྤྱིའི་འཛུགས་སྐྲུན་རྒྱ་ཁྱོན་སྨི་གྲུ་བཞི་མ39408.51ཟིན་ཞིང་། སློབ་གྲྭ་འདིར་རྩེ་ཁོག་རྫོང་གི་ནུབ་རྒྱུད་ས་ཁུལ་གྱི་གྲོང་རྡལ་གཉིས་དང་། ཡུལ་ཚོ་གཅིག  འབྲོག་ར་གཅིག་བཅས་ལ་ཕྱོགས་ནས་སློབ་མ་བསྡུ་གི་ཡོད་ཅིང་། སློབ་བསྡུའི་འཆར་གཞི་ལྟར་ན། 2019ལོའི་ཟླ་དགུ་པར་དངོས་སུ་སློབ་འགོ་བརྩམས་ཏེ་ཁྱོན་སློབ་མ494བསྡུས་པ་དང་སློབ་ཁྲིད་འཛིན་གྲྭ10བཙུགས་ཡོད། ད་ལྟ་སློབ་གྲྭར་ཆེད་གཉེར་དགེ་རྒན24དང་། ཚབ་ཁྲིད་དགེ་རྒན5  རྒྱབ་ཕྱོགས་མཁོ་སྒྲུབ་ལས་བྱེད་པ11བཅས་ཡོད།

རྩེ་ཁོག་རྫོང་གི་ཞང་དང་གྲོང་རྡལ་ཁག་གི་ས་ཁོངས་ཁྱབ་ཚུལ་གྱི་ཁྱད་ཆོས་ལ་གཞིགས་ནས་རང་རེའི་སློབ་གྲྭ་བདེ་བླག་ངང་བཙུགས་པ་ཡིས། རང་རྫོང་གི་ནུབ་རྒྱུད་ས་ཁུལ་གྱི་སློབ་མའི་སློབ་ཞུགས་གཏན་འཇགས་དང་ལམ་ཐག་རིང་བའི་དཀའ་ངལ་སྣ་ཚོགས་ཚོད་འཛིན་ནུས་ལྡན་བྱས་ཡོད་ལ། རྫོང་ཡོངས་ཀྱི་ལོ་དགུའི་འོས་འགན་སློབ་གསོའི་སློབ་ཞུགས་ཚད་ལྡན་དང་སྲ་བརྟན་དུ་བཏང་བ་དང་དུས་མཚུངས་སུ། རྩེ་ཁོག་རྫོང་གི་ནུབ་རྒྱུད་ས་ཁུལ་གྱི་སློབ་གསོའི་ཐོན་ཁུངས་སྔར་བས་ཇེ་ལེགས། གྲོང་ཁྱེར་དང་གྲོང་གསེབ་ཀྱི་སློབ་གསོ་སྔར་བས་དོ་སྙོམས་ངང་འཕེལ་རྒྱས་སུ་བཏང་སྟེ་མི་དམངས་མང་ཚོགས་ཀྱི་རིག་གནས་ཤེས་བྱའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་སྤྱི་ཚོགས་དང་དཔལ་འབྱོར་སྔར་བས་འཕེལ་རྒྱས་སུ་འགྲོ་རྒྱུར་སྣེ་ཁྲིད་ཀྱི་ནུས་པ་ཐོན་བཞིན་ཡོད།

གོང་རིམ་སྡེ་ཁག་གི་ཐུགས་ཁུར་དང་རྒྱབ་སྐྱོར་འོག ང་ཚོས་བློ་མཐུན་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་ཁྲིད་སྟོན་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་དོན་འཁྱོལ་བྱས་ཏེ། སློབ་གསོ་སློབ་ཁྲིད་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་དང་སྤུས་ཚད་མཐོ་རུ་བཏང་སྟེ། མི་རྩ་བར་འཛིན་པ་དང་། ཁྱོན་ཡོངས་ལ་ཁ་ཕྱོགས་པ། བདེན་འཚོལ་གསར་གཏོདབཅས་ཀྱི་སློབ་གཉེར་འདུ་ཤེས་མཐའ་འཁྱོངས་བྱེད་པ། གཞན་ཡང མི་དམངས་བློ་ཡིད་ཚིམ་པའི་སློབ་གསོ་ཡག་པོ་གཉེར་རྒྱུདེ་སློབ་སྒྲུབ་ཀྱི་དམིགས་ཚད་དུ་འཛིན་པ། སློབ་མའི་ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་དང་། སློབ་མའི་ཚེ་གང་འཕེལ་རྒྱས་ལ་བསམ་བློ་གཏོང་བདེ་སློབ་གཉེར་གྱི་བྱེད་ཕྱོགས་སུ་འཛིན་པ་བཅས་བྱས་ཏེ།  “བདེན་འཚོལ་དང་གསར་གཏོདཀྱི་རང་རྒྱུད་ཕྱུག་པའི་དགེ་བའི་བཤེས་གཉེན་དག་གི་དཔུང་ཁག་ཅིག་འཛུགས་རྒྱུར་གཞོལ་ནས་དཔེ་ཁྲིད་མི་སྐྱོང་དང་། ཞབས་ཞུའི་མི་སྐྱོང་། ཁོར་ཡུག་གིས་མི་སྣ་གསོ་སྐྱོང་། ལག་ལེན་གྱིས་མི་སྣ་གསོ་སྐྱོང་བཅས་བྱེད་རྒྱུ་མཐའ་འཁྱོངས་དང་། ཚན་རིག་ཅན་དང་། ཚད་ལྡན་ཅན། ཞིབ་ཚགས་ཅན། ཁྱད་ཆོས་ཅན་བཅས་ཀྱི་དོ་དམ་ལམ་བུའི་ཐོག་བསྐྱོད་རྒྱུ་མཐའ་འཁྱོངས་བྱས་ཏེ། རང་རེའི་སློབ་གྲྭ་འདི་ཉིད་རྩེ་ཁོག་རྫོང་དང་ཐ་ན་རྨ་ལྷོ་ཁུལ་གྱི་ཁྱད་ཆོས་ལྡན་པའི་སློབ་གྲྭ་ཞིག་ཏུ་འགྱུར་བར་བྱས་ནས་མཐར་གཞི་ཁྱོན་ཆེ་བ་དང་། དེང་རབས་ཅན། གཞི་གྲངས་ཅན། ཚད་ལྡན་ཅན་བཅས་གྱི་ཕྱོགས་སུ་བསྐྱོད་པར་འབད་མུས་སུ་ཡོད་དོ།།


