ཀ་བཤད་བློ་ལྡན་ཉན་སྐུལ།༼གཅོད་པ་ཐར། ༽
2023年06月06日 09:39:02 访问量:87次
作者:角巴太
གཅོད་པ་ཐར། (གཙན་ཚ།)
ཀ་ཡེ་གསོན་དང་སྙིང་གི་སློབ་གྲོགས་ཚོ།།
ཁ་ཁོག་མེད་པའི་གཏམ་ཞིག་ད་རེས་བཤད།།
ག་དུས་ཡིན་ཡང་རང་གི་རིག་གནས་ལ།།
ང་མིན་སེམས་ཀྱི་སྙིང་རུས་ཆེན་པོས་སྦྱོངས།།
ཅ་ཅོ་འུར་ཟིང་ཕྱོགས་ལ་མགོ་འཁོར་ཞིང་།།
ཆ་ལུགས་ཡ་མ་གཟུགས་ཀྱི་གཞུག་དེད་ནས།།
ཇ་ཁང་ཆང་ཁང་གང་བཟང་ཉུལ་བ་ལས།།
ཉ་མ་སློབ་ལ་བརྩོན་ན་ལོས་དགའ་ཨང་།།
ཏ་ཐ་ག་ཏའི་ཀློག་ཀྱང་མི་ཤེས་བར།།
ཐ་མལ་བྱ་སྤྱོད་རྒྱུད་ལ་ལེན་པ་ནི།།
ན་ཆུང་གསེར་དང་འདྲ་བའི་ལང་ཚོ་དེ།།
ད་དིར་ངང་ནས་ཟད་པ་ཨ་ཙ་མ།།
པ་ར་ར་ཡིས་ཉིན་རེ་དོན་མེད་འདའ།།
ཕ་ཕ་ཕི་ཕི་མི་འཐད་རྣམ་འགྱུར་སྟོན།།
བ་མོ་བོ་ལ་མི་ཚེ་ཟད་པ་ཡང་།།
མ་ཤེས་པ་ནི་ཤིན་ཏུ་ལས་ཀྱང་ཕངས།།
ཙ་ཡ་མིན་ཡང་ཤེས་བྱའི་གནས་ཀུན་ལ།།
ཚ་ཚ་འུར་འུར་ངང་ནས་སྦྱངས་གྱུར་ན།།
ཛ་ཡའི་གསུང་ལ་ནང་བྱན་མི་ཆུད་ཀྱང་།།
ཝ་མ་ཝོ་ལ་ལས་ཤིག་དྲང་ན་ཐང་།།
ཞ་དང་ཞོར་ལ་དེང་རབས་ཚན་རིག་དང་།།
ཟ་མ་གཡོ་བསྐོལ་ལ་སོགས་ཤེས་བྱ་ཡི།།
འ་ཅག་འཚོ་ཚིས་མ་མཐའི་ཁག་ཐེག་ལ།།
ཡ་ཡོ་མེད་པར་སྦྱངས་ན་མི་ལེགས་སམ།།
ར་ཡིག་གཉིས་པའི་བརྟུལ་ཞུགས་མི་བཟུང་ཡང་།།
ལ་ལུང་དུད་འགྲོ་ལྟ་བུར་མགོ་འཁྱམས་ལས།།
ཤ་ཚའི་གཏམ་ལ་ཉན་ཏེ་འབད་ངེས་ན།།
ས་གཞིའི་རྒྱན་དུ་འགྲོའོ་ཨ་མའི་བུ།།
ཧ་ལམ་དེ་འདྲ་ཡིན་ཡང་རང་གི་ངོར།།
ཨ་ཅང་བདེན་དུ་རེ་ནས་ངག་ལས་ཐལ།།
编辑:扎西加