 泽库县西部民族中学简介

    泽库县西部民族中学位于泽库县西部地区,宁秀镇政府所在地,距离县城约85公里,平均海拔3500米。我校是在县委、县政府全面贯彻落实“十三五”发展规划,实施精准扶贫攻坚任务,优化教育布局结构,改善办学条件的基础上建设的一所全新的学校。

    学校始建于2017年7月,总占地面积约89333平方米,总建筑面积约39408.51平方米,截至目前综合教学楼、一号教学楼、二号教学楼、男女生宿舍楼、学生食堂、风雨操场、锅炉房及其他附属设施已建设完成并投入使用。其中综合教学楼主要有教师办公室9间,大小会议室各1间,各功能室15间(包括音乐室、美术室、电子钢琴室、计算机室及各科实验室等),阶梯教室1间,监控室1间;两栋教学楼有教室18间;男女生宿舍楼共有宿舍184间。目前在建的三、四号教学楼,除附属设施外,已完成主体部分的建设。2020年,我校将建设教师周转房及续建其他附属设施项目。

    我校主要面向泽库县西部地区两镇、一乡、一牧场进行招生,按照招生计划,2019年9月份共计招生494人,设10个教学班。学校现有专任教师24名,代课教师5名,后勤工作人员11名。

    根据泽库县各乡镇地域分布特点,我校的顺利开办,可有效控制学生因为上学路途遥远而出现的辍学现象,提高全县九年义务教育入学率和巩固率,同时,使泽库县西部地区教育资源得到进一步优化,城乡教育进一步向均衡发展,使人民群众文化知识水平不断得到提高,带动社会经济进一步向前发展。

    在上级部门的坚强领导和信任下,我们将以习近平新时代中国特色社会主义思想为指引,认真贯彻落实社会主义核心价值观,充分发挥党支部战斗堡垒作用,积极推进教育教学改革,努力提高教育教学质量, 坚持“以人为本、面向全体、求实创新”的办学理念,以“办好人民满意的教育”为办学目标,以“提升学生综合素质,为学生终身发展着想”为办学思路。注重学生行为习惯的养成,致力于建设一支“求实、创新”的教师队伍,坚持教书育人、服务育人、环境育人、实践育人,坚持走科学化、规范化、精细化、特色化管理之路, 使我校成为泽库县、乃至黄南州具有特色的学校,最终将我校打造成一所高规模、现代化、数字化、标准化的学校。



编辑:扎西加
评论区
发表评论

评论仅供会员表达个人看法,并不表明网校同意其观点或证实其描述
中国现代教育网 教育部 不良信息
垃圾信息 网警110
郑重声明:本站全部内容均由本单位发布,本单位拥有全部运营和管理权,任何非本单位用户禁止注册。本站为教育公益服务站点,禁止将本站内容用于一切商业用途;如有任何内容侵权问题请务必联系本站站长,我们基于国家相关法律规定严格履行【通知—删除】义务。本单位一级域名因备案流程等原因,当前临时借用网校二级域名访问,使用此二级域名与本单位官网权属关系及运营管理权无关。泽库县西部民族中学 特此声明。
中华人民共和国电信经营许可证 ICP证 京ICP备13002626号-8 京公网安备11010502032087
联系地址:宁秀乡
联系电话:17397039994
北京网笑信息技术有限公司 仅提供技术支持 违法和不良信息举报中心